མང་དགེ་བསོད་ནམས་འབྱུང་གནས།
དབུ་མ་འཇུག་པའི་མཚན་དོན་ལས་འཕྲོས་པའི་ཟབ་རྒྱས་གཉིས་ཀྱི་ལམ་རིམ་སྐོར་མདོ་ཙམ་བཤད་པ།
ཐོག་མར་དབུ་མ་ལ་འཇུག་པའི་མཚན་དོན་གྱི་སྐོར་གླེང་ལ། རྒྱ་གར་འཕགས་པའི་ཡུལ་དུ་བསྟན་བཅོས་འདིའི་མཚན་ལ་མ་མདྷྱ་མ་ཀ་ཞེས་ཞུ་ཞིང་། དེ་ཉིད་བོད་གངས་ཅན་གྱི་སྐད་དུ་བསྒྱུར་ཚེ་དབུ་མ་ལ་འཇུག་པ་ཞེས་གསུངས། མདྷྱ་མ་ཀ་ཞེས་པ་ནི་མཐའ་གཉིས་སྤངས་པའི་དབུ་མའི་དོན་ཡིན་ཡང་། སྐད་ཀྱི་བྱིངས་ལས་ཉེ་བར་བརྩམས་ཚེ་
རྩ་འགྲེལ་འཇུག་པ་གཅིག་གིས་བརྩམས་མིན་ལ་ཐོག་མར་དཔྱད་པ།
བོད་གངས་ཅན་གྱི་ལྗོངས་སུ་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པའི་ལོ་རྒྱུས་ཀྱི་རྒྱུན་ལ་བརྟག་ཚེ། ཤིན་ཏུ་རིང་མོ་རིང་མོ་ཞིག་མིན་ལ་ཧ་ཅང་ཐུང་བའི་དུས་ཚོད་ཅིག་ཀྱང་མིན་པར་གང་འཚམས་ཀྱིས་རིང་ཐུང་ཆ་སྙོམས་ལ། དར་རྒུད་ཀྱི་ཁུགས་སོ་རེ་གཉིས་ཀྱང་བརྒྱུད་མྱོང་བ་ཞིག་རེད།


