འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་རིན་པོ་ཆེ།

2 རྩོམ་ཡིག 0 མཆན།

ཞང་ཞུང་དང་འབྲེལ་བའི་ཁུ་ནུའི་སྐད་རིགས།

དེ་ལ་འདིར་ཐོག་མར་ཞང་ཞུང་དང་ཁུ་ནུའི་བར་གྱི་འབྲེལ་བ་ལ་དཔྱད་ཞིབ་བྱ་དགོས་པའི་རྒྱུད་རིམ་གླེང་ན་འདི་ལྟར་ཏེ།  བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་གླེང་ཕྱོགས་དེ་བོན་བན་གྲུབ་མཐའི་རྐྱེན་པས་ཁ་ཕྱོགས་མི་འདྲ་བ་གཉིས་སུ་གྱེས་ཡོད།  དེ་གཉིས་ལས་བན་དེའི་ཆོས་འབྱུང་དང་འབྲེལ་བའི་རྒྱལ་རབས་ཕལ་མོ་ཆེར་སྲོང་བཙན་སྔོན་གྱི་ལོ་རྒྱུས་རྣམས་བོ༷ན་སྒྲུ༷ང་ལྡེ༷འུ་ཞེས་པའི་ཚིག་འབྲུ་གསུམ་གྱིས་གོ་ཆོད་པར་བྱས་ཤིང་།

བོད་མིའི་བྱུང་རབས་ལོ་ངོ་སུམ་སྟོང་ལས་མི་སྔ་བར་ཅལ་སྒྲོག་བྱུང་བའི་ར་སྤྲོད།

བོད་ཡུལ་འདིར་མིའི་འགྲོ་བ་དང་པོ་བྱུང་ནས་ད་ལྟའི་བར་ལོ་དུས་ཇི་ཙམ་སོང་མིན་སྐོར་སྤྱི་ཡོངས་ནས་བཞེད་ཚུལ་མི་འདྲ་བ་གཉིས་སུ་གྱེས་པར་སྣང༌། དེ་ཡང་མི་ལོ་ཁྲི་ཕྲག་དུ་མའི་ལོ་རྒྱུས་ཡོད་པར་སྨྲ་བའི་ལུགས་གཅིག་དང༌། ལོ་ངོ་སུམ་སྟོང་ཙམ་གྱི་ཡས་མས་སུ་གཞི་ནས་སྤྲེལ་མཇུག་བུད་དེ་མིར་གྱུར་པ་སོགས་སུ་འདོད་པའི་སྲོལ་གཉིས་སུ་མཆིས། བཞེད་ཚུལ་སྔ་མ་ནི་

Alert! You can not copy the content of this page.