ཁེ་ཉུ་ལེ་སི་ཧྲུ་དང་ཇོན་སེན་ཏུ་ཡིས་བརྩམས། པད་མ་དོན་གྲུབ་ཀྱིས་བསྒྱུར།
ལ་དྭགས་གླེ་ཆེན་དཔལ་མཁར་ཕོ་བྲང་། མྱུར་སྐྱོབ་བྱེད་འོས་པའི་ཧི་མ་ལའི་གནའ་བོའི་དཔེ་མཚོན་བཟོ་སྐྲུན།
ལོ་རྒྱུས་ཀྱི་སེང་རས་སུ་ཐིམ་པའི་གནའ་བོའི་མཁར་རྙིང་སྟེ་ལ་དྭགས་རྒྱལ་རབས་ཀྱི་རྒྱལ་ས་གླེ་ཆེན་དཔལ་མཁར་ཕོ་བྲང་ནི། དུས་རབས་བཅུ་བདུན་པར་ལ་དྭགས་ཀྱི་ཡུལ་ཁམས་སྤྱི་ལ་མངའ་མཛད་པའི་རྒྱལ་པོ་སེངྒེ་རྣམ་རྒྱལ་གྱི་སྐུ་རིང་དུ་བཞེངས་ཤིང་། ཕོ་བྲང་འདི་ནི་ཕྱི་ལོ་ 1645 ནས་ཕྱི་ལོ་ 1695 ལོའི་བར། ༸རྒྱལ་དབང་ལྔ་པ་ཆེན་པོས་གསར་བཞེངས་གནང་བའི་