ནང་འཛུལ། / དེབ་སྐྱེལ།

ཡིག་མཛོད།

ཉེ་ཆར་གྱི་ཞིབ་འཇུག་རྩོམ་ཡིག

བོད་དུ་རྒྱུད་བླའི་འཆད་ཉན་གྱི་བྱུང་རབས་དང་དབུ་སེམས་གཉིས་ཀྱི་རིགས་བཞེད་ཚུལ་སྐོར་ལ་རགས་ཙམ་དཔྱད་པ།

དཔྱད་རྩོམ་འདིར་བོད་དུ་ཐོག་མར་རྒྱུད་བླའི་འཆད་ཉན་དར་སྤེལ་གནང་མཁན་སུ་ཡིན་མིན་དང་།   གཞུང་དེར་གསལ་བའི་བདེ་གཤེགས་སྙིང་པོའི་ལྟ་བ་རྗེས་འབྲང་སློབ་བརྒྱུད་རྣམས་ཀྱིས་ཇི་ལྟར་འགྲེལ་ཚུལ།   དབུ་མ་བ་དང་སེམས་ཙམ་པ་གཉིས་ཀྱིས་རང་བཞིན་གནས་རིགས་འདོད་ཚུལ་གྱི་ཁྱད་པར་དང་།  

རྗེ་མར་པ་དང་གཉོས་འབྱུང་པོའི་བར་གྱི་འགལ་འབྲེལ་ཆེ་བ།

 གཉོས་ལོ་ཙཱ་བ་རྗེ་མར་པའི་ལམ་གྲོགས་དང་འབྲེལ་བ་ཡོད་པའི་སྐོར་ནི་《མར་པའི་མགུར་ཆེན་》ནང་དུ་གསལ་བར་མ་ཟད། རྗེ་མར་པའི་རྣམ་ཐར་ཁག་ཏུ་འགལ་འབྲེལ་གྱི་བྱུང་རིམ་རྣམས་མཐར་ཆགས་སུ་བཀོད་ཡོད། དཔའ་བོ་གཙུག་ལག་ཕྲེང་བ་ ༡༥༠༤ ༡༥༦༦ ཡང་། རྩ་བའི་ཆ་ནས་གཉོས་ལོ་དང་མར་པའི་བར་དུ་བྱུང་བའི་ལོ་རྒྱུས་ཀྱི་སྒྲོམ་གཞི།

མངོན་པའི་ལུགས་ཀྱི་བར་སྲིད་ཀྱི་སྐོར་གླེང་བ།

སྐྱེ་འགྲོ་སྲོག་ཆགས་ཚང་མ་ཤི་བའི་རྗེས་སུ་མར་མེ་ནུབ་པ་བཞིན་དུ་རྣམ་ཤེས་རྒྱུན་ཆད་པ་ཡིན་ནམ། ཡང་ན་སྐྱེ་བ་གཞན་ཞིག་ལེན་པར་བྱེད། སྐྱེ་བ་གཞན་ཞིག་ལེན་ན་འཆི་བ་དང་སྐྱེ་བ་གཉིས་ཀྱི་བར་ལ་སྲིད་པ་གཞན་ཞིག་བརྒྱུད་དགོས་སམ། ཡང་ན་ཤི་བའི་དེ་མ་ཐག་ཏུ་སྐྱེ་བ་གཞན་ལེན་ནམ་སྙམ་པའི་དོགས་པ་ཞིག་ང་ཚོ་ནང་པའི་གྲུབ་མཐའ་སྨྲ་བའམ།

«རིགས་པ་ཡང་དག་པར་ངེས་པ་»ལ་བརྟེན་ནས་ཧྭ་ཤང་མ་ཧཱ་ཡན་གྱི་འདོད་པ་ངོ་མ་དེ་གང་ཡིན་འཚོལ་བ།

བོད་གངས་རིའི་ལྗོངས་སུ་ནང་པ་སངས་རྒྱས་པའི་བསྟན་པ་དར་ནས་ཡུན་རིང་མ་འགོར་བར་རྒྱ་གར་གྱི་སློབ་དཔོན་ཞི་བ་འཚོའི་སློབ་བརྒྱུད་འཛིན་མཁན་གྱི་ཕྱོགས་དང་རྒྱ་ནག་ནས་འོང་བའི་ཧྭ་ཤང་མ་ཧཱ་ཡན་①གྱི་ཕྱོགས་གཉིས་ཀྱི་བར་ལ་རྩོད་པ་ཆེན་པོ་ཞིག་བྱུང་ཞིང་། རྩོད་པ་དེ་ནི་རང་རེ་བོད་ཀྱིས་དེ་འདྲའི་ཕྱོགས་གཉིས་ལས་གང་ཞིག་གདམ་མིན་གྱི་རྩོད་པ་རེད

ཕྱི་དར་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་བསླངས་པའི་སྐོར་ལ་དཔྱད་པ་ཅུང་ཟད་ཙམ་བྱས་པ།

དེ་ལ་ཡང་། 1ཚིག་འགྲེལ། འདིར་གཙོ་བོ་མེ་རོ་བསླངས་ཞེས་པ་འདིར་གོ་དོན་དམིགས་བསལ་ཞིག་ཡོད་པ། དེ་སྔོན་དཔེ་སྐྲུན་ཁང་གི་ལས་བྱེད་པ་སོགས་མཁས་པའི་གོ་སར་བཞུགས་པ་རེ་གཉིས་ཀྱིས་གོ་བ་མ་ལོངས་པར་བསྟན་པའི་མེ་རོ་ཞེས་པ་མི་རོ[1]་ཞེས་བྲིས་པ་བཅས་དཀའ་རྙོག་ངེས་ཅན་བྱུང་ཡོད་ཚོད་འདུག །དོན་དངོས་ཐོག་མེ་རོ་ཞེས་པ་ནི།

རྡུལ་ཕྲན་སྐོར་གྱི་དཀའ་བའི་གནད་ལ་བརྟག་པ།

དཔྱད་རྩོམ་འདིར་བརྗོད་བྱའི་གཙོ་བོ་གསུམ་བཟུང་ཡོད་དེ། དེའང་མདོ་དང་སྦྱར་ནས་རྡུལ་ཕྲན་གྱི་རྣམ་གཞག་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་རྫས་རྡུལ་དང་བསགས་རྡུལ་གྱི་ཁྱད་པར་དང་། རྡུལ་ཕྲ་རབ་དབང་ཤེས་ཀྱི་ཡུལ་དུ་འགྱུར་མིན་སོགས་ལ་དཔྱད་པ་ཞིབ་མོ་བྱས་པའི་ཁུལ་ཡིན། གཞན་དུ་རྡུལ་ཕྲ་རབ་ལ་

བྱ་ཚིག་རྣམ་གཞག་གི་གཞུང་ལུགས་ཀྱི་འཕེལ་འགྱུར་ལ་བལྟ་བ།

བྱ་ཚིག་རྣམ་གཞག་གི་གཞུང་ལུགས་ཀྱི་འཕེལ་འགྱུར་ལ་བལྟ་བ། ཞེས་པའི་དཔྱད་རྩོམ་འདིའི་ནང་དུ། གཙོ་བོ་དུས་རབས་བཅུ་གསུམ་ནས་ཉི་ཤུ་བར་དུ། སུམ་རྟགས་གཉིས་གཙོ་བོར་གྱུར་པའི་སྔོན་གྱི་བརྡ་སྤྲོད་པའི་ཚད་ཐུབ་ཀྱི་གཞུང་ཁག་ཅིག་རྩ་བར་བཟུང་ནས། ཉེ་བའི་བརྡ་སྤྲོད་པའི་གཞུང་འགའ་རེ་ཁ་སྣོན་དང་ཟུར་རྒྱན་གྱི་ཚུལ་དུ་སྤྱད་དེ།

ཧི་མཱ་ལ་ཡའི་གཡས་གཡོན་དུ་ཡོ་ག་རྣལ་འབྱོར་གྱི་རིག་གཞུང་དར་ཚུལ་ལ་དཔྱད་པ།

སཾ་སྐྲྀ་ཏའི་སྐད་དུ་ཡོ་ག་དང་བོད་སྐད་དུ་རྣལ་འབྱོར་ཞེས་པའི་རིག་གཞུང་དེ་ཉིད་མན་ངག་ཉམས་ལེན་གྱི་སྐབས་སུ་རྩ་རླུང་འཁྲུལ་འཁོར་ཞེས་སུ་འབོད་ཅིང་། ལུས་རླུང་སེམས་གསུམ་སྦྱོང་ཐབས་ཀྱི་རིག་གཞུང་མ་ལག་ཆ་ཚང་བ་ཞིག་རི་བོ་ཧི་མཱ་ལ་ཡའི་ཕར་ཚུར་དུ་ཐོག་མར་ཇི་ལྟར་དར་བ་དང་། དེ་ནས་སྤྱི་ཚོགས་ཀྱི་དགོས་མཁོ་དང་དུས་རབས་ཀྱི་འགྲོས་དང་འགྲོགས་ནས་

སྲོལ་རྒྱུན་གཉེན་སྲོལ་ལས་ལྷ་འགྲོལ་དང་ལྷ་འདོགས་ཞེས་པའི་ཆོ་ག་གཉིས་ལ་དཔྱད་པ།

ད་ཀྱི་སྲོལ་རྒྱུན་གཉེན་སྲོལ་ཁྲོད་དུ་ལྷ་འགྲོལ་དང་ལྷ་འདོགས་ཞེས་པའི་ཆོ་ག་གཉིས་སྤེལ་རྒྱུ་ཡོད་དེ། ལྷ་འགྲོལ་ཞེས་པ་ནི་མག་གསར་དང་བག་གསར་ཉིད་ཕ་ཁྱིམ་གྱི་ཕུགས་ལྷ་དང་སྲུང་མ་སོགས་ལྷ་སྲུང་ཡོད་དོ་ཅོག་དང་འབྲེལ་ཐག་གཅོད་པའི་ཆོ་ག་ལ་སྨྲ་བ་དང་། ལྷ་འདོགས་ཞེས་པ་ནི་གནས་ཁྱིམ་གྱི་ཕུགས་ལྷ་དང་སྲུང་མ་སོགས་ལ་

ནང་པ་སངས་རྒྱས་པའི་བདག་མེད་ཀྱི་ལྟ་བ་དང་བདག་འགོག་པའི་རིགས་པར་དོགས་གཞི་བསླངས་བ།

རྒྱལ་བ་བཅོམ་ལྡན་འདས་ཀྱི་ཆོས་ཕུང་བརྒྱ་ཁྲི་བཞི་སྟོང་གི་དོན་གནད་གཅིག་ཏུ་དྲིལ་ན་བླང་དོར་གྱི་བསླབ་བྱ་གཉིས་སུ་འདུ་ཞིང་འཁོར་འདས་གཉིས་སུ་ཡང་བསྡུ་ཆོག དེས་ན། རྒྱལ་བའི་གསུང་རབ་དག་གི་བརྗོད་བྱའི་དོན་ཡོད་དོ་ཅོག་སྔོན་མཁས་པ་གཞན་དང་ཆོས་ལུགས་གཞན་གྱིས་གླེང་མ་མྱོང་བའི་བཤད་པ་གསར་བ་ཤ་སྟག་ཡིན་ནམ་ཞེ་ན། དེའང་མ་རེད།

གློ་བོའི་བྲག་ཕུག་དང་རྡོ་བརྐོས་ཀྱི་སྐོར་གླེང་བ།

གནའ་རྫས་རྟོག་ཞིབ་རིག་པ་ནི་སྤྱིར་འཛམ་གླིང་ཡོངས་ཀྱི་ལོ་རྒྱུས་དང་། བྱེ་བྲག་ཏུ་བོད་ཀྱི་ལོ་རྒྱུས་ལ་ཕན་ནུས་ཆེན་པོ་བྱུང་བ་བཞིན། བོད་དང་ས་འབྲེལ་ཧི་མཱ་ལ་ཡའི་རི་བརྒྱུད་དུའང་ཕྱི་རྒྱལ་བའི་མཁས་དབང་མང་པོས་གནའ་རྫས་མང་པོ་སྔོག་འདོན་བྱེད་སྐབས་གློ་བོའི་ཡུལ་དུ་གནའ་ཤུལ་སྔོག་འདོན་བྱས་པ་དང་གསར་རྙེད་གང་མང་བྱུང་ཡོད་ཅིང་།

དགེ་འདུན་ཆོས་འཕེལ་ནི་རལ་བ་མེད་པའི་སྔགས་པ་ཞིག་ཡིན་ནམ།

དགེ་འདུན་ཆོས་འཕེལ་ནི་དུས་རབས་ཉི་ཤུ་པའི་ནང་དུ་བྱོན་པའི་སྐྱེས་བུ་དག་ལས་དམིགས་བསལ་གྱི་གླེང་གཞི་ཅན་གྱི་མི་སྣ་ཞིག་ཡིན་ལ། ཁོང་ནི་ཤེས་རབ་ཀྱི་དཀྱེལ་ཆེ་ཞིང་། ཐོས་པའི་མཐའ་རྒྱ་ཆོད་པ། རྙིང་མ་པ་ཡིན་ལ་དགེ་ལུགས་པ་ཡིན་པ། གྲྭ་བ་ཡིན་ལ་མི་སྐྱའང་ཡིན་པ། སྤྲུལ་སྐུ་ཡིན་ལ་ཚུལ་འཆལ་ཡང་ཡིན་པ། གསང་མྱུལ་བ་ཡིན་ལ་རིགས་ཞེན་པའང་ཡིན་

བོད་དུ་ལེགས་སྦྱར་གྱི་སྒྲ་མདོ་ཐོག་མར་འགྱུར་ཚུལ་ལ་དཔྱད་པ།

དེ་ཡང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་(༡༤༠༥-༡༤༧༧)གྱི་རིག་གནས་ཀུན་ཤེས་ལས། ཐ་སྙད་རིག་པའི་གནས་ལྔར་གྲགས་པ་རྣམས། །ཆོས་རྗེ་ས་པཎ་ཡན་ལ་མ་དར་ཞིང། །ཐར་ལོ་ཡན་ལ་སྒྲ་མདོ་འགྱུར་བ་མེད། །[1]ཅེས་གསུངས་པ་འདི་ཉིད་བོད་དུ་ཐ་སྙད་རིག་གནས་དར་ཚུལ་འཆད་སྐབས་ཡོངས་ཁྱབ་ཏུ་འདྲེན་རྒྱུའི་ལུང་ལྟ་བུ་ཞིག་ཏུ་ཆགས་ཡོད་མོད།

མཆན་བུ་གསར་ཤོས།

error: Content is protected !!