བརྡ་སྤྲོད་པ་པཱ་ཎི་ནིའི་མདོ་བོད་ལ་འགྱུར་ཡོད་མེད་སྐོར་དཔྱད་པ།
ལར་བོད་རང་གི་ལུགས་སུ་སྒྲ་མདོ་ཆེན་མོ་བརྒྱད་དམ་བཅུར་གྲགས་པ་དག་ལས་ཆ་ཚང་བོད་དུ་མ་འགྱུར་ཡང་། བརྡ་སྤྲོད་པ་ཀུན་གྱི་ཕྱི་མོར་གྲགས་པ་སྒྲ་པ་ཎི་བ་དང་། ཀ་ཙན་དབྱངས་གསུམ་སོགས་སྒྲ་མདོ་ཆེན་མོ་བཞིའི་ལུགས་ཀྱི་འཆད་ཉན་ད་ལྟའང་མ་ནུབ་ཙམ་དུ་ཡོད་ཚུལ་ཡོངས་སུ་གྲགས་ཡོད།

