རྨ་ཀླུང་ལྷ་མོ་སྐྱབས།
གནའ་རྫས་རྟོག་ཞིབ་ཀྱི་ལམ་ནས་མདོ་སྨད་ས་ཁུལ་གྱི་ལི་ཆས་དུས་སྐབས་སུ་གཏོགས་པའི་གདོད་མའི་རིག་གནས་ལ་ལྟ་བ།
དཔྱད་རྩོམ་འདིའི་ནང་དུ་རྨ་ཆུའི་ཉིན་སྲིབ་ཏུ་ཆགས་པའི་མདོ་སྨད་ས་ཁུལ་དུ་གདོད་མའི་ལི་ཆས་རིག་གནས་སུ་གཏོགས་པའི་གནའ་ཤུལ་སྔོག་འདོན་བྱས་པ་ཅི་རིགས་གཙོ་བོར་བཟུང་སྟེ། གནའ་ཤུལ་དེ་དག་ལས་ལག་སོན་བྱུང་བའི་གདོད་མའི་རིག་དངོས་རྣམས་དང་འབྲེལ་བའི་རྒྱལ་སྤྱིའི་དུས་དེབ་ཁག་ཏུ་ཆེད་མཁས་པ་རྣམས་ཀྱིས་
བོད་ཀྱི་རྡོ་ཆས་གསར་མའི་གནའ་ཤུལ་གྲགས་ཅན་ཆབ་མདོ་མཁར་རོའི་སྐོར་གླེང་བ།
སྤྱིར་བོད་མདོ་དབུས་མཐོ་སྒང་དུ་གནའ་རྫས་རྟོག་ཞིབ་རིག་པ་བྱུང་ནས་བཟུང་བོད་སྐད་ཡིག་ཏུ་དེའི་སྐོར་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཧ་ཅང་ཉུང་བ་དང་། ད་དུང་བོད་ཀྱི་མཁས་པ་རྣམས་ཀྱིས་གནའ་རྫས་རྟོག་ཞིབ་ལ་དོ་སྣང་དང་རྒྱུས་ལོན་བྱས་པའི་ཚད་ཧ་ཅང་དམའ་བར་སྙམ། དེ་ལས་ཀྱང་བྱེས་ཀྱི་་ཤེས་ཡོན་པའི་སྡེ་རུ་བོད་ཀྱི་གནའ་རྫས་རྟོག་ཞིབ་སྐོར་ལ་ཞིབ་འཇུག་དཔྱད་རྩོམ་སྤེལ་པའང་ཤིན་ཏུ་དཀོན།


