གླེང་གཞི།
རྩོམ་འདིར་གཙོ་བོར་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི་ལེའུ་བཅུ་བ། ཆོས་རྒྱལ་མྱ་ངན་མེད་ཀྱི་ཡི་གེ་ན་ག་རེའི་[གིར་ནཱར་གྱི་]བྲག་ངོས་ལ་བརྐོས་པ་ཞེས་པ་དེ་ཉིད་ལ་མཆན་བུ་དང་བཅས་ཏེ། ཁོང་གིས་དཀའ་ཚེགས་ཆེན་པོ་དང་བཅས་ཏེ་བཀོད་པར་གསུངས་པའི་བྲག་བརྐོས་དེའི་བོད་འགྱུར་ལ་སྣོན་མའི་ཚུལ་དུ་བྲག་བརྐོས་ཡི་གེ་དེ་དག་དང་དེ་དང་འབྲེལ་བའི་གནས་ཚུལ། དེ་བཞིན་བྲག་བརྐོས་ཡི་གེ་དེ་དག་དཀྱུས་སུ་བཀོད་དེ། སྤྱིར་མཁས་དབང་གང་ཉིད་ལ་དྲིན་གཟོའི་ཚུལ་དུ་དང་། དམིགས་ཀྱིས་དེང་གི་ཀློག་མཁན་རྣམས་དང་དོན་གཉེར་ཅན་དག་གི་མིག་གི་དགའ་སྟོན་སླད་དུ་ཞིབ་ཏུ་བསྟར་བར་འདོད་དོ། །
གཞུང་ལ་མ་ཞུགས་སྔོན། ཨ་ཤོ་ཀའི་བྲག་བརྐོས་དང་རྡོ་རིང་སོགས་ཀྱི་ཡི་གེ་དང་འབྲེལ་ཏེ། རྒྱལ་བོ་ཨ་ཤོ་ཀ་ཁོང་ཉིད་དང་ཁོང་གི་རྒྱལ་སྲིད་བཞེས་སྐབས་ཀྱི་ཡིག་རིགས་གྲགས་ཅན་བྲཱཧྨཱི་ཚངས་པའི་ཡི་གེ་དང་། ཁརོཥྛཱི་ཡིག་རིགས་གཉིས་ཀྱི་སྐོར་རགས་ཙམ་བཤད་འདོད་དོ། །
དེ་ཡང་ཆོས་རྒྱལ་མྱ་ངན་མེད་(ང༣༠༤~༢༣༢)ནི་དུས་ནམ་ཞིག་བྱོན་མིན་ལོ་རྒྱུས་ཁག་ཏུ་མི་གསལ་ཡང་། ཁོང་གི་བརྐོས་ཡིག་དེ་དག་ལས་ཁོང་དང་དུས་མཉམ་པའི་མཐའ་འཁོར་གྱི་རྒྱལ་བོ་དུ་མའི་སྐོར་འཁོད་པ་དཔེར་ན། ཡོ་ན་རཱ་ཛ་ཨནྟི་ཡོ་ཀ (ང༢༦༡-༢༤༦)(Antiochu II – Theos of Syria) དང་། ཏོ་ར་མ་ན་(ང༢༨༥-༢༡༧) (Ptolemy II – Philadelphos of Egypt) དང་། ཨནྟེ་ཀི་ན་(ང༢༧༧-༢༣༩) (Antigonus Gonnats of Macedonia) དང་། མ་ག་(ང༢༨༢-༢༥༨)(Magas of Kyrene in North Africa) དང་། སི་ཀནྡར་(ང༢༧༢-༢༤༢) (Alexander II of Epirus)སོགས་ཀྱི་མཚན་ཐོན་པ་བརྟེན་ནས། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཁོང་ནི་སྤྱི་ལོ་སྔོན་གྱི་དུས་རབས་བཞི་བའི་མཇུག་ནས་དུས་རབས་གསུམ་པའི་སྟོད་དུ་བྱོན་པར་བཞེད་[1]པ་ཡིན་ནོ། །
དེ་ཡང་ཚངས་པའི་ཡི་གེར་གྲགས་པ་འདི་དུས་རབས་བཅུ་བཞི་བའི་ནང་སྐྱེས་པའི་ཕི༹་རོ་ཟ༹་ཤཱ་ཏུག་ལག་(༡༣༥༡-༡༣༨༨)གིས་ཀློག་ཐབས་བྱས་མྱོང་སྟེ། སྤྱི་ལོ་༡༣༥༦ལོར། ཁོས་ཏོ་པྲ་དང་མཱི་རུ་ཏ་ནས་ཨ་ཤོ་ཀའི་རྡོ་རིང་གཉིས་ལྡི་ལིར་དབོར་འོངས་ཤིང་། ལེགས་སྦྱར་ལ་མཁས་པའི་པཎྜི་ཏ་དུ་མ་བཀུག་སྟེ་ཀློག་ཏུ་བཅུག་ནའང་། སུས་ཀྱང་མ་ཁྲོལ། དེ་ནས་བརྒྱ་ཕྲག་གཉིས་ཙམ་གྱི་རྗེས་རྒྱལ་དབང་ལྔ་བ་ཆེན་པོ་དང་ཡང་རགས་ཙམ་དུས་མཉམ་པའི་རྒྱ་གར་གྱི་མོ་གྷལ་བཙན་རྒྱལ་ཨག་བྷར་(༡༥༥༦-༡༦༠༥)གྱིས་ཀྱང་མཚར་སྣང་དང་བཅས་ཏེ་དེའི་སྟེང་གི་ཡི་གེ་བཀླགས་ཆེད་བཀོད་པ་འདྲ་མིན་འཐེན་ཡང་བཀླག་ནུས་པར་མ་གྱུར་རོ། །
དེ་ཡང་ཚན་རིག་རང་བཞིན་ལྡན་པའི་ཞིབ་འཇུག་ནི། བྷང་གལ་གྱི་ཨེ་ཤི་ཡའི་སྤྱི་ཚོགས་ཚན་རིག་ཁང་བྱ་བ་སྤྱི་ལོ་༡༧༨༤ལོར་སཱར་བི་ལིན་འཇོན་སིས་བཙུགས་པ་ནས་བཟུང་གཞི་ནས་དབུ་བརྩམས། ཐོག་དང་བོར་ཆར་ལིས་བིལ་ཁིན་མཆོག་གིས་བྷང་གལ་ཡུལ་གྱི་ལྡི་ན་ཇ་པཱུར་ཟེར་བའི་ས་གནས་སུ་རྙེད་པའི་རྒྱལ་བོ་ནཱ་རཱ་ཡ་ཎ་པཱ་ལའི་(༨༥༤-༩༠༨)བྷ་དལ་རྡོ་རིང་གི་ཡི་གེ་བཀླགས་ཤིང་། ཡང་ལོ་དེ་རང་ལ་པཎྜི་ཏ་ར་དྷ་ཀནྟ་ཤརྨས་རྣམ་གནོན་ལོ་༡༢༢༠(སྤྱི་ལོ་༡༡༦༨)ལ་ལྡི་ལིའི་ཏོ་པྲའི་ཨ་ཤོ་ཀའི་རྡོ་རིང་ངོར་བརྐོས་པར་གསལ་བ། ཡུལ་ཅཱ་ཧ་མཱ་ནའི་རྒྱལ་བོ་བཱི་ཤ་ལ་དེ་བའི་སྐབས་ཀྱི་ཡིག་རྙིང་གསུམ་བཀླགས་ནུས་པར་གྱུར་ལ། དེ་ནས་ཅང་མ་འགོར་བར་ཧ་རིན་ཏོན་ལགས་ཀྱིས་ན་ག་རྗུ་ན་དང་བྷ་རཱ་བྷར་གྱི་བརྐོས་ཡིག་མཽ་ཁ་རཱིའི་རྒྱལ་བོ་ཨནནྟ་བརྨའི་སྐབས་སུ་བརྐོས་པ་དེ་རྙེད་སོན་བྱུང་ནའང་། ཡིག་རིགས་དེ་གོང་གི་པཱ་ལ་དང་ཅཱ་ཧ་མཱ་ནའི་སྐབས་ཀྱི་ཡི་གེ་ལས་རྙིང་ཤས་ཆེ་བར་ཡོད་པས་ཁོས་བཀླག་མ་ནུས། དེ་ལྟ་ནའང་། ཆར་ལིས་བིལ་ཁིན་ལགས་ཀྱིས་ལོ་ངོ་བཞི་ལྷག་ལ་དཀའ་སྤྱད་འབད་རྩོལ་བྱས་ཏེ་སྤྱི་ལོ་༡༧༨༩ལོར་གཟོད་ཡིག་རིགས་དེ་ཀློག་ནུས་པར་གྱུར་ལ། ཉམས་མྱོང་དེ་དག་ལ་བརྟེན་ནས་ཁོང་གིས་གུཔྟའི་ཡི་གེ་ཕྱེད་ཀ་ཙམ་ཁྲོལ་བར་གྱུར་རོ། ། སྤྱི་ལོ་༡༨༣༤ལོར། དམག་སྤྱི་ཁྲོ་ཡེར་ལགས་ཀྱིས་ཨ་ལླ་ཧ་བྷ་དའི་རྡོ་རིང་གི་ངོར་བརྐོས་པའི་སྐནྡ་གུཔྟ་སྐེམ་བྱེད་སྦས་པའི་སྐབས་ཀྱི་ཡི་གེའི་ཟུར་འགའ་རེ་ཀློག་ཤེས་ཀྱང་ཆ་ཚང་ཀློག་མ་ནུས། དེ་ནས་མཁས་པ་མཱིལ་ལགས་ཀྱིས་སྤྱི་ལོ་༡༨༣༧ལོར་སྐེམ་བྱེད་སྦས་པའི་བྷི་ཏ་རིའི་རྡོ་རིང་གི་ཡི་གེ་ཡོངས་རྫོགས་ཀློག་ཐུབ་པར་གྱུར།
དེ་ནས་མཐའ་མར་བྲཱཧྨཱི་ཡི་གེ་ཡོངས་རྫོགས་བདེ་བླག་ཏུ་ཀློག་ནུས་མཁན་ནི་འཇེམ་སི་ཕྲིན་སེབ་(༡༧༩༩-༡༨༤༠)མཆོག་ཡིན་ལ། ཁོང་གིས་ལྡི་ལི་དང་། ཀ་ཧཽམ། སཱཉྕི། ཨ་མ་ར་བ་ཏི། གིར་ནཱར་སོགས་ཀྱི་བརྐོས་ཡིག་སོགས་ལེགས་པར་བཀླགས་ཏེ་གུཔྟའི་སྐབས་ཀྱི་ཡི་གེ་ཆ་ཚང་ཡོངས་སུ་རྫོགས་པར་ཁྲོལ་བར་གྱུར་བ་ཡིན་ལ། ཁོང་གི་སྔོན་དུ་ལ་སེན་མཆོག་ནས་སྤྱི་ལོ་༡༨༣༦ལོར་གྷི་ཧིན་རྒྱལ་བོ་ཨ་གྷ་ཐོ་ཁོལ་མཆོག་གི་ཊམ་ཀའི་སྟེང་གི་གྷི་རིག་དང་ཚངས་པའི་ཡི་གེ་གཉིས་ཀྱི་སྐད་གཉིས་ཤན་སྦྱར་དཔྱད་དེ་ཚངས་པའི་ཡི་གེ་འགའ་ཞིག་ཀློག་ཐུབ་པར་གྱུར་ནའང་། ཚངས་པའི་ཡི་གེ་ཆ་ཚང་བདེ་བླག་ཏུ་ཀློག་ཐུབ་པར་གྱུར་མཁན་ནི་དབྱིན་ཇིའི་མཁས་པ་འཇེམ་སི་ཉིད་ཡིན་ནོ། ། ཁོང་གིས་སྤྱི་ལོ་༡༨༣༧ལོར་གཙོ་བོར་ཆོས་རྒྱལ་མྱ་ངན་མེད་པའི་སྐབས་ཀྱི་རྡོ་རིང་གི་ཡི་གེ་དག་དང་། ཁྱད་པར་དུ་ཁོང་གིས་སཱཉྕི་ཡུལ་དུ་ཡིག་རྙིང་ཁག་འདྲ་བཤུ་བྱེད་པའི་ཚེ། དེ་ཚང་མའི་མཐར་ཡིག་འབྲུ་འདྲ་བོ་གཉིས་ཡང་དང་བསྐྱར་དུ་བྲིས་འདུག་པར་ཐུགས་སྣང་བྱུང་། རྗེས་ལ་ཡི་གེ་དེ་གཉིས་དཱ་ནཾ་ཞེས་པ་ཡིན་པ་རྟོགས་ཤིང་། བྲཱཧྨཱི་ཡི་གེ་ད་དང་ན་གཉིས་སྔོན་ནས་ཁྲོལ་ཡོད་པས། ཡི་གེ་དེ་གཉིས་ཀྱི་སྔོན་དུ་གང་འབྱུང་བ་དེ་ལ་རྣམ་དབྱེ་དྲུག་པའི་རྐྱེན་ས་[སྶ]སྦྱར་བ་རྟོགས་ནས་སྦྱིན་བདག་གི་མཚན་ཡིན་པར་དཔག་ཅིང་། རིགས་པ་སྤྱད་དེ་ལྡི་ལི་དང་ལཽ་རི་ཡ་སོགས་སུ་ཡོད་པའི་ཨ་ཤོ་ཀའི་ཡི་གེ་བཀླགས་ཤིང་། དེ་དག་ཏུ་དེ་བ་ནཱཾ་པི་ཡ་པི་ཡ་ད་སི་(ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ)ཡང་དང་ཡང་དུ་འབྱུང་བ་དེ་ཉིད་ཆོས་རྒྱལ་མྱ་ངན་མེད་རང་ཉིད་ཀྱིས་རང་ཉིད་འབོད་སྲོལ་ཞིག་ཡིན་པ་རྟོགས་ཤིང་། རྒྱ་གར་འཕགས་པའི་ནུབ་བྱང་ཕྱོགས་སུ་རྙེད་པའི་གྷི་རིག་གི་རྒྱལ་བོ་དག་[2]གི་ཊམ་ཀ་དག་ཏུ་གྷི་རིག་དང་ཚངས་པའི་ཡི་གེ་སོགས་ཤན་སྦྱར་དུ་བཀོད་པ་དག་ལ་བློ་གྲོས་ཞིབ་མོས་ལེགས་པར་བརྟག་ཅིང་དཔྱད་པ་དང་། སྦས་པའི་སྐབས་ཀྱི་བྲཱཧྨཱི་ཡིག་གཟུགས་ལས་དཔེ་ལེན་པ་སོགས་བྱས་ཏེ་དེ་ལྟར་རིམ་གྱིས་ཡིག་ཕྲེང་ཧ་ཅང་མང་ལ་གལ་གནད་ཤིན་ཏུ་ཆེ་བའི་གིར་ནཱར་གྱི་ཨ་ཤོ་ཀའི་བྲག་བརྐོས་ཡི་གེ་ཡང་བསྒྱུར་ནུས་པ་སོགས་པ་བྱུང་ཞིང་། དེང་སང་བདག་ཅག་གིས་བྲཱཧྨཱི་ཡི་གེ་ཀློག་ཐུབ་ཅིང་དོན་གོ་བ་ནི་མཁས་པ་འཇེམ་སི་ཕྲིན་སེབ་མཆོག་གི་རྣམ་དཔྱོད་ལ་བརྟེན་པ་ཡིན་པས། ཁོང་གི་མཛད་རྗེས་ནི་ཅི་བས་ཀྱང་ཆེ་བ་ཡིན་ནོ། །
དེ་ནས་བཟུང་མཁས་པ་མང་བོས་ཡིག་རིགས་འདི་ཉིད་དུ་བྲིས་ཡོད་པའི་རྡོ་རིང་གི་ཡི་གེ་དང་། བྲག་བརྐོས་ཡི་གེ དེ་བཞིན་སྐུ་འདྲ་དང་ཊམ་ཀ་དག་ཏུ་ཡོད་པ་ཁག་ལ་ཞིབ་འཇུག་དང་། དཔྱད་གླེང་བྱས་ཏེ། སྐབས་དེའི་ལོ་རྒྱུས་དང་སྤྱི་ཚོགས། སྐད་ཡིག་སོགས་ཀྱི་ཚུལ་ལུགས་དཔྱོད་པར་ཕན་ཐོགས་བླ་ལྷག་ཏུ་བྱུང་བ་སྨོས་མ་དགོས་ཤིང་། དགེ་ཆོས་མཆོག་གིས་(གསེར་ཐང་། ༢༤༡-༤༢) “རྒྱལ་བོ་འདིས་ཆོས་ཀྱི་ཡི་གེ་རྒྱ་གར་གྱི་ཡུལ་གྲུ་དུ་མར་མཆིས་པ་ལས། ཕྱོགས་གཅིག་ཏུ་བྲིས་པ་ལ་འདི་ཉིད་མང་ཤོས་ཡིན་ཞིང་། དོན་འགངས་ཆེན་དུ་མ་ཡང་འདུས། ཆོས་ཀྱི་རྒྱལ་བོ་འདིའི་བཀའ་དྲིན་དྲན་པར་བྱ་བའི་སླད་དུ། མཁས་པ་དུ་མ་ལ་འདྲི་རྟོགས་ཀྱིས་དཀའ་ཚེགས་ཆེན་པོ་དང་བཅས་དགེ་འདུན་ཆོས་འཕེལ་གྱིས་བྲིས་པ་ལགས་”ཞེས་གསུངས་པ་ལྟར། ཆོས་རྒྱལ་མྱ་ངན་མེད་ཀྱི་བཀའ་དྲིན་དྲན་པའི་སླད་དུ་བྲག་བརྐོས་ཡི་གེ་འདི་ཁོང་གིས་མཁས་པ་དུ་མ་ལ་བཀའ་འདྲི་སོགས་དགའ་ཚེགས་ཆེན་པོས་བྲིས་ཚུལ་གསལ་བ་ལྟར། ཡིག་རིགས་འདི་དག་ལ་ཞིབ་འཇུག་བྱེད་པར་སྔོན་གྱི་མཁས་དབང་རྣམ་དཔྱོད་ཅན། དཔེར་ན། མེསྶ་བྷུར་གྷེས་དང་ཕུ་གྭར། འཇམ་སི་དང་། ཁ་ནིན་ཧམ། སེ་ནཱ། བྷ་ཡུ་ལར། ཧྭེ་ཆ། ཕ༹ླི་ཋ། ཐོམ་མ་སི། ཁརྣ། ལ་སེན། བེ་ནི་སི། བྷུལ་ནར་སོགས་དང་། རྒྱ་གར་མཁས་པ་རཱ་མཱ་བ་ཏཱ་ར་ཤརྨཱ་དང་། བྷཱཎྜཱར་ཀར། རཱདྷཱ་ཀུ་མུད་མུ་ཁརྗི། ཇ་ནཱརྡན་བྷཊྚ་སོགས་ཀྱི་ཞིབ་འཇུག་གི་གྲུབ་འབྲས་ལ་གུས་བརྩི་དང་གདེང་འཇོག་བྱེད་པ་ཚུལ་མཐུན་གྱི་ཚུལ་ལུགས་སུ་འདོད་ཅིང་། དེ་ཡང་མཁས་དབང་དགེ་ཆོས་མཆོག་གིས་མཁས་དབང་དུ་མ་ལ་འདྲི་རྟོག་གནང་ཚུལ་ཙམ་ལས་མཁས་པ་སུ་དང་སུ་ཡིན་མི་གསལ་བས། དཔྱད་གཞིའི་གནས་སུ་གྱུར་ནའང་། སྤྱིར་ཁ་ནིན་ཧམ་དང་ཧྭེ་ཆ་གཉིས་ཀྱིས་ཆོས་རྒྱལ་མྱ་ངན་མེད་སྐབས་ཀྱི་ཡི་གེ་དག་ལ་ཞིབ་འཇུག་མཐིལ་ཕྱིན་གནང་བའི་དཔྱད་དེབ་གཉིས་རིམ་པ་བཞིན་སྤྱི་ལོ་༡༨༩༩ལོ་དང་༡༩༢༥ལོར་དཔར་འདུག་པ། དགེ་ཆོས་མཆོག་གིས་མཇལ་ཡོད་ཀྱང་སྲིད། ཡང་ན་ནི་ར་ཧུ་ལ་དང་རོལ་རིག་སོགས་གང་རུང་ཞིག་ལ་འདྲི་རྨེད་གནང་བ་ཡིན་མཆི།
དེ་ཡང་གོང་ཞུས་མཁས་པ་དེ་དག་ལས་ཁ་ནིན་ཧམ་(༡༨༩༩)དང་ཧྭེ་ཆ་(༡༩༢༥)གཉིས་ཀྱི་ཡིག་རིགས་འདི་དང་འབྲེལ་བའི་དེབ་རྒན་གཉིས་ཀ་སྔོན་མ་ནས་མཇལ་མྱོང་ལ། དེ་དུས་ནས་དགེ་ཆོས་ཀྱི་གསེར་ཐང་གི་བྲག་བརྐོས་ཡི་གེའི་མ་ཡིག་འདི་མཐོང་ནས་མ་ཡིག་རང་དང་བསྟུན་ནས་ཅུང་ཙམ་ཁ་གསལ་བར་བྱས་ན། གསེར་ཐང་གི་འཕྲིན་ལས་ལའང་ཕན་པ་དང་སྐོམ་པ་དག་གི་མཁོ་ཡང་སོད་པར་འགྱུར་རོ་སྙམ་པ་ཞིག་སྔོན་མ་ནས་ཡོད་ཀྱང་། དུས་དང་ལས་བྲེལ་གྱིས་ད་བར་ནར་འགྱངས་སུ་སོང་ངོ་།། བར་སྐབས་རང་གི་ཞིབ་འཇུག་གི་ཁ་ཕྱོགས་སྔ་མོའི་ཡིག་རིགས་དག་དང་འབྲེལ་བ་དང་གཅིག གཉིས་ནས་ཉེ་བའི་ཆར་རང་ཉིད་དངོས་སུ་གསེར་ཐང་གི་ལེའུ་དེར་(དགེ་ཆོས། ༢༤༢) “ག་ཡ་དང་ཉེ་བའི་བརབྷར་ཞེས་བྱ་བའི་རི་”ཞེས་མགོ་ཙམ་སྨོས་པའི་བྷ་རཱ་བྷ་རའི་ཕུག་པར་དངོས་སུ་བསྐྱོད་དེ་ཞིབ་ལྟ་བྱེད་སྐལ་བྱུང་ཞིང་། འདི་དང་འབྲེལ་བའི་ཡིག་ཆ་ལག་ལ་གང་འཚམས་སྣ་འཛོམས་པོ་བྱུང་བ་སོགས་ཞར་གྱི་རྐྱེན་ལ་བརྟེན། གསེར་ཐང་གི་ལེའུ་བཅུ་བའི་ཞབས་བཏགས་མ་འདི་འབྲི་བའི་ལས་སུ་ཞུགས་སོ། །
བྲཱཧྨཱི་དང་ཁརོཥྛཱི་ཡི་གེ་སྤྱིར་བཤད་པ།
བྲཱཧྨཱི་དང་ཁརོཥྛཱི་གཉིས་ཀ་འཕགས་པ་རྒྱ་ཆེར་རོལ་བའི་མདོར་(སྤྱི་ལོ་༢༠༠~༣༠༠)ཡིག་རིགས་དྲུག་ཅུ་རྩ་བཞི་འབྱུང་བ་དག་ལས་མགོ་མ་གཉིས་ཡིན་ལ། སྤྱི་ལོ་སྔོན་གྱི་ལོ་ངོ་༣༠༠༠གོང་དུ་བྱུང་བར་གྲག་པའི་ཆུ་མོ་སིནྡྷུའི་རྒྱུད་ཀྱི་ཡི་གེ་(ཧ་ར་པན་གྱི་ཡི་གེ)འདྲ་བ་དེ་དག་ད་སྔ་ཡི་གེ་ཡིན་ཐག་ཆོད་མེད་པས་(ཞིབ་འཇུག་པ་འགས་དེ་ཡི་གེ་མིན་ཐག་བཅད་ཡོད་)ཟུར་དུ་བཞག་ནས་བཤད་ན། བྲཱཧྨཱི་དང་ཁརོཥྛཱི་གཉིས་ནི་རྒྱ་གར་ཡིག་རིགས་ཆེས་རྙིང་ཤོས་གཉིས་ཆགས་ཡོད་པ་ཡིན། ལར་ཆོས་རྒྱལ་མྱ་ངན་མེད་དུས་སྐབས་ཀྱི་ཡི་གེ་རྙེད་པ་དག་ལ་སྤྱིར་ཡིག་རིགས་བྲཱཧྨཱི་དང་ཁརོཥྛཱི་དང་གྷི་རིག་དང་ཨ་ར་མེའི་ཡིག་རིགས་བཞི་ག་འབྱུང་ཡང་། དེའི་ནང་གི་མང་ཤོས་བྲཱཧྨཱི་ཡི་གེ་ཆགས་ཡོད་པས། བྲཱཧྨཱི་འདི་ཉིད་ཆོས་རྒྱལ་མྱ་ངན་མེད་ཀྱི་གཞུང་སྤྱོད་ཡི་གེ་ལྟ་བུར་བརྩི་བ་ཡིན་ལ་འཕགས་ཡུལ་གྱི་འབིགས་བྱེད་རི་བོས་འཕྲེད་དུ་བཅད་པའི་བྱང་ཁུལ་དུ་གནས་གཞན་ལས་ཧ་ཅང་དར་ཁྱབ་ཆེ་བ་རྟོགས་ཐུབ། ཡང་མཁས་པ་ཁ་ཅིག་ཁརོཥྛཱི་ནི་བྲཱཧྨཱི་ལས་སྔོན་ལ་བྱུང་ཞིང་། བྲཱཧྨཱི་ནི་ཁརོཥྛཱི་ལ་དཔེ་བལྟས་ནས་བཟོས་པར་བཤད་པའང་ཡོད། སྤྱིར་སྤྱི་ལོ་སྔོན་གྱི་ལོ་༤༠༠༠ནས་༣༠༠༠བར་དུ་བྱུང་བའི་སུ་མེར་གྱི་གཟེར་གཟུགས་ཡི་གེ་ནི་འདྲ་གཟུགས་ཡི་གེ་ཆེས་ཐོག་མ་དང་། ཕོ༹་ནི་སི་ཡའི་ཡི་གེ་ནི་འཛམ་གླིང་གི་སྒྲ་སྦྱོར་ཡི་གེ་ཡིག་རིགས་འཐུས་ཚང་ཤོས་ཐོག་མར་ལྟ་བུར་མཁས་པ་ཕལ་མོ་ཆེ་བཞེད་ཅིང་། ཡི་གེ་དེ་ནས་ཨ་ར་མེའི་ཡི་གེ་བྱུང་ཞིང་། དེ་ལ་དཔེ་བླངས་ནས་ཁརོཥྛཱི་དང་། དེ་བཞིན་དེ་ལ་དཔེ་བལྟས་ནས་བྲཱཧྨཱི་བཟོས་པར་བཤད་པ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལ་བལྟས་ན་བདེན་ཁ་ཅུང་ཙམ་ཆེ་བར་འདུག་སྙམ་མོ། ། ཁ་ཅིག་གིས་ཁརོཥྛཱི་ནི་གཡས་ནས་གཡོན་དུ་འབྲི་བས་སེ་མིའི་སྐད་དང་འབྲེལ་བ་ཡོད་པ་བདེན་པར་སྣང་ཡང་། བྲཱཧྨཱི་ནི་གཡས་ནས་གཡོན་དུ་འབྲི་བ་ཡིན་པས་དེ་ཁོ་ནས་ཀྱང་དེ་གཉིས་ཤིན་ཏུ་མི་མཐུན་ཚུལ་བཤད་དེ་བྲཱཧྨཱི་ནི་ཁརོཥྛཱི་ལ་དཔེ་བལྟས་པ་དགག་པར་འདོད་རུང་། ཊམ་ཀ་དུ་མ་ཞིག་ཏུ་བྲཱཧྨཱི་བྲིས་པ་གཡོན་ནས་གཡས་སུ་ཀློག་དགོས་པ་མཐོང་ནས་བཤད་པ་དེ་རང་ལོག་ཏུ་གྱུར་ཞིང་། དེ་ལ་བརྟེན་ནས་བྲཱཧྨཱི་ཡང་ཐོག་མར་ཁརོཥྛཱི་ལྟར་གཡས་ནས་གཡོན་དུ་འབྲི་བ་ཡིན་ནའང་། རྗེས་སུ་དེ་སྲོལ་བརྗེས་ཏེ་གཡོན་ནས་གཡས་སུ་འབྲི་བའི་སྲོལ་གཏན་ཆགས་སུ་བསྐྱངས་པའི་བཞེད་སྲོལ་དམ་པོར་འཛིན་པའི་མཁས་པའང་ཡོད་དོ།། དེ་བཞིན་གྷི་རིག་གི་ལོ་རྒྱུས་མཁས་པ་མེ་གྷ་སྠན་ནེས་(སྤྱི་ལོ་སྔོན་༣༥༠~༢༩༠)ཨིནྜི་ཀ་ཞེས་པའི་དེབ་ཅིག་བྲིས་པ་དེར་རྨ་བྱའི་རྒྱལ་རྒྱུད་ཀྱི་མགོར་རྒྱ་གར་ལ་ཡི་གེ་མེད་ཚུལ་འཁོད་པ་སོགས་ལས་བྲཱཧྨཱི་འདི་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐབས་སམ་ཡབ་མེས་ཀྱི་རིང་ལ་དར་བར་ཚོད་དཔག་བྱེད་ནའང་། ཉེ་བའི་ཆར་ཤྲཱི་ལངྐ་དང་ཏ་མིལ་ན་ཌུ་ཕྱོགས་སུའང་བྲཱཧྨཱི་ཡི་གེ་རྙེད་པ་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བ་ནས་དྲུག་པ་བར་གྱི་ཡིན་པར་བཤད་པས། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་དུས་སུའང་བྲཱཧྨཱི་ཡིག་རིགས་འདི་ཡོད་པར་སྣང་ཞེས་ཕྱི་རྒྱལ་མཁས་པ་འགའ་བཞེད་པས། མདོ་སྡེ་སོགས་སུ་སྟོན་པ་ཞལ་བཞུགས་པའི་ཚེ་ཡི་གེ་ཡོད་པའི་ཁུངས་གང་མང་མཇལ་བ་དང་ཤིན་ཏུ་ཐོད་ཐུག་པར་སྣང་ངོ་། །
བྲཱཧྨཱི། (𑀩𑁆𑀭𑀸𑀳𑁆𑀫𑀻 )
ཚངས་པའི་ཡི་གེ་ནི་དབྱངས་གསལ་གྱི་ཡི་གེ་ཡིན་ལ། དེ་སྤྱོད་པའི་དུས་སྐབས་ནི་རྨ་བྱའི་རྒྱལ་རབས་(སྤྱི་ལོ་སྔོན་གྱི་དུས་རབས་༣)ནས་སྦས་པའི་རྒྱལ་རབས་(དུས་རབས་༤)བར་དུ་ཡིན་པར་བཤད་ནའང་། དེ་ནམ་ཞིག་ལ་བྱུང་བ་དང་ཡིག་རིགས་གང་ཞིག་ལ་གཞི་བཞག་ནས་བཟོས་པའི་ཐད་ལ་འདོད་པ་མི་མཐུན་པ་མང་། ཁ་ཅིག་གིས་ཕྱིའི་ཡིག་རིགས་ཨ་ར་མེ་ལ་དཔེ་བླངས་ཏེ་བཟོས་པ་དང་། ཁ་ཅིག་གིས་རྒྱ་གར་རང་ནས་བཟོས་ཞེས་འདོད་པ་མི་མཐུན་པ་གཙོ་ཆེར་གཉིས་སུ་འདུས། གང་ལྟར་ཀྱང་ཡིག་རིགས་འདི་རྒྱ་གར་གྱི་རྗེས་བྱུང་གི་ཡིག་རིགས་གང་མང་གི་མ་དཔེ་ལྟ་བུ་ཡིན་ནོ། །
སྐབས་བབ་ཀྱི་བརྗོད་པར་བྱ་བ་གཙོ་བོ་ནི་ཨ་ཤོ་ཀའི་གིར་ནཱར་གྱི་བྲག་ངོས་སུ་བརྐོས་པའི་ཡི་གེའི་སྐོར་ཡིན་ལ། དེ་ཡང་བྲག་དེ་ཉིད་ཡོད་པའི་ས་ཆ་དེར་དུས་རབས་བར་མའི་སྐབས་སུ་གི་རི་ན་ག་ར་རིའི་གྲོང་ཞེས་འབོད་པར་གྲགས་ལ། བརྐོས་ཡིག་འདི་ཐོག་མར་དུས་རབས་བཅུ་དགུ་བའི་དུས་མགོར་རྙེད་ཅིང་། དེང་སང་གི་གུ་ཇ་ར་ཐའི་ཇཱུ་ན་ག་ཌྷ་ནས་ལེ་དབར་གཅིག་ཙམ་གྱི་སར་ཡོད་པའི་གིར་ནཱར་སྟེ་རིའི་གྲོང་ཞེས་པ་དེའི་བྲག་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་ཡི་གེ་བསྟར་མ་བཅུ་བཞི་བོ་འདི་དག་བརྐོས་ཡོད་པ་ཡིན། ཕ་བོང་དེའི་དཔངས་ལ་ཁྲུ་༡༢དང་། ཕ་བོང་ས་ལ་ནུབ་མཚམས་ཀྱི་མཐའ་སྐོར་རིང་ཚད་ལ་ཁྲུ་༧༥ཡོད་པར་བཤད། ཕ་བོང་ཆེན་པོ་འདིའི་སྟེང་དུ་ཆོས་རྒྱལ་མྱ་ངན་མེད་ཀྱི་བརྐོས་ཡིག་བསྟར་མ་བཅུ་བཞི་བོ་ལས་གཞན་ད་དུང་ཨུ་ཇྗ་ཡི་ནཱིའི་རྒྱལ་བོ་རུ་དྲ་དཱ་མན་གྱི་བརྐོས་ཡིག་སྔོན་གྱི་རྒྱལ་བོ་ཙནྡྲ་གུཔྟ་མཽརྱས་བསྐྲུན་པའི་སུ་དརྴན་བྱ་བའི་རྫིང་བུ་ཆུ་ལོག་གིས་གནོད་སྐྱོན་ཐེབས་པ་དེ་ཉིད་ལ་ཞིག་གསོ་བྱས་ཚུལ་བཀོད་པ་ཞིག་དང་། སླད་མར་སྐནྡ་གུཔྟ་སྐེམ་བྱེད་སྦས་པས་ཀྱང་རྫིང་བུ་སུ་དརྴན་བསྐྱར་དུ་བྲུས་ཚུལ་སྐོར་བརྐོས་པ་ལེགས་སྦྱར་སྐད་དུ་བརྐོས་པ་གཉིས་ཀྱང་ཕ་བོང་དེ་ཉིད་ཀྱི་སྟེང་དུ་བརྐོས་ཡོད་པ་ཡིན།
གོང་སྨོས་ཀྱི་ཆོས་རྒྱལ་མྱ་ངན་མེད་ཀྱི་བརྐོས་ཡིག་བཅུ་བཞི་བོ་དེ་དག་ནི་འཇམ་སི་ལྟར་[3]ན་ཕ་བོང་དེའི་བྱང་ཤར་གྱི་ངོས་སུ་བརྐོས་ཡོད་ཅིང་། དཀྱིལ་ནས་ཐུར་དུ་དྲང་ཐིག་ཅིག་བརྐོས་ཏེ་ཡི་གེ་བསྟར་མ་དེ་དག་གཡས་གཡོན་གཉིས་སུ་བགོས་ཏེ་བརྐོས་ཡོད་པ་སྟེ། གཡོན་ཕྱོགས་སུ་ཡི་གེ་བསྟར་མ་ཐོག་མ་ལྔ་བོ་བརྐོས་ཡོད་པ་དང་། གཡས་ཕྱོགས་སུ་དྲུག་པ་ནས་བཅུ་གཉིས་པའི་བར་དུ་བརྐོས་ཡོད་ཅིང་། ཡི་གེ་བཅུ་གསུམ་པ་དང་བཅུ་བཞི་བ་གཉིས་རིམ་པ་བཞིན་ལྔ་བ་དང་བཅུ་གཉིས་པའི་གཤམ་དུ་བརྐོས་ཡོད་པར་བཤད།
པར། 1 ཨ་ཤོ་ཀའི་བརྐོས་ཡིག་བཅུ་བཞི་བོ་ཕ་བོང་ངོས་སུ་རིམ་པ་ཇི་ལྟར་ཡོད་ཚུལ། ཇཨསབ ༧ (༡༨༣༨) ཤ༢༡༨
ཁ་རོཥྛཱི། (𐨑𐨪𐨆𐨯𐨠𐨁)
ཁ་རོ་ཥྚཱིའམ་ཁརོཥྛཱི་ཡང་གོང་དུ་སོང་ཟིན་པ་ལྟར་རྒྱ་ཆེར་རོལ་བའི་མདོར་འབྱུང་ལ། འདི་ལ་ཞིབ་འཇུག་པ་རྣམས་ཀྱིས་བྷཻག་ཊའི་སྐད་དང་། ཧིན་བྷཻག་སྐད། ཨརྱན་བྷཻག་པཱ་ལིའི་སྐད། ཨ་རྱ་ནའི་སྐད། རྒྱ་གར་ནུབ་བྱང་གི་སྐད། ཀཱ་བྷུ་ལིའི་སྐད། དྲི་ཟའི་སྐད། ཁརོཥྛཱི་སོགས་མིང་སྣ་ཚོགས་བཏགས་མྱོང་ནའང་། མདོ་རྒྱ་ཆེར་རོལ་བར་འབྱུང་བ་ལྟར་བྷུ་ལེར་མཆོག་གིས་ཁརོཥྛཱི་ཞེས་བཏགས་ཏེ་ཕྱི་མ་དེ་ཉིད་ཡོངས་གྲགས་སུ་གྱུར། དེ་ཡང་ཁརོཥྛཱི་འདི་ཀློག་མཁན་ཡང་འཇེམ་སིས་ཡི་གེ་དུ་མ་ཞིག་ཀློག་ཐུབ་པར་གྱུར་ཞིང་། རིམ་བཞིན་རྗེས་ཀྱི་མཁས་པ་ལ་སེན་དང་ནོ་རིས། ཁ་ནིན་ཧམ་སོགས་ཀྱིས་ལེགས་པར་བརྟག་སྟེ་ཡིག་རིགས་འདི་ཡང་ཡོངས་རྫོགས་ཀློག་ཐུབ་[4]པར་གྱུར་བར་གྲགས་སོ། །
འདིའི་མིང་གི་ཐོགས་ཚུལ་ལ་སྔོན་བཤད་པ་མ་མཐོང་ཡང་། རྒྱ་གར་མཁས་པ་འགའ་ལྟར་ན་ཁར་ཞེས་པ་ནི་བོང་བུ་དང་། ཨུཥྛ་ནོ་མཆུ་ཏོའི་དོན་ཡིན་པས། ཡིག་རིགས་འདིའི་མིང་ལ་ཁརོཥྛཱི་ཟེར་བ་བོང་མཆུའི་དོན་ཡིན་པར་སྨྲ་ཞིང་། ཡིག་རིགས་འདིའི་དར་སའི་རྒྱ་གར་ནུབ་བྱང་ཕྱོགས་སྔོན་མ་དྲི་ཟའི་ཡུལ་དུ་གྲགས་པ་འདིར་བོང་བུ་སྤྱོད་སྒོ་ཆེ་བ་ཡོད་པས་བོང་མཆུ་ཞེས་པ་བོང་མཆུ་ལ་ཟུར་ནས་བལྟས་པའི་དབྱིབས་དང་འདྲ་བས་བཏགས་སམ་སྙམ་ཟེར། ཡིག་རིགས་འདི་གཡས་ནས་གཡོན་དུ་འབྲི་བ་ཡིན་པས་གོང་སྨྲས་ལྟར་སེ་མིའི་ཡིག་རིགས་ལ་དཔེ་བླངས་པར་འདོད་ཅིང་། དེ་ཡང་ཨ་ཤོ་ཀའི་བྲག་བརྐོས་ཡི་གེ་བཅུ་བཞི་བོ་འདི་ནི་གིར་ནཱར་དང་ཀཱལ་སི། ཤཱ་བྷ་ཟ་གར་ཧཱི་སོགས་ཆོས་རྒྱལ་མྱ་ངན་མེད་ཀྱིས་དབང་བསྒྱུར་གནང་སའི་ཡུལ་གྲུ་དུ་མར་བརྐོས་ཡོད་པ་རྙེད་སོན་བྱུང་། ཀཱལ་སིའི་བྲག་བརྐོས་ཡི་གེ་དེ་ཡང་གིར་ནཱར་གྱི་ལྟར་བྲཱཧྨཱི་ཡིག་གཟུགས་སུ་བྲིས་ཡོད་ལ། སྤྱི་ལོ་༡༨༦༠ལོར་ཕོ༹ར་རེ་སྛས་ཐོག་མར་རྙེད་ཅིང་། དེ་ནི་ལྡེ་ར་རྡུན་ན་ཡོད་པ་དང་། མ་སུ་རི་ནས་ལེ་དབར་༡༥ཙམ་གྱི་སར་ཆུ་མོ་ཊོཾམ་ས་དང་ཡ་མུ་ནཱ་གཉིས་ཀྱི་འདྲེས་མཚམས་སུ་ཡོད་པ་ཡིན།
དེ་ཡང་ཤཱ་བྷ་ཟ་གར་ཧཱི་ལ་ཡོད་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་བྲག་བརྐོས་ཡི་གེ་ནི་དེང་གི་པེ་ཤ་བར་ཡོད་ཅིང་། ཤཱ་བྷ་ཟ་གར་ཧཱི་ནི་ཆུ་མོ་མ་ཀམ་གྱི་འགྲམ་དུ་ཡོད་པའི་སྡེ་བ་ཆུང་ཆུང་ཞིག་ཡིན་པ་དང་། དེ་ནས་ལེ་དབར་ཕྱེད་ཀྱི་མཚམས་སུ་བྲག་བརྐོས་ཡི་གེ་ཡོད་པར་བཤད། བྲག་བརྐོས་འདི་མེ་སོན་ལགས་ཀྱིས་ཐོག་མར་ལེགས་པར་བཤུས་ཏེ་ཡུ་རོབ་ཏུ་བསྐུར་ཏེ་ནོ་རིས་མཆོག་གིས་ཀློག་ཅིང་དེ་བ་ནཾ་པི་ཡ་ས་ཞེས་པ་ཐོག་མར་བཀླགས་པར་ཧྭེ་ཆ་ལགས་གསུངས་[5]སོ། །
ཡིག་རིགས་འདི་འཇོན་སི་དང་ལ་སེན། ནོ་རིས། ཁ་ནིན་ཧམ་སོགས་ཀྱི་མཉམ་རུབ་ལ་བརྟེན་ཏེ་ཁྲོལ་བར་གྱུར་བ་ཡིན་ལ། ཁརོཥྛཱི་ཡི་གེ་འགའ་ཞིག་དེའི་སྔོན་ནས་ཧིན་གྷི་དང་ཧིན་སི་ཐའི་ཊམ་ཀ་དག་ལས་ཁྲོལ་བར་གྱུར་ཡོད། ཤཱ་བྷ་ཟ་གར་ཧཱིའི་བརྐོས་ཡིག་དང་འདྲ་བར་མཱན་སེ་ཧྲཱའི་བརྐོས་ཡིག་ཧ་ཟཱ་རའི་རྫོང་དུ་ཡོད་པ་དེའང་ཁརོཥྛཱི་ཡི་གེར་བྲིས་ཡོད་པ་ཡིན། དེ་ཡང་ཁརོཥྛཱིའི་གསལ་བྱེད་ཀྱི་རིམ་པ་ཨ་ར་པ་ཙ་ན་སོགས་དང་འབྲེལ་ནས་ཞིབ་ཏུ་གླེང་དགོས་པ་འགའ་ཡོད་ཀྱང་། ཡི་གེས་འཇིགས་པས་སྐབས་གཞན་དུ་བརྗོད་པར་བྱའོ། །
ད་ནི་དཀྱུས་སུ་འཇུག་པར་བྱ་སྟེ། གཙོ་བོར་དགེ་ཆོས་མཆོག་གི་གསེར་ཐང་ལེའུ་བཅུ་བ་ལས་འབྱུང་བ་ལྟར་བྲག་བརྐོས་ཡི་གེ་བཅུ་གསུམ་པོ་རྣམས་ཀྱི་བོད་འགྱུར་རྣམས་རིམ་གྱིས་དྲངས་ཏེ། དེ་དག་གི་མ་ཡིག་ཚངས་པའི་ཡི་གེ་ཇི་བཞིན་དུ་ཡིག་ཚགས་གང་མང་ལས་བཏུས་ཤིང་གཏགས་ཏེ་བོད་འགྱུར་དང་ལྷན་དུ་སྦྱར་ཏེ་སྤེལ་བ་དང་། བརྐོས་ཡིག་དྲུག་པའི་འགྱུར་གྱི་ཆད་པ་བསབས་ནས། མཐར་དེའི་མཇུག་ཏུ་འབྱུང་བའི་བྷ་རཱ་བྷ་རའི་ཕུག་པའི་སྐོར་གྱི་བྲག་བརྐོས་ཡི་གེ་གསར་དུ་བཅུག་སྟེ་འགྱུར་དང་བཅས་སྤེལ་བར་བགྱིའོ། །
༡། གིར་ནཱར་གྱི་བྲག་བརྐོས།
ཆོས་རྒྱལ་མྱ་ངན་མེད་ཀྱི་ཡི་གེ་རི་ན་ག་རེའི་བྲག་ངོས་ལ་བརྐོས་པ། ཨིཨཾདྷཾམལིཔིདེལྭཱནཾཔིཡེནཔིཡདསིན རཛཱལེཁཱཔིཏཱཨིདྷནིཀཾཅིཛཽབཾཨརབྷིཊྱ [(པར) གསེར་ཐང་། ཤ༢༣༤] ཞེས་ཡོད་པ་དོན་དུ་བྲག་བརྐོས་ཡིག་གེ་དང་བོ་མགོ་ཡིན་ཏེ། [ཨིཡཾ དྷཾམལིཔཱི དེབཱནཾ པྲིཡེན པྲིཡདསིནཱ རཱཉཱ ལེཁཱཔིཏཱ ཨིདྷ ན ཀིཾཅི ཇཱིབཾ ཨཱརབྷིཏྤཱ ]
བྲག་ངོས་དང་བོ།
༡ (ཀ) 𑀇𑀬𑀁 𑀥𑀁𑀫𑀮𑀺𑀧𑀻 𑀤𑁂𑀯𑀸𑀦𑀁𑀧𑁆𑀭𑀺𑀬𑁂𑀦
༢ 𑀧𑁆𑀭𑀺𑀬𑀤𑀲𑀺𑀦𑀸 𑀭𑀸𑀜𑀸 𑀮𑁂𑀔𑀸𑀧𑀺𑀢𑀸 (ཁ) 𑀇𑀥 𑀦 𑀓𑀺𑀁-
༣ 𑀘𑀺 𑀚𑀻𑀯𑀁 𑀆𑀭𑀪𑀺𑀢𑁆𑀧𑀸 𑀧𑁆𑀭𑀚𑀽𑀳𑀺𑀢𑀯𑁆𑀬𑀁
༤ (ག) 𑀦 𑀘 𑀲𑀫𑀸𑀚𑁄 𑀓𑀢𑀯𑁆𑀬𑁄 (ང) 𑀩𑀳𑀼𑀓𑀁 𑀳𑀺 𑀤𑁄𑀲𑀁
༥ 𑀲𑀫𑀸𑀚𑀫𑁆𑀳𑀺 𑀧𑀲𑀢𑀺 𑀤𑁂𑀯𑀸𑀦𑀁𑀧𑁆𑀭𑀺𑀬𑁄 𑀧𑁆𑀭𑀺𑀬𑀤𑀲𑀺 𑀭𑀸𑀚𑀸
༦ (ཅ) 𑀅𑀲𑁆𑀢𑀺 𑀧𑀺 𑀢𑀼 𑀏𑀓𑀘𑀸 𑀲𑀫𑀸𑀚𑀸 𑀲𑀸𑀥𑀼𑀫𑀢𑀸 𑀤𑁂𑀯𑀸𑀦𑀁-
༧ 𑀧𑁆𑀭𑀺𑀬𑀲 𑀧𑁆𑀭𑀺𑀬𑀤𑀲𑀺𑀦𑁄 𑀭𑀸𑀜𑁄 (ཆ) 𑀧𑀼𑀭𑀸 𑀫𑀳𑀸𑀦𑀲𑀫𑁆𑀳𑀺
༨ 𑀤𑁂𑀯𑀸𑀦𑀁𑀧𑁆𑀭𑀺𑀬𑀲 𑀧𑁆𑀭𑀺𑀬𑀤𑀲𑀺𑀦𑁄 𑀭𑀸𑀜𑁄 𑀅𑀦𑀼𑀤𑀺𑀯𑀲𑀁 𑀩-
༩ 𑀳𑀽𑀦𑀺 𑀧𑁆𑀭𑀸𑀡𑀲𑀢𑀲𑀳𑀲𑁆𑀭𑀸𑀦𑀺 𑀆𑀭𑀪𑀺𑀲𑀼 𑀲𑀽𑀧𑀸𑀣𑀸𑀬
༡༠ (ཇ) 𑀲𑁂 𑀅𑀚 𑀬𑀤𑀸 𑀅𑀬𑀁 𑀥𑀁𑀫𑀮𑀺𑀧𑀻 𑀮𑀺𑀔𑀺𑀢𑀸 𑀢𑀻 𑀏𑀯 𑀧𑁆𑀭𑀸-
༡༡ 𑀡𑀸 𑀆𑀭𑀪𑀭𑁂 𑀲𑀽𑀧𑀸𑀣𑀸𑀬 𑀤𑁆𑀯𑁄 𑀫𑁄𑀭𑀸 𑀏𑀓𑁄 𑀫𑀕𑁄 𑀲𑁄 𑀧𑀺
༡༢ 𑀫𑀕𑁄 𑀦 𑀥𑁆𑀭𑀼𑀯𑁄 (ཉ) 𑀏𑀢𑁂 𑀧𑀺 𑀢𑁆𑀭𑀻 𑀧𑁆𑀭𑀸𑀡𑀸 𑀧𑀙𑀸 𑀦 𑀆𑀭𑀪𑀺𑀲𑀭𑁂
༡ (ཀ) ཨིཡཾ དྷཾམལིཔཱི དེབཱནཾ པྲིཡེན
༢ པྲིཡདསིནཱ རཱཉཱ ལེཁཱཔིཏཱ (ཁ) ཨིདྷ ན ཀིཾ-
༣ ཅི ཇཱིབཾ ཨཱརབྷིཏྤཱ པྲཇཱུཏིཏབྱཾ
༤ (ག) ན ཅ སམཱཇོ ཀཏབྱོ (ང) བཧུཀཾ ཧི དོསཾ
༥ སམཱཇམྷི པསཏི དེབཱནཾཔྲིཡོ པྲིཡདསི རཱཇཱ
༦ (ཅ) ཨསྟི པི ཏུ ཨེཀཙཱ སམཱཇཱ སཱདྷུམཏཱ དེབཱནཾ-
༧ པྲིཡས པྲིཡདསིནོ རཱཉོ (ཆ) པུརཱ མཧཱནསམྷི
༨ དེབཱནཾ པྲིཡས པྲིཡདསིནོ རཱཉོ ཨནུདིབསཾ བ-
༩ ཧཱུནི པྲཱཎསཏསཧསྲཱནི ཨཱརབྷིསུ སཱུཔཱཐཱཡ
༡༠ (ཇ) སེ ཨཇ ཡདཱ ཨཡཾ དྷཾམལིཔཱི ལིཁིཏཱ ཏཱི ཨེབ པྲཱ-
༡༡ ཎཱ ཨཱརབྷརེ སཱུཔཱཐཱཡ དྭོ མོརཱ ཨེཀོ མགོ སོ པི
༡༢ མགོ ན དྷྲུབོ (ཉ) ཨེཏེ པི ཏྲཱི པྲཱཎཱ པཆཱ ན ཨཱརབྷིསརེ
བྲག་ངོས་དང་བོ། ཆོས་ཀྱི་ཡི་གེ་འདི་རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བས་བྲིས་པ། འདིར་སྲོག་དང་ལྡན་པ་སུ་ཡང་མངོན་པར་བསད་པར་མི་བྱ་ཞིང་། མཆོད་སྦྱིན་ཀྱང་མི་བྱའོ། །དུས་སྟོན་དག་ཀྱང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་ནི་དུས་སྟོན་ལ་སྐྱོན་མང་དུ་མཐོང་ངོ་། །འོན་ཀྱང་འདི་ན་ཡང་རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བའི་བསམ་པ་དང་མི་འགལ་བའི་དགེ་བའི་དུས་སྟོན་ཅུང་ཟད་ཅིག་ནི་མཆིས་སོ། །
སྔོན་གྱི་ཚེ་རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བའི་ཚང་མང་དུ་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་ཉིན་རེ་བཞིན་ཚོད་མའི་སླད་དུ་གསོད་པར་བྱེད་དོ། །འོན་ཀྱང་ད་ལྟ་ཆོས་ཀྱི་ཡི་གེ་བྲིས་པའི་རྗེས་སུ་སྲོག་ཆགས་གསུམ་ཁོ་ན་འདི་ལྟ་སྟེ། རྨ་བྱ་གཉིས་དང་། ཤྭ་བ་གཅིག་ཚོད་མའི་སླད་དུ་གསོད་དོ། །འོན་ཀྱང་ཤྭ་བ་ནི་རྟག་རེས་སུ་མིན་ནོ། །སྲོག་ཆགས་གསུམ་པོ་འདི་ཡང་མ་འོངས་པ་ན་གསོད་པར་མི་འགྱུར་རོ། །
བྲག་ངོས་གཉིས་པ།
༡ (ཀ) 𑀲𑀭𑁆𑀯𑀢 𑀯𑀺𑀚𑀺𑀢𑀫𑁆𑀳𑀺 𑀤𑁂𑀯𑀸𑀦𑀁𑀧𑁆𑀭𑀺𑀬𑀲 𑀧𑀺𑀬𑀤𑀲𑀺𑀦𑁄 𑀭𑀸𑀜𑁄
༢ 𑀏𑀯𑀫𑀧𑀺 𑀧𑁆𑀭𑀘𑀁𑀢𑁂𑀲𑀼 𑀬𑀣𑀸 𑀘𑁄𑀟𑀸 𑀧𑀸𑀟𑀸 𑀲𑀢𑀺𑀬𑀧𑀼𑀢𑁄 𑀓𑁂𑀢𑀮𑀧𑀼𑀢𑁄 𑀆-
༣ 𑀧𑀁𑀡𑀻 𑀅𑀁𑀢𑀺𑀬𑀓𑁄 𑀬𑁄𑀦𑀭𑀸𑀚𑀸 𑀬𑁂 𑀯𑀸 𑀧𑀺 𑀢𑀲 𑀅𑀁𑀢𑀺𑀬𑀓𑀲 𑀲𑀸𑀫𑀻𑀧𑀁
༤ 𑀭𑀸𑀚𑀸𑀦𑁄 𑀲𑀭𑁆𑀯𑀢𑁆𑀭 𑀤𑁂𑀯𑀸𑀦𑀁𑀧𑁆𑀭𑀺𑀬𑀲 𑀧𑁆𑀭𑀺𑀬𑀤𑀲𑀺𑀦𑁄 𑀭𑀸𑀜𑁄 𑀤𑁆𑀯𑁂 𑀘𑀺𑀓𑀻𑀙
༥ 𑀫𑀦𑀼𑀲𑀘𑀺𑀓𑀻𑀙𑀸 𑀘𑀁 𑀧𑀲𑀼𑀘𑀺𑀓𑀻𑀙𑀸 𑀘 (ཁ) 𑀑𑀲𑀼𑀠𑀸𑀦𑀺 𑀘 𑀬𑀸𑀦𑀺 𑀫𑀦𑀼𑀲𑁄𑀧𑀕𑀸𑀦𑀺 𑀘
༦ 𑀧𑀲𑁄𑀧𑀕𑀸𑀦𑀺 𑀘 𑀬𑀢 𑀬𑀢 𑀦𑀸𑀲𑁆𑀢𑀺 𑀲𑀭𑁆𑀯𑀢𑁆𑀭𑀸 𑀳𑀸𑀭𑀸𑀧𑀺𑀢𑀸𑀦𑀺 𑀘 𑀭𑁄𑀧𑀸𑀧𑀺𑀢𑀸𑀦𑀺 𑀘
༧ (ག) 𑀫𑀽𑀮𑀸𑀦𑀺 𑀘 𑀨𑀮𑀸𑀦𑀺 𑀘 𑀬𑀢 𑀬𑀢𑁆𑀭 𑀦𑀸𑀲𑁆𑀢𑀺 𑀲𑀭𑁆𑀯𑀢 𑀳𑀸𑀭𑀸𑀧𑀺𑀢𑀸𑀦𑀺 𑀘 𑀭𑁄𑀧𑀸𑀧𑀺𑀢𑀸𑀦𑀺 𑀘
༨ (ང) 𑀧𑀁𑀣𑁂𑀲𑀽 𑀓𑀽𑀧𑀸 𑀘 𑀔𑀸𑀦𑀸𑀧𑀺𑀢𑀸 𑀯𑁆𑀭𑀙𑀸 𑀘 𑀭𑁄𑀧𑀸𑀧𑀺𑀢𑀸 𑀧𑀭𑀺𑀪𑁄𑀕𑀸𑀬 𑀧𑀲𑀼𑀫𑀦𑀼𑀲𑀸𑀦𑀁
༡ (ཀ) སརྦཏ བིཇིཏམྷི དེབཱནཾཔྲིཡས པིཡདསིནོ རཱཉོ
༢ ཨེབམཔི པྲཅཾཏེསུ ཡཐཱ ཅོཌཱ པཱཌཱ སཏིཡཔུཏོ ཀེཏལཔུཏོ ཨཱ ཏཾབ-
༣ པཾཎཱི ཨཾཏིཡཀོ ཡོནརཱཇཱ ཡེ བཱ པི ཏས ཨཾཏིཡཀས སཱམཱིཔཾ
༤ རཱཇཱནོ སརྦཏྲ དེབཱནཾཔྲིཡས པྲིཡདསིནོ རཱཉོ དྭེ ཅིཀཱིཆ ཀཏཱ
༥ མནུསཅིཀཱིཆཱ ཅཾ པསུཅིཀཱིཆཱ ཅ (ཁ) ཨོསུཌྷཱནི ཅ ཡཱནི མནུསོཔགཱནི ཅ
༦ པསོཔགཱནི ཅ ཡཏ ཡཏ ནཱསྟི སརྦཏྲཱ ཧཱརཱཔིཏཱནི ཅ རོཔཱཔིཏཱནི ཅ
༧ (ག) མཱུལཱནི ཅ ཕལཱནི ཅ ཡཏ ཡཏྲ ནཱསྟི སརྦཏ ཧཱརཱཔིཏཱནི ཅ རོཔཱཔིཏཱནི ཅ
༨ (ང) པཾཐེསཱུ ཀཱུཔཱ ཅ ཁཱནཱཔིཏཱ བྲཆཱ ཅ རོཔཱཔིཏཱ པརིབྷོགཱཡ པསུམནུསཱནཾ
བྲག་ངོས་གཉིས་པ། རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བའི་རང་གི་རྒྱལ་ཁམས་ཀྱི་ཕྱོགས་ཐམས་ཅད་དང༌། དེ་བཞིན་དུ་མཐའ་ཁོབ་ཀྱི་ཡུལ་[6]རྣམས་འདི་ལྟ་སྟེ། ཅོཊཱ་པ་[7]རྣམས་དང་། སྐྱ་སངས་[8]རྣམས་དང་། ས་ཏི་ཡ་པུ་ཏོ་[9]རྣམས་དང་། ཀེ་ཏ་ལའི་བུ་[10]རྣམས་དང་། ཏམ་པནྀ་[11]རྣམས་དང་། ཡོ་ནའི་[12]རྒྱལ་བོ་ཨནྟི་ཡཀ་[13]ཡང་། རྒྱལ་བོ་སུ་གང་ཞིག་ཨནྟི་ཡཀའི་ཡུལ་དང་ཉེ་བར་ཡོད་པ་རྣམས་ཀྱི་རྒྱལ་ཁམས་སུ་ཡང་སྟེ། ཕྱོགས་ཀུན་ཏུ། རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བས་སྨན་དཔྱད་རྣམ་པ་གཉིས་ཤིག་བཙུགས་ཏེ། མི་རྣམས་ཀྱི་དོན་དུ་བྱས་པའི་སྨན་དཔྱད་དང༌། བ་ཕྱུགས་རྣམས་ཀྱི་དོན་དུ་བྱས་པའི་སྨན་དཔྱད་དོ། །གང་དང་གང་དུ་རྩྭ་སྔོན་པོ་[14]མེད་པའི་ཕྱོགས་ཀུན་ཏུ། མི་རྣམས་ལ་ཕན་པར་བྱ་བའི་ཆེད་དང༌། བ་ཕྱུགས་རྣམས་ལ་ཕན་པར་བྱ་བའི་ཆེད་དུ་རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བས་དེ་དག་གཞན་ནས་འདྲེན་པ་དང་སྐྱེས་པའི་[15]རྐྱེན་བྱས་སོ། །གང་དང་གང་དུ་རྩ་བ་དང་འབྲས་བུ་མེད་པའི་ཕྱོགས་ཀུན་ཏུ། མི་རྣམས་ལ་ཕན་པར་བྱ་བའི་ཆེད་དང་། ཕྱུགས་རྣམས་ལ་ཕན་པར་བྱ་བའི་ཆེད་དུ། རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བས། དེ་དག་གཞན་ནས་འདྲེན་པ་དང་སྐྱེས་པའི་[16]རྐྱེན་བྱས་སོ། །མི་དང་ཕྱུགས་རྣམས་ལ་ཕན་པར་བྱ་བའི་ཆེད་དུ། ལམ་རྣམས་སུ་ཤིང་ལྗོན་པ་འཛུགས་པ་དང་། ཁྲོན་པ་བྲུ་བའི་རྐྱེན་བྱས་སོ། །
བྲག་ངོས་གསུམ་པ།
༡ (ཀ) 𑀤𑁂𑀯𑀸𑀦𑀁𑀧𑀺𑀬𑁄 𑀧𑀺𑀬𑀤𑀲𑀺 𑀭𑀸𑀚𑀸 𑀏𑀯𑀁 𑀆𑀳 (ཁ) 𑀤𑁆𑀩𑀸𑀤𑀲𑀯𑀸𑀲𑀸𑀪𑀺𑀲𑀺𑀢𑁂𑀦 𑀫𑀬𑀸 𑀇𑀤𑀁 𑀆𑀜𑀧𑀺𑀢𑀁
༢ (ག) 𑀲𑀭𑁆𑀯𑀢 𑀯𑀺𑀚𑀺𑀢𑁂 𑀫𑀫 𑀬𑀼𑀢𑀸 𑀘 𑀭𑀸𑀚𑀽𑀓𑁂 𑀘 𑀧𑁆𑀭𑀸𑀤𑁂𑀲𑀺𑀓𑁂 𑀘 𑀧𑀁𑀘𑀲𑀼 𑀧𑀁𑀘𑀲𑀼 𑀯𑀸𑀲𑁂𑀲𑀼 𑀅𑀦𑀼𑀲𑀁-
༣ 𑀬𑀸𑀦𑀁 𑀦𑀺𑀬𑀸𑀢𑀼 𑀏𑀢𑀸𑀬𑁂𑀯 𑀅𑀣𑀸𑀬 𑀇𑀫𑀸𑀬 𑀥𑀁𑀫𑀸𑀦𑀼𑀲𑀲𑁆𑀞𑀺𑀬 𑀬𑀣𑀸 𑀅𑀜𑀸-
༤ 𑀬 𑀧𑀺 𑀓𑀁𑀫𑀸𑀬 (ང) 𑀲𑀸𑀥𑀼 𑀫𑀸𑀢𑀭𑀺 𑀘 𑀧𑀺𑀢𑀭𑀺 𑀘 𑀲𑀼𑀲𑁆𑀭𑀽𑀲𑀸 𑀫𑀺𑀢𑁆𑀭𑀲𑀁𑀲𑁆𑀢𑀼𑀢𑀜𑀸𑀢𑀻𑀦𑀁 𑀩𑀸𑀫𑁆𑀳𑀡-
༥ 𑀲𑀫𑀡𑀸𑀦𑀁 𑀲𑀸𑀣𑀼 𑀤𑀸𑀦𑀁 𑀧𑁆𑀭𑀸𑀡𑀸𑀦𑀁 𑀲𑀸𑀥𑀼 𑀅𑀦𑀸𑀭𑀁𑀪𑁄 𑀅𑀧𑀯𑁆𑀬𑀬𑀢𑀸 𑀅𑀧𑀪𑀸𑀟𑀢𑀸 𑀲𑀸𑀥𑀼
༦ (ཅ) 𑀧𑀭𑀺𑀲𑀸 𑀧𑀺 𑀬𑀼𑀢𑁂 𑀆𑀜𑀧𑀬𑀺𑀲𑀢𑀺 𑀕𑀡𑀦𑀸𑀬𑀁 𑀳𑁂𑀢𑀼𑀢𑁄 𑀘 𑀯𑁆𑀬𑀁𑀚𑀦𑀢𑁄 𑀘
༡ (ཀ) དེབཱནཾཔིཡོ པིཡདསི རཱཇཱ ཨེབཾ ཨཱཧ (ཁ) དྭཱདསབཱསཱབྷིསིཏེན མཡཱ ཨིདཾ ཨཱཉཔིཏཾ
༢ (ག) སརྦཏ བིཇིཏེ མམ ཡུཏཱ ཅ རཱཇཱུཀེ ཅ པྲཱདེསིཀེ ཅ པཾཅསུ བཱསེསུ ཨནུསཾ-
༣ ཡཱནཾ ནིཡཱཏུ ཨེཏཱཡེབ ཨཐཱཡ ཨིམཱཡ དྷཾམཱནུསསྛིཡ ཡཐཱ ཨཉཱ-
༤ ཡ པི ཀཾམཱཡ (ང) སཱདྷུ མཱཏརི ཅ པིཏརི ཅ སུསྲུསཱ མིཏྲསཾསྟུཏཉཱཏཱིནཾ བཱམྷཎ-
༥ སམཎཱནཾ སཱཐུ དཱནཾ པྲཱཎཱནཾ སཱདྷུ ཨནཱརཾབྷོ ཨཔབྱཡཏཱ ཨཔབྷཱཌཏཱ སཱདྷུ
༦ (ཅ) པརིསཱ པི ཡུཏེ ཨཱཉཔཡིསཏི གཎནཱཡཾ ཧེཏུཏོ ཅ བྱཾཇནཏོ ཅ
བྲག་ངོས་གསུམ་པ། རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་སྤྱི་པོ་[བོ་]་ནས་དབང་བསྐུར་བ་ཐོབ་པའི་ལོ་བཅུ་གཉིས་པ་[17]ལ། འདི་ལྟར་སྨྲ་བར་འགྱུར་བ་རྣམས་བཀས་བཅད་པ། ཆོས་དང་བྱ་བ་གཞན་གྱི་བསླབ་པ་ལ་རྗེས་སུ་འཇུག་པར་འགྱུར་བའི་དོན་འདི་ཁོ་ནར་རྟག་ཏུ་ལོ་ལྔ་ལྔ་ན་ཡུཀྟ་རྣམས་དང་། ར་ཛི་ཀ་རྣམས་དང་། པྲདིཤིཀ་རྣམས་ཀྱིས་ཐམས་ཅད་དུ་ལྗོངས་རྒྱུ་ཞིང་བསྐོར་བར་བྱའོ། །རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་འདི་སྐད་དུ་སྨྲའོ། །ཕ་དང་མའི་བཀའ་ལ་མཉན་པ་ནི་ལེགས་པར་སྤྱོད་པའོ། །གྲོགས་རྣམས་དང་། མཛའ་བཤེས་རྣམས་དང་། སྣག་གི་གཉེན་མཚམས་རྣམས་དང་། བྲམ་ཟེ་དང་དགེ་སྦྱོང་རྣམས་ལ་སྦྱིན་པ་བྱེད་པ་ནི་ལེགས་པར་སྤྱོད་པའོ། །ལོངས་སུ་སྤྱོད་པ་ལ་ཚོད་ཤེས་པ་དང་། ཡོངས་སུ་འཛིན་པ་ལ་ཚོད་ཤེས་པ་ནི་ལེགས་པར་སྤྱོད་པའོ། །ཚོགས་རྣམས་ཀྱིས་ཀྱང་། རྣམ་པ་གཉིས་པོ་དོན་དང་བཅས་པ་དང་། རྒྱུ་མཚན་དང་བཅས་པའི་ཡི་གེ་འདི་གོ་རིམ་བཞིན་བྱེད་པའི་ཡུཀྟ་རྣམས་ཀྱི་བཀའ་ལ་མཉན་པར་བྱའོ། །
བྲག་ངོས་བཞི་བ།
༡ (ཀ) 𑀅𑀢𑀺𑀓𑀸𑀢𑀁 𑀅𑀁𑀢𑀭𑀁 𑀩𑀳𑀽𑀦𑀺 𑀯𑀸𑀲𑀲𑀢𑀸𑀦𑀺 𑀯𑀠𑀺𑀢𑁄 𑀏𑀯 𑀧𑁆𑀭𑀸𑀡𑀸𑀭𑀁𑀪𑁄 𑀯𑀺𑀳𑀺𑀁𑀲𑀸 𑀘 𑀪𑀽𑀢𑀸𑀦𑀁 𑀜𑀸𑀢𑀻𑀲𑀼
༢ 𑀅𑀢𑀁𑀧𑁆𑀭𑀢𑀺𑀧𑀢𑀻 𑀩𑁆𑀭𑀸𑀫𑁆𑀳𑀡𑀲𑁆𑀭𑀫𑀡𑀸𑀦𑀁 𑀅𑀲𑀁𑀧𑁆𑀭𑀢𑀻𑀧𑀢𑀻 (ཁ) 𑀢 𑀅𑀚 𑀤𑁂𑀯𑀸𑀦𑀁𑀧𑁆𑀭𑀺𑀬𑀲 𑀧𑁆𑀭𑀺𑀬𑀤𑀲𑀺𑀦𑁄 𑀭𑀸𑀜𑁄
༣ 𑀥𑀁𑀫𑀘𑀭𑀡𑁂𑀦 𑀪𑁂𑀭𑀻𑀖𑁄𑀲𑁄 𑀅𑀳𑁄 𑀥𑀁𑀫𑀖𑁄𑀲𑁄 𑀯𑀺𑀫𑀸𑀦𑀤𑀭𑁆𑀲𑀡𑀸 𑀘 𑀳𑀲𑁆𑀢𑀺𑀤𑀲𑀡𑀸 𑀘
༤ 𑀅𑀕𑀺𑀔𑀁𑀥𑀸𑀦𑀺 𑀘 𑀅𑀜𑀸𑀦𑀺 𑀘 𑀤𑀺𑀯𑁆𑀬𑀸𑀦𑀺 𑀭𑀽𑀧𑀸𑀦𑀺 𑀤𑀲𑀬𑀺𑀢𑁆𑀧𑀸 𑀚𑀦𑀁 (ག) 𑀬𑀸𑀭𑀺𑀲𑁂 𑀩𑀳𑀽𑀳𑀺 𑀯𑀸𑀲𑀲𑀢𑁂𑀳𑀺
༥ 𑀦 𑀪𑀽𑀢𑀧𑀼𑀯𑁂 𑀢𑀸𑀭𑀺𑀲𑁂 𑀅𑀚 𑀯𑀠𑀺𑀢𑁂 𑀤𑁂𑀯𑀸𑀦𑀁𑀧𑁆𑀭𑀺𑀬𑀲 𑀧𑁆𑀭𑀺𑀬𑀤𑀲𑀺𑀦𑁄 𑀭𑀸𑀜𑁄 𑀥𑀁𑀫𑀸𑀦𑀼𑀲𑀲𑁆𑀝𑀺𑀬𑀸 𑀅𑀦𑀸𑀭𑀁-
༦ 𑀪𑁄 𑀧𑁆𑀭𑀸𑀡𑀸𑀦𑀁 𑀅𑀯𑀺𑀳𑀻𑀲𑀸 𑀪𑀽𑀢𑀸𑀦𑀁 𑀜𑀸𑀢𑀻𑀦𑀁 𑀲𑀁𑀧𑀝𑀺𑀧𑀢𑀻 𑀩𑁆𑀭𑀫𑁆𑀳𑀡𑀲𑀫𑀡𑀸𑀦𑀁 𑀲𑀁𑀧𑀝𑀺𑀧𑀢𑀻 𑀫𑀸𑀢𑀭𑀺 𑀧𑀺𑀢𑀭𑀺
༧ 𑀲𑀼𑀲𑁆𑀭𑀼𑀢𑀸 𑀣𑁃𑀭𑀲𑀼𑀲𑁆𑀭𑀼𑀲𑀸 (ང) 𑀏𑀲 𑀅𑀜𑁂 𑀘 𑀩𑀳𑀼𑀯𑀺𑀥𑁂 𑀥𑀁𑀫𑀘𑀭𑀡𑁂 𑀯𑀠𑀺𑀢𑁂 (ཅ) 𑀯𑀠𑀺𑀬𑀺𑀲𑀢𑀺 𑀘𑁂𑀯 𑀤𑁂𑀯𑀸𑀦𑀁𑀧𑁆𑀭𑀺𑀬𑁄
༨ 𑀧𑁆𑀭𑀺𑀬𑀤𑀲𑀺 𑀭𑀸𑀚𑀸 𑀥𑀁𑀫𑀘𑀭𑀡𑀁 𑀇𑀤𑀁 (ཆ) 𑀧𑀼𑀢𑁆𑀭𑀸 𑀘 𑀧𑁄𑀢𑁆𑀭𑀸 𑀘 𑀧𑁆𑀭𑀧𑁄𑀢𑁆𑀭𑀸 𑀘 𑀤𑁂𑀯𑀸𑀦𑀁𑀧𑁆𑀭𑀺𑀬𑀲 𑀧𑁆𑀭𑀺𑀬𑀤𑀲𑀺𑀦𑁄 𑀭𑀸𑀜𑁄
༩ 𑀧𑁆𑀭𑀯𑀥𑀬𑀺𑀲𑀁𑀢𑀺 𑀇𑀤𑀁 𑀥𑀁𑀫𑀘𑀭𑀡𑀁 𑀆𑀯 𑀲𑀯𑀝𑀓𑀧𑀸 𑀥𑀁𑀫𑀫𑁆𑀳𑀺 𑀲𑀻𑀮𑀫𑁆𑀳𑀺 𑀢𑀺𑀲𑁆𑀝𑀁𑀢𑁄 𑀥𑀁𑀫𑀁 𑀅𑀦𑀼𑀲𑀸𑀲𑀺𑀲𑀁𑀢𑀺
༡༠ (ཇ)𑀏𑀲 𑀳𑀺 𑀲𑁂𑀲𑁆𑀝𑁂 𑀓𑀁𑀫𑁂 𑀬 𑀥𑀁𑀫𑀸𑀦𑀼𑀲𑀸𑀫𑀦𑀁 (ཉ) 𑀥𑀁𑀫𑀘𑀭𑀡𑁂 𑀧𑀺 𑀦 𑀪𑀯𑀢𑀺 𑀅𑀲𑀻𑀮𑀲 (ཏ) 𑀢 𑀇𑀫𑀫𑁆𑀳𑀺 𑀅𑀣𑀫𑁆𑀳𑀺
༡༡ 𑀯𑀥𑀻 𑀘 𑀅𑀳𑀻𑀦𑀻 𑀘 𑀲𑀸𑀥𑀼 (ཐ) 𑀏𑀢𑀸𑀬 𑀅𑀣𑀸𑀬 𑀇𑀤𑀁 𑀮𑁂𑀔𑀸𑀧𑀺𑀢𑀁 𑀇𑀫𑀲 𑀅𑀣𑀲 𑀯𑀥𑀺 𑀬𑀼𑀚𑀁𑀢𑀼 𑀳𑀻𑀦𑀺 𑀘
༡༢ 𑀦𑁄 𑀮𑁄𑀘𑁂𑀢𑀯𑁆𑀬𑀸 (ད) 𑀤𑁆𑀩𑀸𑀤𑀲𑀯𑀸𑀲𑀸𑀪𑀺𑀲𑀺𑀢𑁂𑀦 𑀤𑁂𑀯𑀸𑀦𑀁𑀧𑁆𑀭𑀺𑀬𑁂𑀦 𑀧𑁆𑀭𑀺𑀬𑀤𑀲𑀺𑀦𑀸 𑀭𑀸𑀜𑀸 𑀇𑀤𑀁 𑀮𑁂𑀔𑀸𑀧𑀺𑀢𑀁
༡ (ཀ) ཨཏིཀཱཏཾ ཨཾཏརཾ བཧཱུནི བཱསསཏཱནི བཌྷིཏོ ཨེབ པྲཱཎཱརཾབྷོ བིཧིཾསཱ ཅ བྷཱུཏཱནཾ ཉཱཏཱིསུ
༢ ཨཏཾཔྲཏིཔཏཱི བྲཱམྷཎསྲམཎཱནཾ ཨསཾཔྲཏཱིཔཏཱི (ཁ) ཏ ཨཇ དེབཱནཾཔྲིཡས པྲིཡདསིནོ རཱཉོ
༣ དྷཾམཅརཎེན བྷེརཱིགྷོསོ ཨཧོ དྷཾམགྷོསོ བིམཱནདརྶཎཱ ཅ ཧསྟིདསཎཱ ཅ
༤ ཨགིཁཾདྷཱནི ཅ ཨཉཱནི ཅ དིབྱཱནི རཱུཔཱནི དསཡིཏྤཱ ཇནཾ (ག) ཡཱརིསེ བཧཱུཧི བཱསསཏེཧི
༥ ན བྷཱུཏཔུབེ ཏཱརིསེ ཨཇ བཌྷིཏེ དེབཱནཾཔྲིཡས པྲིཡདསིནོ རཱཉོ དྷཾམཱནུསསྚིཡཱ ཨནཱརཾ-
༦ བྷོ པྲཱཎཱནཾ ཨབིཧཱིསཱ བྷཱུཏཱནཾ ཉཱཏཱིནཾ སཾཔཊིཔཏཱི བྲམྷསམཎཱནཾ སཾཔཊིཔཏཱི མཱཏརི པིཏརི
༧ སུསྲུཏཱ ཐཻརསུསྲུསཱ (ང) ཨེས ཨཉེ ཅ བཧུབིདྷེ དྷཾམཅརཎེ བཌྷིཏེ (ཅ) བཌྷིཡིསཏི ཅེབ དེབཱནཾཔྲིཡོ
༨ པྲིཡདསི རཱཇཱ དྷཾམཅརཎཾ ཨིདཾ (ཆ) པུཏྲཱ ཅ པོཏྲཱ ཅ པྲཔོཏྲཱ ཅ དེབཱནཾཔྲིཡས པྲིཡདསིནོ རཱཉོ
༩ པྲབདྷཡིསཾཏི ཨིདཾ དྷཾམཅརཎཾ ཨཱབ སབཊཀཔཱ དྷཾམམྷི སཱིལམྷི ཏིསྚཾཏོ དྷཾམཾ ཨནུསཱསིསཾཏི
༡༠ (ཇ) ཨེས ཧི སེསྚེ ཀཾམེ ཡ དྷཾམཱནུསཱམནཾ (ཉ) དྷཾམཅརཎེ པི ན བྷབཏི ཨསཱིལས (ཏ) ཏ ཨིམམྷི ཨཐམྷི
༡༡ བདྷཱི ཅ ཨཧཱིནཱི ཅ སཱདྷུ (ཐ) ཨེཏཱབ ཨཐཱབ ཨིདཾ ལེཁཱཔིཏཾ ཨིམས ཨཐས བདྷི ཡུཇཾཏུ ཧཱིནི ཅ
༡༢ ནོ ལོཅེཏབྱཱ (ད) དྭཱདསབཱསཱབྷིསིཏེན དེབཱནཾཔྲིཡེན པྲིཡདསིནཱ རཱཉཱ ཨིདཾ ལེཁཱཔིཏཾ
བྲག་ངོས་བཞི་བ། སྔོན་འདས་པའི་དུས་ལོ་བརྒྱ་ཕྲག་དུ་མའི་སྔ་རོལ་དུ། འདི་ན་རྟག་ཏུ་སྲོག་ཆགས་གསོད་པ་དང་། སེམས་ཅན་ལ་གནོད་པ་དང་། དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་མ་གུས་པ་དང་། སྣག་གི་གཉེན་མཚམས་རྣམས་ལ་མ་གུས་པ་རྣམས་གོང་ནས་གོང་དུ་སྤྱོད་དོ། །འོན་ཀྱང་དེང་སང་ནི་རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བའི་ཆོས་ཀྱི་སྤྱོད་པའི་འབྲས་བུར། ཨེ་མ། རྔ་བོ་ཆེའི་སྒྲ་ནི་ཆོས་ཀྱི་སྒྲ་དབྱངས་སུ་གྱུར། ངོ་མཚར་བ་དག་ནི་སྐྱེ་བོ་རྣམས་ཀྱི་སྤྲོ་དགའ་ཉིད་དུ་གྱུར་ཏེ། ལྷའི་ཁང་བཟང་གི་ལྟས་མོ་དང་། གླང་པོ་ཆེའི་ལྟས་མོ་དང༌། མར་མེའི་ཕུང་བོའི་ལྟས་མོ། གཞན་ཡང་ཁྱད་པར་དུ་འཕགས་པའི་གཟུགས་བརྙན་དག་སྟོན་པར་བྱེད་དོ། །འདི་ལྟར། སྔོན་འདས་པའི་དུས་ལོ་བརྒྱ་ཕྲག་དུ་མའི་བར་དུ་མ་བྱུང་བ། རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བའི་ཆོས་ཀྱི་བསླབ་པ་ལ་བརྟེན་ཏེ། སྲོག་ཆགས་གསོད་པ་ལས་བཟློག་པ། སེམས་ཅན་ལ་གནོད་པ་ལས་བཟློག་པ། བྲམ་ཟེ་དང་དགེ་སྦྱོང་དང་སྣག་གི་གཉེན་རྣམས་ལ་གུས་པ་དང༌། རྒན་རབས་ཀྱི་བཀའ་ལ་མཉན་པ་དང་། འདི་དང་གཞན་ཡང་རབ་ཏུ་མང་བའི་ཆོས་ཀྱི་སྤྱོད་པ་དག་འཕེལ་བར་གྱུར་ཏོ། །རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་ནི་རྟག་ཏུ་ཆོས་ཀྱི་སྤྱོད་པ་འདི་དག་རྒྱས་པར་བྱའོ། །རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བའི་བུ་དང་། ཚ་བོ། ཡང་ཚ་དག་ཀྱང་། ཆོས་ཀྱི་སྤྱོད་པ་འདི་དག་སྤེལ་བར་བྱའོ། །ཉམས་པར་མི་བྱའོ། ཇི་སྲིད་འཇིག་པ་ལ་ཐུག་གི་བར་དུ་ཡང་། ཆོས་ཀྱི་སྤྱོད་པ་ལ་གནས་ཤིང་ཆོས་ལ་འཇུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱ་བ་ཐམས་ཅད་ཀྱི་ནང་ན་མཆོག་འདི་ལྟ་སྟེ། ཆོས་ཀྱི་སྤྱོད་པ་ལ་གནས་ཤིང་ཆོས་ལ་འཇུག་པའོ། །དེའི་ཕྱིར་ཆོས་ཀྱི་སྤྱོད་པ་འདི་སྤེལ་ཅིང་ཉམས་པར་མི་བྱ་ལ། ཇི་ལྟར་བྲིས་པའི་དོན་འདི་ཡང་རང་ཉིད་ཀྱིས་སྤེལ་བར་བྱ་ཞིང་ཉམས་པར་མི་བྱ་ལ། ཉམས་པའི་བསྔགས་པ་ཡང་བརྗོད་པར་མི་བྱའོ། །ཡི་གེ་འདི་རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་སྤྱི་བོ་ནས་དབང་སྐུར་བ་ཐོབ་པའི་ལོ་བཅུ་གཉིས་པ་ལ་བྲིས་སོ། །
བྲག་ངོས་ལྔ་བ།
༡ (ཀ) 𑀤𑁂𑀯𑀸𑀦𑀁𑀧𑁆𑀭𑀺𑀬𑁄 𑀧𑀺𑀬𑀤𑀲𑀺 𑀭𑀸𑀚𑀸 𑀏𑀯𑀁 𑀆𑀳 (ཁ) 𑀓𑀮𑀸𑀡𑀁 𑀤𑀼𑀓𑀭𑀁 (ག) 𑀬𑁄 𑀆𑀤𑀺𑀓𑀭𑁄 𑀓𑀮𑀸𑀡𑀲 𑀲𑁄 𑀤𑀼𑀓𑀭𑀁 𑀓𑀭𑁄𑀢𑀺
༢ (ང) 𑀢 𑀫𑀬𑀸 𑀩𑀳𑀼 𑀓𑀮𑀸𑀡𑀁 𑀓𑀢𑀁 (ཅ) 𑀢 𑀫𑀫 𑀧𑀼𑀢𑀸 𑀘 𑀧𑁄𑀢𑀸 𑀘 𑀧𑀭𑀁 𑀘 𑀢𑁂𑀦 𑀬 𑀫𑁂 𑀅𑀧𑀘𑀁 𑀆𑀯 𑀲𑀁𑀯𑀝𑀓𑀧𑀸 𑀅𑀦𑀼𑀯𑀢𑀺𑀲𑀭𑁂 𑀢𑀣𑀸
༣ 𑀲𑁄 𑀲𑀼𑀓𑀢𑀁 𑀓𑀸𑀲𑀢𑀺 (ཆ) 𑀬𑁄 𑀢𑀼 𑀏𑀢 𑀤𑁂𑀲𑀁 𑀧𑀺 𑀳𑀸𑀧𑁂𑀲𑀢𑀺 𑀲𑁄 𑀤𑀼𑀓𑀢𑀁 𑀓𑀸𑀲𑀢𑀺 (ཇ) 𑀲𑀼𑀓𑀭𑀁 𑀳𑀺 𑀧𑀸𑀧𑀁 (ཉ) 𑀅𑀢𑀺𑀓𑀸𑀢𑀁 𑀅𑀁𑀢𑀭𑀁
༤𑀦 𑀪𑀽𑀢𑀧𑁆𑀭𑀼𑀯𑀁 𑀥𑀁𑀫𑀫𑀳𑀸𑀫𑀸𑀢𑀸 𑀦𑀸𑀫 (ཏ) 𑀢 𑀫𑀬𑀸 𑀢𑁆𑀭𑁃𑀤𑀲𑀯𑀸𑀲𑀸𑀪𑀺𑀲𑀺𑀢𑁂𑀦 𑀥𑀁𑀫𑀫𑀳𑀸𑀫𑀸𑀢𑀸 𑀓𑀢𑀸 (ཐ) 𑀢𑁂 𑀲𑀯𑀧𑀸𑀲𑀁𑀟𑁂𑀲𑀼 𑀯𑁆𑀬𑀸𑀧𑀸𑀢𑀸 𑀥𑀸𑀫𑀥𑀺𑀲𑁆𑀝𑀸𑀦𑀸𑀬
༥ ………. 𑀥𑀁𑀫𑀬𑀼𑀢𑀲 𑀘 𑀬𑁄𑀡𑀓𑀁𑀩𑁄𑀚𑀕𑀁𑀥𑀸𑀭𑀸𑀦𑀁 𑀭𑀺𑀲𑁆𑀝𑀺𑀓𑀧𑁂𑀢𑁂𑀡𑀺𑀓𑀸𑀦𑀁 𑀬𑁂 𑀯𑀸 𑀧𑀺 𑀅𑀁𑀜𑁂 𑀆𑀧𑀭𑀸𑀢𑀸 (ད) 𑀪𑀢𑀫𑀬𑁂𑀲𑀼 𑀯
༦ ………. 𑀲𑀼𑀔𑀸𑀬 𑀥𑀁𑀫𑀬𑀼𑀢𑀸𑀦𑀁 𑀅𑀧𑀭𑀺𑀕𑁄𑀥𑀸𑀬 𑀯𑁆𑀬𑀸𑀧𑀢𑀸 𑀢𑁂 (ན) 𑀩𑀁𑀥𑀦𑀩𑀥𑀲 𑀧𑀝𑀺𑀯𑀺𑀥𑀸𑀦𑀸𑀬
༧ ………. 𑀧𑁆𑀭𑀚𑀸 𑀓𑀢𑀸𑀪𑀻𑀓𑀸𑀭𑁂𑀲𑀼 𑀯𑀸 𑀣𑁃𑀭𑁂𑀲𑀼 𑀯𑀸 𑀯𑁆𑀬𑀸𑀧𑀢𑀸 𑀢𑁂 (པ) 𑀧𑀸𑀝𑀮𑀺𑀧𑀼𑀢𑁂 𑀘 𑀩𑀸𑀳𑀺𑀭𑀲𑀼 𑀘
༨ ………. 𑀬𑁂 𑀯𑀸 𑀧𑀺 𑀫𑁂 𑀅𑀜𑁂 𑀜𑀸𑀢𑀺𑀓𑀸 𑀲𑀭𑁆𑀯𑀢 𑀯𑁆𑀬𑀸𑀧𑀢𑀸 𑀢𑁂 (ཕ) 𑀬𑁄 𑀅𑀬𑀁 𑀥𑀁𑀫𑀦𑀺𑀲𑁆𑀭𑀺𑀢𑁄 𑀢𑀺 𑀯
༩ ……….. 𑀢𑁂 𑀥𑀁𑀫𑀫𑀳𑀸𑀫𑀸𑀢𑀸 (བ) 𑀏𑀢𑀸𑀬 𑀅𑀣𑀸𑀬 𑀅𑀬𑀁 𑀥𑀁𑀫𑀮𑀺𑀧𑀻 𑀮𑀺𑀔𑀺𑀢𑀸
༡༠ ………
༡ (ཀ) དེབཱནཾཔྲིཡོ པིཡདསི རཱཇཱ ཨེབཾ ཨཱཧ (ཁ) ཀལཱཎཾ དུཀརཾ (ག) ཡོ ཨཱདིཀརོ ཀལཱཎས སོ དུཀརཾ ཀརོཏི
༢ (ང) ཏ མཡཱ བཧུ ཀལཱཎཾ ཀཏཾ (ཅ) ཏ མམ པུཏཱ ཅ པོཏཱ ཅ པརཾ ཅ ཏེན ཡ མེ ཨཔཅཾ ཨཱབ སཾབཊཀཔཱ ཨནུབཏིསརེ ཏཐཱ
༣ སོ སུཀཏཾ ཀཱསཏི (ཆ) ཡོ ཏུ ཨེཏ དེསཾ པི ཧཱཔེསཏི སོ དུཀཏཾ ཀཱསཏི (ཇ) སུཀརཾ ཧི པཱཔཾ (ཉ) ཨཏིཀཱཏཾ ཨཾཏརཾ
༤ ན བྷཱུཏཔྲུབཾ དྷཾམམཧཱམཱཏཱ ནཱམ (ཏ) ཏ མཡཱ ཏྲཻདསབཱསཱབྷིསིཏེན དྷཾམམཧཱམཱཏཱ ཀཏཱ (ཐ) ཏེ སབཔཱསཾཌེསུ བྱཱཔཱཏཱ དྷཱམདྷིསྚཱནཱཡ
༥ ་་་་་་་དྷཾམཡུཏས ཅ ཡོཎཀཾབོཇགཾདྷཱརཱནཾ རིསྚིཀཔེཏེཎིཀཱནཾ ཡེ བཱ པི ཨཾཉེ ཨཱཔརཱཏཱ (ད) བྷཏམཡེསུ བ
༦ ་་་་་་སུཁཱཡ དྷཾམཡུཏཱནཱཾ ཨཔརིགོདྷཱཡ བྱཱཔཏཱ (ན) བཾདྷནབདྷས པཊིབིདྷཱནཱཡ
༧ ་་་་་་པྲཱཇཱ ཀཏཱབྷཱིཀཱརེསུ བཱ ཐཻརེསུ བཱ བྱཱཔཏཱ ཏེ (པ) པཱཊལིཔུཏེ ཅ བཱཧིརསུ ཅ
༨ ་་་་་་ཡེ བཱ པི མེ ཨཉེ ཉཱཏིཀཱ སརྦཏ བྱཱཔཏཱ ཏེ (ཕ) ཡོ ཨཡཾ དྷཾམནིསྲིཏོ ཏི བ
༩ ་་་་་་ཏེ དྷཾམམཧཱམཱཏཱ (བ) ཨེཏཱཡ ཨཐཱཡ ཨཡཾ དྷཾམལིཔཱི ལིཁིཏཱ
༡༠ ་་་་་་་
བྲག་ངོས་ལྔ་བ། (འདིར་ཡི་གེ་མང་དུ་ཆག་ཀྱང་དོན་ཙམ་བསྡུས་པ།)རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་འདི་ལྟར་སྨྲའོ། །ཡང་དག་པའི་སྤྱོད་པ་ཉམས་པ་གསོ་བ་ནི་བྱ་དཀའ་བའོ། །གང་ཞིག་ཡང་དག་པའི་སྤྱོད་པ་གསར་དུ་སྤེལ་བ་ཡང་བྱ་དཀའ་བའོ། །རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བས་ནི་འདིར་ཡང་དག་པའི་སྤྱོད་པ་མང་བོ་ཞིག་གསར་དུ་སྤེལ་ཞིང་། ཡང་དག་པའི་སྤྱོད་པ་མང་བོ་ཞིག་ནི་ཉམས་པ་གསོས་ན། རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བའི་བུ་དང་ཚ་བོ་དང་ཡང་ཚ་དང་རྒྱུད་པ་རྣམས་ཀྱིས་ཀྱང་ཇི་སྲིད་འཇིག་པ་ལ་ཐུག་གི་བར་དུ་འདི་དག་གསོ་བར་བྱའོ། །འོན་ཏེ་སུ་ཞིག་འདིའི་ཆ་ཙམ་ཞིག་ཉམས་པར་བྱེད་ན་ཡང་སྡིག་པ་ལ་སྤྱོད་པ་ཉིད་དུ་གཟུང་བར་བྱའོ། །འདས་པའི་དུས་ན་ཆོས་ཀྱི་ལས་བྱེད་ཆེན་པོ་བྱ་བ་འདི་མ་མཆིས་སོ། །འོན་ཀྱང་རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་སྤྱི་བོ་ནས་དབང་བསྐུར་བ་ཐོབ་པའི་ལོ་བཅུ་གསུམ་པ་ལ་བབས་པ་ན། ཆོས་ཀྱི་ལས་བྱེད་ཆེན་པོ་བྱ་བ་འདི་བཙུགས་ཏེ། དེ་ཡང་ཡོ་ན་རྣམས་དང་། ཀམྦོཛ་རྣམས་དང་། དྲི་ཟ་རྣམས་དང་། རིསྚིཀ་[རཱཥྚྲིཀ]རྣམས་དང་། པེཏེཎིཀ་[པྲཏིཥྛཱནིཀ]རྣམས་དང་། གཞན་ཡང་ནུབ་ཀྱི་ཕྱོགས་རྒྱལ་ཁམས་ཀྱི་མཐའ་ཀུན་ཏུ། ཆོས་ལུགས་སོ་སོའི་སྡེ་རྣམས་ལ་བལྟ་བའི་ཕྱིར་དང་། གསོད་པ་དང་བཙོན་དུ་འཇུག་པ་དག་ལ་བརྟག་པའི་ཆེད་དང་། རྒན་པོ་དང་བྱིས་པ་དང་མགོན་མེད་པ་དག་ལ་བལྟ་བའི་ཆེད་དུ་ཡིན་ནོ། །གང་དག་གི་གཉེན་དུ་གཏོགས་པ་དག་ཀྱང་ལས་འདི་བྱེད་དོ། །སྐྱ་ནར་བུའི་གྲོང་ཁྱེར་དང་ཡུལ་གཞན་ན་མཆིས་པ་གཉིས་ཀའི་དོན་དུ་ཡི་གེ་འདི་བྲིས་སོ། །
བྲག་ངོས་དྲུག་པ།
༡ (ཀ) 𑀤𑁂𑀯𑀸 ………… 𑀲𑀺 𑀭𑀸𑀚𑀸 𑀏𑀯𑀁 𑀆𑀳 (ཁ) 𑀅𑀢𑀺𑀓𑁆𑀭𑀸𑀢𑀁 𑀅𑀁𑀢𑀭𑀁
༢ 𑀦 𑀪𑀽𑀢𑁂𑀧𑁆𑀭𑀼𑀯 𑀲𑀯 .. 𑀮 𑀅𑀣𑀓𑀁𑀫𑁂 𑀯 𑀧𑀝𑀺𑀯𑁂𑀤𑀦𑀸 𑀯𑀸 (ག) 𑀢 𑀫𑀬𑀸 𑀏𑀯𑀁 𑀓𑀢𑀁
༣ (ང) 𑀲𑀯𑁂 𑀓𑀸𑀮𑁂 𑀪𑀼𑀁𑀚𑀫𑀸𑀦𑀲 𑀫𑁂 𑀑𑀭𑁄𑀥𑀦𑀫𑁆𑀳𑀺 𑀕𑀪𑀸𑀕𑀸𑀭𑀫𑁆𑀳𑀺 𑀯𑀘𑀫𑁆𑀳𑀺 𑀯
༤ 𑀯𑀺𑀦𑀻𑀢𑀫𑁆𑀳𑀺 𑀘 𑀉𑀬𑀸𑀦𑁂𑀲𑀼 𑀘 𑀲𑀯𑀢𑁆𑀭 𑀧𑀝𑀺𑀯𑁂𑀤𑀓𑀸 𑀲𑁆𑀝𑀺𑀢𑀸 𑀅𑀣𑁂 𑀫𑁂 𑀚𑀦𑀲
༥ 𑀧𑀝𑀺𑀯𑁂𑀤𑁂𑀣 𑀇𑀢𑀺 (ཅ) 𑀲𑀭𑁆𑀯𑀢𑁆𑀭 𑀘 𑀚𑀦𑀲 𑀅𑀣𑁂 𑀓𑀭𑁄𑀫𑀺 (ཆ) 𑀬 𑀘 𑀓𑀺𑀁𑀘𑀺 𑀫𑀼𑀔𑀢𑁄
༦ 𑀆𑀜𑀧𑀬𑀸𑀫𑀺 𑀲𑁆𑀯𑀬𑀁 𑀤𑀸𑀧𑀓𑀁 𑀯𑀸 𑀲𑁆𑀭𑀸𑀯𑀸𑀧𑀓𑀁 𑀯𑀸 𑀬 𑀯𑀸 𑀧𑀼𑀦 𑀫𑀳𑀸𑀫𑀸𑀢𑁆𑀭𑁂𑀲𑀼
༧ 𑀆𑀘𑀸𑀬𑀺𑀓𑁂 𑀅𑀭𑁄𑀧𑀺𑀢𑀁 𑀪𑀯𑀢𑀺 𑀢𑀸𑀬 𑀅𑀣𑀸𑀬 𑀯𑀺𑀯𑀸𑀤𑁄 𑀦𑀺𑀭𑀼𑀢𑀻 𑀯 𑀲𑀁𑀢𑁄 𑀧𑀭𑀺𑀲𑀸𑀬𑀁
༨ 𑀆𑀦𑀁𑀢𑀭𑀁 𑀧𑀝𑀺𑀯𑁂𑀤𑁂𑀢𑀯𑁆𑀬𑀁 𑀫𑁂 𑀲𑀭𑁆𑀯𑀢𑁆𑀭 𑀲𑀭𑁆𑀯𑁂 𑀓𑀸𑀮𑁂 (ཇ) 𑀏𑀯𑀁 𑀫𑀬𑀸 𑀆𑀜𑀧𑀺𑀢𑀁 (ཉ) 𑀦𑀸𑀲𑁆𑀢𑀺 𑀳𑀺 𑀫𑁂 𑀢𑁄𑀲𑁄
༩ 𑀉𑀲𑁆𑀝𑀸𑀦𑀫𑁆𑀳𑀺 𑀅𑀣𑀲𑀁𑀢𑀻𑀭𑀡𑀸𑀬 𑀯 (ཏ) 𑀓𑀢𑀯𑁆𑀬𑀫𑀢𑁂 𑀳𑀺 𑀫𑁂 𑀲𑀭𑁆𑀯𑀮𑁄𑀓𑀳𑀺𑀢𑀁
༡༠ (ཐ) 𑀢𑀲 𑀘 𑀧𑀼𑀦 𑀏𑀲 𑀫𑀽𑀮𑁂 𑀉𑀲𑁆𑀝𑀸𑀦𑀁 𑀘 𑀅𑀣𑀲𑀁𑀢𑀻𑀭𑀡𑀸 𑀘 (ད) 𑀦𑀸𑀲𑁆𑀢𑀺 𑀳𑀺 𑀓𑀁𑀫𑀢𑀭𑀁
༡༡ 𑀲𑀭𑁆𑀯𑀮𑁄𑀓𑀳𑀺𑀢𑀢𑁆𑀧𑀸 (ན) 𑀬 𑀘 𑀓𑀺𑀁𑀘𑀺 𑀧𑀭𑀸𑀓𑁆𑀭𑀫𑀸𑀫𑀺 𑀅𑀳𑀁 𑀓𑀺𑀁𑀢𑀺 𑀪𑀽𑀢𑀸𑀦𑀁 𑀆𑀦𑀁𑀡𑀁 𑀕𑀙𑁂𑀬𑀁
༡༢ 𑀇𑀥 𑀘 𑀦𑀸𑀦𑀺 𑀲𑀼𑀔𑀸𑀧𑀬𑀸𑀫𑀺 𑀧𑀭𑀢𑁆𑀭𑀸 𑀘 𑀲𑁆𑀯𑀕𑀁 𑀆𑀭𑀸𑀥𑀬𑀁𑀢𑀼 𑀢 (པ) 𑀏𑀢𑀸𑀬 𑀅𑀣𑀸𑀬
༡༣ 𑀅𑀬𑀁 𑀥𑀁𑀫𑀮𑀺𑀧𑀻 𑀮𑁂𑀔𑀸𑀧𑀺𑀢𑀸 𑀓𑀺𑀁𑀢𑀺 𑀘𑀺𑀭𑀁 𑀢𑀺𑀲𑁆𑀝𑁂𑀬 𑀇𑀢𑀺 𑀢𑀣𑀸 𑀘 𑀫𑁂 𑀧𑀼𑀢𑁆𑀭𑀸 𑀧𑁄𑀢𑀸 𑀘 𑀧𑁆𑀭𑀧𑁄𑀢𑁆𑀭𑀸 𑀘
༡༤ 𑀅𑀦𑀼𑀯𑀢𑀭𑀁 𑀲𑀯𑀮𑁄𑀓𑀳𑀺𑀢𑀸𑀬 (ཕ) 𑀤𑀼𑀓𑀭𑀁 𑀢𑀼 𑀇𑀤𑀁 𑀅𑀜𑀢𑁆𑀭 𑀅𑀕𑁂𑀦 𑀧𑀭𑀸𑀓𑁆𑀭𑀫𑁂𑀦
༡ (ཀ) དེབཱ ་་་་་་ སི རཱཇཱ ཨེབཾ ཨཱཧ (ཁ) ཨཏིཀྲཱཏཾ ཨཾཏརཾ
༢ ན བྷཱུཏེཔྲུབ སབ ་་ ལ ཨཐཀཾམེ བ པཊིབེདནཱ བཱ (ག) ཏ མཡཱ ཨེབཾ ཀཏཾ
༣ (ང) སབེ ཀཱལེ བྷུཾཇམཱནས མེ ཨོརོདྷནམྷི གབྷཱགཱརམྷི བཅམྷི བ
༤ བིནཱིཏམྷི ཅ ཨུཡཱནེསུ ཅ སབཏྲ པཊིབེདཀཱ སྚིཀཱ ཨཐེ མེ ཇནས
༥ པཊིབེདེཐ ཨིཏི (ཅ) སརྦཏྲ ཅ ཇནས ཨཐེ ཀརོམི (ཆ) ཡ ཅ ཀིཾཅི མུཁཏོ
༦ ཨཱཉཔཡཱམི སྭཡཾ དཱཔཀཾ བཱ སྲཱབཱཔཀཾ བཱ ཡ བཱ པུན མཧཱམཱཏྲེསུ
༧ ཨཱཅཱཡིཀེ ཨརོཔིཏཾ བྷབཏི ཏཱཡ ཨཐཱཡ བིབཱདོ ནིརུཏཱི བ སཾཏོ པརིསཱཡཾ
༨ ཨཱནཾཏརཾ པཊིབེདེཏབྱཾ མེ སརྦཏྲ སརྦེ ཀཱལེ (ཇ) ཨེབཾ མཡཱ ཨཱཉཔིཏཾ (ཉ) ནཱསྟི ཧི མེ ཏོསོ
༩ ཨུསྚཱནམྷི ཨཐསཾཏཱིརཎཱཡ བ (ཏ) ཀཏབྱམཏེ ཧི མེ སརྦལོཀཧིཏཾ
༡༠ (ཐ) ཏས ཅ པུན ཨེས མཱུལེ ཨསྚཱནཾ ཅ ཨཐསཾཏཱིརཎཱ ཅ (ད) ནཱསྟི ཧི ཀཾམཏརཾ
༡༡ སརྦལོཀཧིཏཏྤཱ (ན) ཡ ཅ ཀིཾཅི པརཱཀྲམཱམི ཨཧཾ ཀིཾཏི བྷཱུཏཱནཾ ཨཱནཾཎཾ གཆེཡཾ
༡༢ ཨིདྷ ཅ ནཱནི སུཁཱཔཡཱམི པརཏྲཱ སྭགཾ ཨཱརཱདྷཡཾཏུ ཏ (པ) ཨེཏཱཡ ཨཐཱཡ
༡༣ ཨཡཾ དྷཾམལིཔཱི ལེཁཱཔིཏཱ ཀིཾཏི ཅིརཾ ཏིསྚེཡ ཨིཏི ཏཐཱ ཅ མེ པུཏྲཱ པོཏཱ ཅ པྲཔོཏྲཱ ཅ
༡༤ ཨནུབཏརཾ སབལོཀཧིཏཱཡ (ཕ) དུཀརཾ ཏུ ཨིདཾ ཨཉཏྲ ཨགེན པརཱཀྲམེན
བྲག་ངོས་དྲུག་པ།[18] [རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་འདི་ལྟར་སྨྲའོ། ། འདས་པའི་དུས་ལ་སྲིད་ཀྱི་ལས་བྱས་པར་མ་གྱུར་ལ་སྙན་གསན་ཡང་ཞུ་བར་མ་བྱུང་ན། བདག་གིས་འདི་ལྟར་བགྱི་སྟེ། བདག་ཟ་བའི་ཚེའམ། བཙུན་མོའི་འཁོར་ན་ཡོད་པའམ། མལ་ན་འདུག་པའམ། ཀུན་དགའ་ར་བར་གནས་པའམ་ཁྱོགས་ན་ཡོད་ཀྱང་རུང་སྟེ་གནས་ཀུན་ཏུ་པྲ་ཏི་བེ་ད་ཀ་དག་གིས་བདག་ལ་སྐྱེ་རྒུའི་བདེ་དོན་ཞུ་བར་གནང་ངོ་། ། བདག་སྐྱེ་རྒུའི་དོན་བྱེད་པ་ཡིན་ན། གང་ཞིག་བདག་ཉིད་ཀྱི་ཞལ་ལས་སྦྱིན་པོ་རྣམས་དང་ཉན་པ་རྣམས་ལ་བརྗོད་པར་བྱས་པའམ། བློན་ཆེན་པོ་ལ་སྐབས་སུ་བཀའ་གློ་བུར་བསྩལ་བར་བགྱིས་པ་ལས་བློན་པོའི་འཁོར་ཕན་ཚུན་རྩོད་པ་དང་རྟོག་པ་དག་བྱུང་ན། བདག་ལ་གནས་དང་དུས་དེ་མ་ཉིད་དུ་ཞུ་བར་བྱའོ། ། བདག་གིས་འདི་བཞིན་བཀས་བཅད་པ་ནི་བདག་ཡོངས་སུ་ངལ་བ་དང་སྲིད་ཀྱི་ལས་བགྱིས་པས་ཡིད་མི་ཚིམས་པའི་ཕྱིར་རོ། ། བདག་སྐྱེ་རྒུ་ཡོངས་ཀྱི་དོན་བགྱིའོ་བསམས་པ་ཞིག་ཡོད་པས་འདི་ཉིད་རང་གི་རུང་བའི་ལས་སུ་སེམས་ཏེ། དེའི་རྩ་བ་ནི་ཡོངས་སུ་ངལ་བའོ། །རྒྱལ་སྲིད་ཀྱི་ཕུན་ཚོགས་དང་སྐྱེ་རྒུར་ཕན་པའི་ལས་བས་མཆོག་ཏུ་གྱུར་བའི་ལས་གཞན་མེད་པས། གང་ཞིག་བདག་ཕ་རོལ་གནོན་པ་ནི་ལོན་ལས་ལོན་མེད་པར་འགྱུར་བ་དང་ཚེ་འདིར་ཡང་སེམས་ཅན་མང་བོ་ལ་ཕན་པ་བྱེད་པ་དང་། ཕྱི་མར་ཡང་དེ་དག་མཐོ་རིས་སུ་བསྒྲལ་བར་བྱའོ་སྙམ་པས་ཡིན་ན། དུས་ཡུན་དུ་གནས་པའི་ཕྱིར་ཆོས་ཀྱི་ཡི་གེ་འདི་འབྲིར་བཅུག་སྟེ། བདག་གི་བུ་དང་ཚ་བོ་དང་ཡང་ཚ་རྣམས་ཀྱང་སྐྱེ་རྒུ་བདེ་བའི་སླད་དུ་ཕ་རོལ་གནོན་པའི་བྱ་བ་སྐྱོང་བའི་ཕྱིར་དང་ཕ་རོལ་གནོན་པ་མཆོག་མེད་ན་ལས་འདི་བྱ་དཀའ་བས་སོ། །]
བྲག་ངོས་བདུན་པ།
༡ (ཀ) 𑀤𑁂𑀯𑀸𑀦𑀁𑀧𑀺𑀬𑁄 𑀧𑀺𑀬𑀤𑀲𑀺 𑀭𑀸𑀚𑀸 𑀲𑀭𑁆𑀯𑀢 𑀇𑀙𑀢𑀺 𑀲𑀯𑁂 𑀧𑀸𑀲𑀁𑀟𑀸 𑀯𑀲𑁂𑀬𑀼 (ཁ) 𑀲𑀯𑁂 𑀢𑁂 𑀲𑀬𑀫𑀁 𑀘
༢ 𑀪𑀸𑀯𑀲𑀼𑀥𑀺𑀁 𑀘 𑀇𑀙𑀢𑀺 (ག) 𑀚𑀦𑁄 𑀢𑀼 𑀉𑀘𑀸𑀯𑀘𑀙𑀁𑀤𑁄 𑀉𑀘𑀸𑀯𑀘𑀭𑀸𑀕𑁄 (ང) 𑀢𑁂 𑀲𑀭𑁆𑀯𑀁 𑀯 𑀓𑀸𑀲𑀁𑀢𑀺 𑀏𑀓𑀤𑁂𑀲𑀁 𑀯 𑀓𑀲𑀁𑀢𑀺
༣ (ཅ) 𑀯𑀺𑀧𑀼𑀮𑁂 𑀢𑀼 𑀧𑀺 𑀤𑀸𑀦𑁂 𑀬𑀲 𑀦𑀸𑀲𑁆𑀢𑀺 𑀲𑀬𑀫𑁂 𑀪𑀸𑀯𑀲𑀼𑀥𑀺𑀢𑀸 𑀯 𑀓𑀢𑀁𑀜𑀢𑀸 𑀯 𑀤𑀠𑀪𑀢𑀺𑀢𑀸 𑀘 𑀦𑀺𑀘𑀸 𑀩𑀸𑀠𑀁
༡ (ཀ) དེབཱནཾཔིཡོ པིཡདསི རཱཇཱ སརྦཏ ཨིཆཏི སབེ པཱསཾཌཱ བསེཡུ (ཁ) སབེ ཏེ སཡམཾ ཅ
༢ བྷཱབསུདྷིཾ ཅ ཨིཆཏི (ག) ཇནོ ཏུ ཨུཅཱབཅཆཾདོ ཨཅཱབཅརཱགོ (ང) ཏེ སརྦཾ བ ཀཱསཾཏི ཨེཀདེསཾ བ ཀསཾཏི
༣ (ཅ) བིཔུལེ ཏུ ཏི པི དཱནེ ཡས ནཱསྟི སཡམེ བྷཱབསུདྷིཏཱ བ ཀཏཾཉཏཱ བ དཌྷབྷཏིཏཱ ཅ ནིཅཱ བཱཌྷཾ
བྲག་ངོས་དྲུག་པ།[19][བདུན་པ]། (དོན་བསྡུས་པ།)རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་རྟག་ཏུ་བཙུན་མོའི་འཁོར་གྱི་ནང་ངམ། སྟེང་གི་ཁང་བཟང་གི་གཞིའམ། སྐྱེད་མོས་ཚལ་དུ་ཡོད་ཀྱང་རུང་གི་སྐྱེ་བོ་རྣམས་ཀྱི་དོན་གང་ཡིན་པ་དག་ཞུ་བར་བྱ་སྟེ་དགའ་བར་མི་བྱའོ། །བདག་སྐྱེ་རྒུ་སྐྱོང་བ་ནི་ལན་ལ་རེ་བའི་ས་མིན་ཏེ། ཚེ་འདིར་ཡང་དེ་དག་བདེ་བ་དང་། ཕྱི་མ་ཡང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་པའི་ཆེད་དུ་སྟེ། སྐྱེ་རྒུ་སྐྱོང་བ་ནི་ཁུར་ཡིན་ནོ་སྙམ་དུ་བདག་རྟག་ཏུ་སེམས་སོ། །
བྲག་ངོས་བརྒྱད་པ།
༡ (ཀ) 𑀅𑀢𑀺𑀓𑀸𑀢𑀁 𑀅𑀁𑀢𑀭𑀁 𑀭𑀸𑀚𑀸𑀦𑁄 𑀯𑀺𑀳𑀸𑀭𑀬𑀸𑀢𑀸𑀁 𑀜𑀬𑀸𑀲𑀼 (ཁ) 𑀏𑀢 𑀫𑀕𑀯𑁆𑀬𑀸 𑀅𑀜𑀸𑀢𑀺 𑀘 𑀏𑀢𑀸𑀭𑀺𑀲𑀦𑀺
༢ 𑀅𑀪𑀻𑀭𑀫𑀓𑀸𑀦𑀺 𑀅𑀳𑀁𑀲𑀼 (ག) 𑀲𑁄 𑀤𑁂𑀯𑀸𑀦𑀁𑀧𑁆𑀭𑀺𑀬𑁄 𑀧𑀺𑀬𑀤𑀲𑀺 𑀭𑀸𑀚𑀸 𑀤𑀲𑀯𑀭𑁆𑀲𑀸𑀪𑀺𑀲𑀺𑀢𑁄 𑀲𑀁𑀢𑁄 𑀅𑀬𑀸𑀬 𑀲𑀁𑀩𑁄𑀥𑀺𑀁
༣ (ང) 𑀢𑁂𑀦𑁂𑀲𑀸 𑀥𑀁𑀫𑀬𑀸𑀢𑀸 (ཅ) 𑀏𑀢𑀬𑀁 𑀳𑁄𑀢𑀺 𑀩𑀸𑀫𑁆𑀳𑀡𑀲𑀫𑀡𑀸𑀦𑀁 𑀤𑀲𑀡𑁂 𑀘 𑀤𑀸𑀦𑁂 𑀘 𑀣𑁃𑀭𑀸𑀦𑀁 𑀤𑀲𑀡𑁂 𑀘
༤ 𑀳𑀺𑀭𑀁𑀡𑀧𑀝𑀺𑀯𑀺𑀥𑀸𑀦𑁄 𑀘 𑀚𑀸𑀦𑀧𑀤𑀲 𑀘 𑀚𑀦𑀲 𑀤𑀲𑁆𑀧𑀦𑀁 𑀥𑀁𑀫𑀸𑀦𑀼𑀲𑀲𑁆𑀝𑀻 𑀘 𑀥𑀫𑀧𑀭𑀺𑀧𑀼𑀙𑀸 𑀘
༥ 𑀢𑀤𑁄𑀧𑀬𑀸 (ཆ) 𑀏𑀲𑀸 𑀪𑀼𑀬 𑀭𑀢𑀺 𑀪𑀯𑀢𑀺 𑀤𑁂𑀯𑀸𑀦𑀁𑀧𑀺𑀬𑀲 𑀧𑁆𑀭𑀺𑀬𑀤𑀲𑀺𑀦𑁄 𑀭𑀸𑀜𑁄 𑀪𑀸𑀕𑁂 𑀅𑀁𑀜𑁂
༡ (ཀ) ཨཏིཀཱཏཾ ཨཾཏརཾ རཱཇཱནོ བིཧཱརཡཱཏཱཾ ཉཡཱསུ (ཁ) ཨེཏ མགབྱཱ ཨཉཱཏི ཅ ཨེཏཱརིསནི
༢ ཨབྷཱིརམཀཱནི ཨཧཾསུ (ག) སོ དེབཱནཾཔྲིཡོ པིཡདསི རཱཇཱ དསབརྶཱབྷིསིཏོ སཾཏོ ཨཡཱཡ སཾབོདྷིཾ
༣ (ང) ཏེནེསཱ དྷཾམཡཱཏཱ (ཅ) ཨེཏཡཾ ཧོཏི བཱམྷཎསམཎཱནཾ དསཎེ ཅ དཱནེ ཅ ཐཻརཱནཾ དསཎེ ཅ
༤ ཧིརཾཎཔཊིབིདྷཱནོ ཅ ཇཱནཔདས ཅ ཇནས དསྤནཾ དྷཾམཱནུསསྚཱི ཅ དྷམཔརིཔུཆཱ ཅ
༥ ཏདོཔཡཱ (ཆ) ཨེསཱ བྷུཡ རཏི བྷབཏི དེབཱནཾཔིཡས པྲིཡདསིནོ རཱཉོ བྷཱགེ ཨཾཉེ
བྲག་ངོས་བདུན་པ[བརྒྱད་པ]། སྔོན་གྱི་རྒྱལ་བོ་རྣམས་ནི་རྔོན་བྱེད་པ་སོགས་ཀྱི་རྩེད་མོ་ལ་སྤྱོད་དོ། །རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་ནི། དབང་བསྐུར་བའི་ལོ་བཅུ་བ་[20]ལ་བབས་པ་ན། ཡང་དག་པའི་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཏེ། ཆོས་ཀྱི་རྩེད་མོ་རྣམ་པ་སྣ་ཚོགས་པ་འདི་ལྟ་སྟེ། བྲམ་ཟེ་དང༌། རབ་བྱུང་དང་། རྒན་རབས་ལ་ཕུ་དུད་དང་། གསེར་གྱི་སྦྱིན་པ་དང་། ཡུལ་རྣམས་སུ་ཆོས་ཀྱི་བསླབ་པ་སྟོན་པ་དག་བྱེད་དོ། །
བྲག་ངོས་དགུ་བ།
༡ (ཀ) 𑀤𑁂𑀯𑀸𑀦𑀁𑀧𑀺𑀬𑁄 𑀧𑁆𑀭𑀺𑀬𑀤𑀲𑀺 𑀭𑀸𑀚𑀸 𑀏𑀯 𑀆𑀳 (ཁ) 𑀅𑀲𑁆𑀢𑀺 𑀚𑀦𑁄 𑀉𑀘𑀸𑀯𑀘𑀁 𑀫𑀁𑀕𑀮𑀁 𑀓𑀭𑁄𑀢𑁂 𑀆𑀩𑀥𑁂𑀲𑀼 𑀯𑀸
༢ 𑀆𑀯𑀸𑀳𑀯𑀻𑀯𑀸𑀳𑁂𑀲𑀼 𑀯𑀸 𑀧𑀼𑀢𑁆𑀭𑀮𑀸𑀪𑁂𑀲𑀼 𑀯𑀸 𑀧𑁆𑀭𑀯𑀸𑀲𑀁𑀫𑁆𑀳𑀺 𑀯𑀸 𑀏𑀢𑀫𑁆𑀳𑀺 𑀘 𑀅𑀜𑀫𑁆𑀳𑀺 𑀘 𑀚𑀦𑁄 𑀉𑀘𑀸𑀯𑀘𑀁 𑀫𑀁𑀕𑀮𑀁 𑀓𑀭𑁄𑀢𑁂
༣ (ག) 𑀏𑀢 𑀢𑀼 𑀫𑀳𑀺𑀟𑀸𑀬𑁄 𑀩𑀳𑀼𑀓𑀁 𑀘 𑀩𑀳𑀼𑀯𑀺𑀥𑀁 𑀘 𑀙𑀼𑀤𑀁 𑀘 𑀦𑀺𑀭𑀣𑀁 𑀘 𑀫𑀁𑀕𑀮𑀁 𑀓𑀭𑁄𑀢𑁂 (ང) 𑀢 𑀓𑀢𑀯𑁆𑀬𑀫𑁂𑀯 𑀢𑀼 𑀫𑀕𑀮𑀁 (ཅ) 𑀅𑀧𑀨𑀮𑀁 𑀢𑀼 𑀔𑁄
༤ 𑀏𑀢𑀭𑀺𑀲𑀁 𑀫𑀁𑀕𑀮𑀁 (ཆ) 𑀅𑀬𑀁 𑀢𑀼 𑀫𑀳𑀸𑀨𑀮𑁂 𑀫𑀁𑀕𑀮𑁂 𑀬 𑀥𑀁𑀫𑀫𑀁𑀕𑀮𑁂 (ཇ) 𑀢𑀢𑁂𑀢 𑀤𑀸𑀲𑀪𑀢𑀓𑀫𑁆𑀳𑀺 𑀲𑀫𑁆𑀬𑀧𑁆𑀭𑀢𑀺𑀧𑀢𑀻 𑀕𑀼𑀭𑀽𑀦𑀁 𑀅𑀧𑀘𑀺𑀢𑀺 𑀲𑀸𑀥𑀼
༥ 𑀧𑀸𑀡𑁂𑀲𑀼 𑀲𑀬𑀫𑁄 𑀲𑀸𑀥𑀼 𑀩𑀫𑁆𑀳𑀡𑀲𑀫𑀡𑀸𑀦𑀁 𑀲𑀸𑀥𑀼 𑀤𑀸𑀦𑁂 𑀏𑀢 𑀘 𑀅𑀜 𑀘 𑀏𑀢𑀸𑀭𑀺𑀲𑀁 𑀥𑀁𑀫𑀫𑀁𑀕𑀮𑀁 𑀦𑀸𑀫 (ཉ) 𑀢 𑀯𑀢𑀯𑁆𑀬𑀁 𑀧𑀺𑀢𑀸 𑀘
༦ 𑀧𑀼𑀢𑁂𑀦 𑀯𑀸 𑀪𑀸𑀢𑁆𑀭𑀸 𑀯𑀸 𑀲𑁆𑀯𑀸𑀫𑀺𑀓𑁂𑀦 𑀯𑀸 𑀇𑀤𑀁 𑀲𑀸𑀥𑀼 𑀇𑀤𑀁 𑀓𑀢𑀯𑁆𑀬 𑀫𑀁𑀕𑀮𑀁 𑀆𑀯 𑀢𑀲 𑀅𑀣𑀲 𑀦𑀺𑀲𑁆𑀝𑀸𑀦𑀸𑀬 (ཏ) 𑀅𑀲𑁆𑀢𑀺 𑀘 𑀧𑀺 𑀯𑀼𑀢𑀁
༧ 𑀲𑀸𑀥𑀼 𑀤𑀦 𑀇𑀢𑀺 (ཐ) 𑀦 𑀢𑀼 𑀏𑀢𑀸𑀭𑀺𑀲𑀁 𑀅𑀲𑁆𑀢𑀸 𑀤𑀸𑀦𑀁 𑀯 𑀅𑀦𑀕𑀳𑁄 𑀯 𑀬𑀸𑀭𑀺𑀲𑀁 𑀥𑀁𑀫𑀤𑀸𑀦𑀁 𑀘 𑀥𑀫𑀦𑀼𑀕𑀳𑁄 𑀯 (ད) 𑀢 𑀢𑀼 𑀔𑁄 𑀫𑀺𑀢𑁆𑀭𑁂𑀦 𑀯 𑀲𑀼𑀳𑀤𑀬𑁂𑀦 𑀯𑀸
༨ 𑀜𑀢𑀺𑀓𑁂𑀦 𑀯 𑀲𑀳𑀸𑀬𑀦 𑀯 𑀑𑀯𑀸𑀤𑀺𑀢𑀯𑁆𑀬𑀁 𑀢𑀫𑁆𑀳𑀺 𑀢𑀫𑁆𑀳𑀺 𑀧𑀓𑀭𑀡𑁂 𑀇𑀤𑀁 𑀓𑀘𑀁 𑀇𑀤𑀁 𑀲𑀸𑀥 𑀇𑀢𑀺 𑀇𑀫𑀺𑀦𑀸 𑀲𑀓
༩ 𑀲𑁆𑀯𑀕𑀁 𑀆𑀭𑀸𑀥𑁂𑀢𑀼 𑀇𑀢𑀺 (ན) 𑀓𑀺 𑀘 𑀇𑀫𑀺𑀦𑀸 𑀓𑀢𑀯𑁆𑀬𑀢𑀭𑀁 𑀬𑀣𑀸 𑀲𑁆𑀯𑀕𑀸𑀭𑀥𑀻
༡ (ཀ) དེབཱནཾཔིཡོ པྲིཡདསི རཱཇཱ ཨེབ ཨཱཧ (ཁ) ཨསྟི ཇནོ ཨུཅཱབཅཾ མཾགལཾ ཀརོཏེ ཨཱབདྷེསུ བཱ
༢ ཨཱབཱཧབཱིབཱཧེསུ བཱ པུཏྲལཱབྷེསུ བཱ པྲབཱསཾམྷི བཱ ཨེཏམྷི ཅ ཨཉམྷི ཅ ཇནོ ཨུཅཱབཅཾ མཾགལཾ ཀརོཏེ
༣ (ག) ཨེཏ ཏུ མཧིཌཱཡོ བཧུཀཾ ཅ བཧུབིདྷཾ ཅ ཆུདཾ ཅ ནིརཐཾ མཾགལཾ ཀརོཏེ (ང) ཏ ཀཏབྱམེབ ཏུ མགལཾ (ཅ) ཨཔཕལཾ ཏུ ཁོ
༤ ཨེཏརིསཾ མཾགལཾ (ཆ) ཨཡཾ ཏུ མཧཱཕལེ མཾགལེ ཡ དྷཾམམཾགལེ (ཇ) ཏཏེཏ དཱསབྷཏཀམྷི སམྱཔྲཏིཔཏཱི གུརཱུནཾ ཨཔཅིཏི སཱདྷུ
༥ པཱཎེསུ སཡམོ སཱདྷུ བམྷཎསམཎཱནཾ སཱདྷུ དཱནེ ཨེཏ ཅ ཨཉ ཅ ཨེཏཱརིསཾ དྷཾམམཾགལཾ ནཱམ (ཉ) ཏབཏབྱཾ པིཏཱ ཅ
༦ པུཏེན བཱ བྷཱཏྲཱ བཱ སྭཱམིཀེན བཱ ཨིདཾ སཱདྷུ ཨིདཾ ཀཏབྱཾ མཾགལཾ ཨཱབ ཏས ཨཐས ནིསྚཱནཱཡ (ཏ) ཨསྟི ཅ པི བུཏཾ
༧ སཱདྷུ དན ཨིཏི (ཐ) ན ཏུ ཨེཏཱརིསཾ ཨསྟཱ དཱནཾ བ ཨནགཧོ བ ཡཱརིསཾ དྷཾམདཱནཾ ཅ དྷམནུགཧོ བ (ད) ཏ ཏུ ཁོ མིཏྲེན
བ སུཧདཡེན བཱ
༨ ཉཏིཀེན བ སཧཱཡན བ ཨོབཱཧིཏབྱཾ ཏམྷི ཏམྷི པཀརཎེ ཨིདཾ ཀཅཾ ཨིདཾ སཱདྷ ཨིཏི ཨིམིནཱ སཀ
༩ སྭགཾ ཨཱརཱདྷེཏུ ཨིཏི (ན) ཀི ཅ ཨིམིནཱ ཀཏབྱཏརཾ ཡཐཱ སྭགཱརདྷཱི
བྲག་ངོས་བརྒྱད་པ[དགུ་བ]། རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་འདི་ལྟར་སྨྲའོ།། འདི་ན་མི་རྣམས་ཀྱིས་བུ་དང་མནའ་མ་དང་མགྲོན་པོ་འབྱོར་བ་དག་གི་ཚེ་དང་། རང་གི་སྐྱེས་སྐར་ལ་བབས་པ་ན་དུས་སྟོན་བྱེད་དོ། །འོན་ཀྱང་བུད་མེད་ཀྱི་སླད་དུ་དུས་སྟོན་བྱེད་པ་དག་ཐ་ཆད་པའོ། །དེས་ན་དེང་ནས་བདག་ཅག་བྲམ་ཟེ་དང་། དགེ་སྦྱོང་དང་། རྒན་རབས་དང་། གཡོག་འཁོར་གྱི་ཆེད་དུ་དུས་སྟོན་བྱ་བར་རིགས་སོ། །
བྲག་ངོས་བཅུ་བ།
༡ (ཀ) 𑀤𑁂𑀯𑀸𑀦𑀁𑀧𑀺𑀬𑁄 𑀧𑁆𑀭𑀺𑀬𑀤𑀲𑀺 𑀭𑀸𑀚𑀸 𑀬𑀲𑁄 𑀯 𑀓𑀻𑀢𑀺 𑀯 𑀦 𑀫𑀳𑀸𑀣𑀸𑀯𑀳𑀸 𑀫𑀜𑀢𑁂 𑀅𑀜𑀢 𑀢𑀤𑀸𑀢𑁆𑀧𑀦𑁄 𑀤𑀺𑀖𑀸𑀬 𑀘 𑀫𑁂 𑀚𑀦𑁄
༢ 𑀥𑀁𑀫𑀲𑀼𑀲𑁆𑀭𑀼𑀁𑀲𑀸 𑀲𑀼𑀲𑁆𑀭𑀼𑀲𑀢𑀸 𑀥𑀁𑀫𑀯𑀼𑀢𑀁 𑀘 𑀅𑀦𑀼𑀯𑀺𑀥𑀺𑀬𑀢𑀸𑀁 (ཁ) 𑀏𑀢𑀓𑀸𑀬 𑀤𑁂𑀯𑀸𑀦𑀁𑀧𑀺𑀬𑁄 𑀧𑀺𑀬𑀤𑀲𑀺 𑀭𑀸𑀚𑀸 𑀬𑀲𑁄 𑀯 𑀓𑀺𑀢𑀺 𑀯 𑀇𑀙𑀢𑀺
༣ (ག) 𑀬𑀁 𑀢𑀼 𑀓𑀺𑀘𑀺 𑀧𑀭𑀺𑀓𑀫𑀢𑁂 𑀤𑁂𑀯𑀸𑀦𑀁 𑀧𑁆𑀭𑀺𑀬𑀤𑀲𑀺 𑀭𑀸𑀚𑀸 𑀢 𑀲𑀯𑀁 𑀧𑀸𑀭𑀢𑁆𑀭𑀺𑀓𑀸𑀬 𑀓𑀺𑀁𑀢𑀺 𑀲𑀓𑀮𑁂 𑀅𑀧𑀧𑀭𑀺𑀲𑁆𑀭𑀯𑁂 𑀅𑀲 (ང) 𑀏𑀲 𑀢𑀼 𑀧𑀭𑀺𑀲𑀯𑁂 𑀬 𑀅𑀧𑀼𑀁𑀜𑀁
༤ (ཅ) 𑀤𑀼𑀓𑀭𑀁 𑀢𑀼 𑀔𑁄 𑀏𑀢𑀁 𑀙𑀼𑀤𑀓𑁂𑀦 𑀯 𑀚𑀦𑁂𑀦 𑀉𑀲𑀝𑁂𑀦 𑀯 𑀅𑀜𑀢𑁆𑀭 𑀅𑀕𑁂𑀦 𑀧𑀭𑀸𑀓𑁆𑀭𑀫𑁂𑀦 𑀲𑀯𑀁 𑀧𑀭𑀺𑀘𑀚𑀺𑀢𑁆𑀧𑀸 (ཆ) 𑀏𑀢 𑀢𑀼 𑀔𑁄 𑀉𑀲𑀝𑁂𑀦 𑀤𑀼𑀓𑀭𑀁
༡ (ཀ) དེབཱནཾཔིཡོ པྲིཡདསི རཱཇཱ ཡསོ བ ཀཱིཏི བ ན མཧཱཐཱབཧཱ མཉཏེ ཨཉཏ ཏདཱཏྤནོ དིགྷཱཡ ཅ མེ ཇནོ
༢ དྷཾམསུསྲུཾསཱ སུསྲུསཏཱ དྷཾམབུཏཾ ཅ ཨནུབིདྷིཡཏཱཾ (ཁ) ཨེཏཀཱཡ དེབཱནཾཔིཡོ པིཡདསི རཱཇཱ ཡསོ བ ཀིཏི བ ཨིཆཏི
༣ (ག) ཡཾ ཏུ ཀིཅི པརིཀམཏེ དེབཱནཾ པྲིཡདསི རཱཇཱ ཏ སབཾ པཱརཏྲིཀཱཡ ཀིཾཏི སཀལེ ཨཔཔརིསྲབེ ཨས (ང) ཨེས ཏུ པརིསབེ ཡ ཨཔུཾཉཾ
༤ (ཅ) དུཀརཾ ཏུ ཁོ ཨེཏཾ ཆུདཀེན བ ཇནེན ཨསཊེན བ ཨཉཏྲ ཨགེན པརཱཀྲམེན སབཾ པརིཅཇིཏྤཱ (ཀ) ཨེཏ ཏུ ཁོ ཨསཊེན དུཀརཾ
བྲག་ངོས་དགུ་བ[བཅུ་བ]། རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་ནི། འདི་ལྟར་ཆོས་ཀྱི་རྗེས་སུ་འཇུག་པ་དང་། ཆོས་ཀྱི་བསླབ་པ་ལ་འཇུག་ཅིང་། སྤེལ་བ་ལས་གཞན་དུ། ཅི་ལ་ཡང་རྣམ་པར་རྒྱལ་བ་དང༌། དོན་འགྲུབ་པ་ཞེས་བྱ་བར་མི་སེམས་སོ། །ཆོས་ཀྱི་རྗེས་སུ་ཞུགས་ཤིང་ཆོས་ཀྱི་བསླབ་པ་ལ་གནས་པ་འདི་ཁོ་ན་རྣམ་པར་རྒྱལ་བ་དང་། དོན་གྲུབ་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། རྒྱལ་པོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་ནི་བྱ་བ་གང་ཅུང་ཟད་ཅིག་བྱེད་པ་ཐམས་ཅད་ཀྱང༌། འཇིག་རྟེན་ཕ་རོལ་གྱི་སླད་དུ་ཡིན་ནོ། །འདི་ན་སྐྱེ་རྒུ་ཐམས་ཅད་ཀྱང་ཕ་རོལ་དུ་གདོན་མི་ཟ་བར་འཇིགས་པ་ཅུང་ཟད་ཅིག་དང་བཅས་ཏེ་འགྲོ་བ་ཡིན་ན། འཇིགས་པ་འདི་ཡང་གསལ་བར་ཆོས་མ་ཡིན་ནོ། །མཆོག་དང་དམན་པའི་མི་ཐམས་ཅད་ཀྱང་བཟོད་པ་མེད་པར་འཇིགས་པ་འདི་ཞི་བར་བྱེད་མི་ནུས་སོ། །ལྷག་པར་མི་གཙོ་བོ་དག་ལ་ནི་ལས་འདི་བྱ་དཀའ་བ་ཉིད་ཡིན་ནོ། །
བྲག་ངོས་བཅུ་གཅིག་པ།
༡ (ཀ) 𑀤𑁂𑀯𑀺𑀦𑀁𑀧𑁆𑀭𑀺𑀬𑁄 𑀧𑀺𑀬𑀤𑀲𑀺 𑀭𑀸𑀚𑀸 𑀏𑀯𑀁 𑀆𑀳 (ཁ) 𑀦𑀸𑀲𑁆𑀢𑀺 𑀏𑀢𑀸𑀭𑀺𑀲𑀁 𑀤𑀸𑀦𑀁 𑀬𑀸𑀭𑀺𑀲𑀁 𑀥𑀁𑀫𑀤𑀸𑀦𑀁 𑀥𑀁𑀫𑀲𑀁𑀲𑁆𑀢𑀯𑁄 𑀯𑀸 𑀥𑀁𑀫𑀲𑀁𑀯𑀺𑀪𑀸𑀕𑁄 𑀯𑀸 𑀥𑀁𑀫𑀲𑀁𑀩𑀥𑁄 𑀯
༢ (ག) 𑀢𑀢 𑀇𑀤𑀁 𑀪𑀯𑀢𑀺 𑀤𑀸𑀲𑀪𑀢𑀓𑀫𑁆𑀳𑀺 𑀲𑀫𑁆𑀬𑀧𑁆𑀭𑀢𑀺𑀧𑀢𑀻 𑀫𑀸𑀢𑀭𑀺 𑀧𑀺𑀢𑀭𑀸 𑀲𑀸𑀥𑀼 𑀲𑀼𑀲𑁆𑀭𑀼𑀲𑀸 𑀫𑀺𑀢𑀲𑀲𑁆𑀢𑀼𑀢𑀜𑀸𑀢𑀺𑀓𑀸𑀦𑀁 𑀩𑀸𑀫𑁆𑀳𑀡𑀲𑁆𑀭𑀫𑀡𑀸𑀦𑀁 𑀲𑀸𑀥𑀼 𑀤𑀸𑀦𑀁
༣ 𑀧𑁆𑀭𑀸𑀡𑀸𑀦𑀁 𑀅𑀦𑀸𑀭𑀁𑀪𑁄 𑀲𑀸𑀥𑀼 (ང) 𑀏𑀢 𑀯𑀢𑀯𑁆𑀬𑀁 𑀧𑀺𑀢𑀸 𑀯 𑀧𑀼𑀢𑁆𑀭𑁂𑀦 𑀘 𑀪𑀸𑀢𑀸 𑀯 𑀫𑀺𑀢𑀲𑀲𑁆𑀢𑀼𑀢𑀜𑀸𑀢𑀺𑀓𑁂𑀦 𑀯 𑀆𑀯 𑀧𑀝𑀻𑀯𑁂𑀲𑀺𑀬𑁂𑀳𑀺 𑀇𑀤 𑀲𑀸𑀥𑀼 𑀇𑀤 𑀓𑀢𑀯𑁆𑀬𑀁
༤ (ཅ) 𑀲𑁄 𑀢𑀣𑀸 𑀓𑀭𑀼 𑀇𑀮𑁄𑀓𑀘𑀲 𑀆𑀭𑀥𑁄 𑀳𑁄𑀢𑀺 𑀧𑀭𑀢 𑀘 𑀅𑀁𑀦𑀁𑀢𑀁 𑀧𑀼𑀇𑀜𑀁 𑀪𑀯𑀢𑀺 𑀢𑁂𑀦 𑀥𑀁𑀫𑀤𑀸𑀦𑁂𑀦
༡ (ཀ) དེབིནཾཔྲིཡོ པིཡདསི རཱཇཱ ཨེབཾ ཨཱཧ (ཁ) ནཱསྟི ཨེཏཱརིསཾ དཱནཾ ཡཱརིསཾ དྷཾམདཱནཾ དྷཾམསཾསྟབོ བཱ དྷཾམསཾབིབྷཱགོ བཱ དྷཾམསཾབདྷོ བ
༢ (ག) ཏཏ ཨིདཾ བྷབཏི དཱསབྷཏཀམྷི སམྱཔྲཏིཔཏཱི མཱཏརི པིཏརཱ སཱདྷུ སུསྲུསཱ མིཏསསྟུཏཉཱཏིཀཱནཾ བཱམྷཎསྲམཎཱནཾ སཱདྷུ དཱནཾ
༣ པྲཱཎཱནཾ ཨནཱརཾབྷོ སཱདྷུ (ང) ཨེཏ བཏབྱཾ པིཏཱ བ པུཏྲེན ཅ བྷཱཏཱ བ མིཏསསྟུཏཉཱཏིཀེན བ ཨཱབ པཊཱིབེསིཡེཧི ཨིད སཱདྷུ ཨིད ཀཏབྱཾ
༤ (ཅ) སོ ཏཐཱ ཀརུ ཨིལོཀཅས ཨཱརདྷོ ཧོཏི པརཏ ཅ ཨཾནཾཏཾ པུཨིཉཾ བྷབཏི ཏེན དྷཾམདཱནེན
བྲག་ངོས་བཅུ་བ[བཅུ་གཅིག་པ]། (དོན་བསྡུས་པ།)རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་ནི་འདི་ལྟར། འདི་ན་ཆོས་ཀྱི་རྒྱལ་ཐབས་དང༌། ཆོས་ཀྱི་གྲོགས་དང༌། ཆོས་ཀྱི་བསླབ་པ་ལ་ཞུགས་ཏེ། རྣམ་པར་རྒྱལ་བ་ལས་ལྷག་པའི་རྣམ་པར་རྒྱལ་བའི་ཚུལ་གཞན་མ་མཐོང་ངོ་། །དེ་ཡང་ཕ་མ་དང་གཉེན་ལ་བྱམས་པ་དང་། དགེ་སྦྱོང་དང་བྲམ་ཟེ་ལ་གུས་པ་དང་། སྲོག་ཆགས་གསོད་པ་ལས་ལྡོག་པ་དག་ཡིན་ནོ། །གལ་ཏེ་འགའ་ཞིག་འདི་བཞིན་སྤྱོད་ན་དེ་དག་ཚེ་འདིར་ཡང་རྣམ་པར་
རྒྱལ་བར་འགྱུར་ཞིང་། འཇིག་རྟེན་ཕྱི་མར་ཡང་རྣམ་པར་རྒྱལ་བར་འགྱུར་རོ། །
བྲག་ངོས་བཅུ་གཉིས་པ།
༡ (ཀ) 𑀤𑁂𑀯𑀸𑀦𑀁𑀧𑀺𑀬𑁂 𑀧𑀺𑀬𑀤𑀲𑀺 𑀭𑀸𑀚𑀸 𑀲𑀯𑀧𑀸𑀲𑀁𑀟𑀸𑀦𑀺 𑀘 𑀧𑀯𑀚𑀺𑀢𑀸𑀦𑀺 𑀘 𑀖𑀭𑀲𑁆𑀢𑀸𑀦𑀺 𑀘 𑀧𑀽𑀚𑀬𑀢𑀺 𑀤𑀸𑀦𑁂𑀦 𑀘 𑀯𑀺𑀯𑀸𑀥𑀸𑀬 𑀘 𑀧𑀽𑀚𑀸𑀬 𑀧𑀽𑀢𑀬𑀢𑀺 𑀦𑁂
༢ (ཁ) 𑀦 𑀢𑀼 𑀢𑀣𑀸 𑀤𑀸𑀦𑀁 𑀯 𑀧𑀽𑀚𑀸 𑀯 𑀤𑁂𑀯𑀸𑀦𑀁𑀧𑀺𑀬𑁄 𑀫𑀁𑀜𑀢𑁂 𑀬𑀣𑀸 𑀓𑀺𑀢𑀺 𑀲𑀸𑀭𑀯𑀠𑀻 𑀅𑀲 𑀲𑀯𑀧𑀸𑀲𑀁𑀟𑀸𑀦𑀁 (ག) 𑀲𑀸𑀭𑀯𑀠𑀻 𑀢𑀼 𑀩𑀳𑀼𑀯𑀺𑀥𑀸
༣ (ང) 𑀢𑀲 𑀢𑀼 𑀇𑀤𑀁 𑀫𑀽𑀮𑀁 𑀬 𑀯𑀘𑀺𑀕𑀼𑀢𑀻 𑀓𑀺𑀁𑀢𑀺 𑀆𑀢𑁆𑀧𑀧𑀸𑀲𑀁𑀟𑀧𑀽𑀚𑀸 𑀯 𑀧𑀭𑀧𑀸𑀲𑀁𑀟𑀕𑀭𑀳𑀸 𑀯 𑀦𑁄 𑀪𑀯𑁂 𑀅𑀧𑁆𑀭𑀓𑀭𑀡𑀫𑁆𑀳𑀺 𑀮𑀳𑀼𑀓𑀸 𑀯 𑀅𑀲
༤ 𑀢𑀫𑁆𑀳𑀺 𑀢𑀫𑁆𑀳𑀺 𑀧𑁆𑀭𑀓𑀭𑀡𑁂 (ཅ) 𑀧𑀽𑀚𑁂𑀢𑀬𑀸 𑀢𑀼 𑀏𑀯 𑀧𑀭𑀧𑀸𑀲𑀁𑀟𑀸 𑀢𑁂𑀦 𑀢𑀦 𑀧𑁆𑀭𑀓𑀭𑀡𑁂𑀦 (ཆ) 𑀏𑀯𑀁 𑀓𑀭𑀼𑀁 𑀆𑀢𑁆𑀧𑀧𑀸𑀲𑀁𑀟𑀁 𑀘 𑀯𑀠𑀬𑀢𑀺 𑀧𑀭𑀧𑀸𑀲𑀁𑀟𑀲 𑀘 𑀉𑀧𑀓𑀭𑁄𑀢𑀺
༥ (ཇ) 𑀢𑀤𑀁𑀜𑀣𑀸 𑀓𑀭𑁄𑀢𑁄 𑀆𑀢𑁆𑀧𑀧𑀸𑀲𑀁𑀟𑀁 𑀘 𑀙𑀡𑀢𑀺 𑀧𑀭𑀧𑀸𑀲𑀁𑀟𑀲 𑀘 𑀧𑀺 𑀅𑀧𑀓𑀭𑁄𑀢𑀺 (ཉ) 𑀬𑁄 𑀳𑀺 𑀓𑁄𑀘𑀺 𑀆𑀢𑁆𑀧𑀧𑀸𑀲𑀁𑀟𑀁 𑀧𑀽𑀚𑀬𑀢𑀺 𑀧𑀭𑀧𑀸𑀲𑀁𑀟𑀁 𑀯 𑀕𑀭𑀳𑀢𑀺
༦ 𑀲𑀯𑀁 𑀆𑀢𑁆𑀧𑀧𑀸𑀲𑀁𑀟𑀪𑀢𑀺𑀬𑀸 𑀓𑀺𑀁𑀢𑀺 𑀆𑀢𑁆𑀧𑀧𑀸𑀲𑀁𑀟𑀁 𑀤𑀻𑀧𑀬𑁂𑀫 𑀇𑀢𑀺 𑀲𑁄 𑀘 𑀧𑀼𑀦 𑀢𑀣 𑀓𑀭𑀸𑀢𑁄 𑀆𑀢𑁆𑀧𑀧𑀸𑀲𑀁𑀟𑀁 𑀩𑀸𑀠𑀢𑀭𑀁 𑀉𑀧𑀳𑀦𑀸𑀢𑀺 (ཏ) 𑀢 𑀲𑀫𑀯𑀸𑀬𑁄 𑀏𑀯 𑀲𑀸𑀥𑀼
༧ 𑀓𑀺𑀁𑀢𑀺 𑀅𑀜𑀫𑀁𑀜𑀲 𑀥𑀁𑀫𑀁 𑀲𑁆𑀭𑀼𑀡𑀸𑀭𑀼 𑀘 𑀲𑀼𑀲𑀼𑀁𑀲𑁂𑀭 𑀘 (ཐ) 𑀏𑀯𑀁 𑀳𑀺 𑀤𑁂𑀯𑀸𑀯𑀁𑀧𑀺𑀬𑀲 𑀇𑀙𑀸 𑀓𑀺𑀁𑀢𑀺 𑀲𑀯𑀧𑀸𑀲𑀁𑀟𑀸 𑀩𑀳𑀼𑀲𑁆𑀭𑀼𑀢𑀸 𑀘 𑀅𑀲𑀼 𑀓𑀮𑀸𑀡𑀸𑀕𑀫𑀸 𑀘 𑀅𑀲𑀼
༨ (ད) 𑀬𑁂 𑀘 𑀢𑀢𑁆𑀭 𑀢𑀢 𑀧𑁆𑀭𑀲𑀁𑀦𑀸 𑀢𑁂𑀳𑀺 𑀯𑀢𑀯𑁆𑀬𑀁 (ན) 𑀤𑁂𑀯𑀸𑀦𑀁𑀧𑀺𑀬𑁄 𑀦𑁄 𑀢𑀣𑀸 𑀤𑀸𑀦𑀁 𑀯 𑀧𑀽𑀚𑀸𑀁 𑀯 𑀫𑀁𑀜𑀢𑁂 𑀬𑀣𑀸 𑀓𑀺𑀁𑀢𑀺 𑀲𑀸𑀭𑀯𑀠𑀻 𑀅𑀲 𑀲𑀭𑁆𑀯𑀧𑀸𑀲𑀟𑀸𑀦𑀁 (པ) 𑀩𑀳𑀓𑀸 𑀘 𑀏𑀢𑀸𑀬
༩ 𑀅𑀣𑀸 𑀯𑁆𑀬𑀸𑀧𑀢𑀸 𑀥𑀁𑀫𑀫𑀳𑀸𑀫𑀸𑀢𑀸 𑀘 𑀇𑀣𑀻𑀚𑀔𑀫𑀳𑀸𑀫𑀸𑀢𑀸 𑀘 𑀯𑀘𑀪𑀽𑀫𑀻𑀓𑀸 𑀘 𑀅𑀜𑁂 𑀘 𑀦𑀺𑀓𑀸𑀬𑀸 (ཕ) 𑀅𑀬𑀁 𑀘 𑀏𑀢𑀲 𑀨𑀮 𑀬 𑀆𑀢𑁆𑀧𑀧𑀸𑀲𑀁𑀟𑀯𑀠𑀻 𑀘 𑀳𑁄𑀢𑀺 𑀥𑀁𑀫𑀲 𑀘 𑀤𑀻𑀧𑀦𑀸
༡ (ཀ) དེབཱནཾཔིཡེ པིཡདསི རཱཇཱ སབཔཱསཾཌཱནི ཅ པབཇིཏཱནི ཅ གྷརསྟཱནི ཅ པཱུཇཡཏི དཱནེན ཅ བིབཱདྷཱཡ ཅ པཱུཏཡཏི ནེ
༢ (ཁ) ན ཏུ ཏཐཱ དཱནཾ བ པཱུཇཱ བ དེབཱནཾཔིཡོ མཾཉཏེ ཡཐཱ ཀིཏི སཱརབད སཱརབཌྷཱི ཨས སབཔཱསཾཌཱནཾ (ག)
༣ (ང) ཏས ཏུ ཨིདཾ མཱུལཾ ཡ བཅིགུཏཱི ཀིཏི ཨཱཏྤཔཱསཾཌཔཱུཇཱ བ པརཔཱསཾཌགརཧཱ བ ནོ བྷབེ ཨཔྲཀརཎམྷི ལཧུཀཱ བ ཨས
༤ ཏམྷི ལམྷི པྲཀརཎེ (ཅ) པཱུཇེཏཡཱ ཏུ ཨེབ པརཔཱསཾཌཱ ཏེན ཏན པྲཀརཎེན (ཆ) ཨེབཾ ཀརུཾ ཨཱཏྤཔཱསཾཌཾ ཅ བཌྷཡཏི པརཔཱསཾཌས ཅ ཨུཔཀརོཏི
༥ (ཇ) ཏདཾཉཐཱ ཀརོཏོ ཨཱཏྤཔཱསཾཌཾ ཅ ཆཎཏི པརཔཱསཾཌས ཅ པི ཨཔཀརོཏི (ཉ) ཡོ ཧི ཀོཅི ཨཱཏྤཔཱསཾཌཾ པཱུཇཡཏི པརཔཱསཾདཾ བ གརཧཏི
༦ སབཾ ཨཱཏྤཔཱསཾཌབྷཏིཏཡཱ ཀིཾཏི ཨཱཏྤཔཱསཾཌཾ དཱིཔཡེམ ཨིཏི སོ ཅ པུན ཏཐ ཀརཱཏོ ཨཱཏྤཔཱསཾཌཾ བཱཌྷཏརཾ ཨུཔཧནཱཏི (ཏ) ཏ སམབཱཡོ ཨེབ སཱདྷུ
༧ ཀིཾཏི ཨཉམཾཉས དྷཾམཾ སྲུཎཱརུ ཅ སུསུཾསེར ཅ (ཐ) ཨེབཾ ཧི དེབཱབཾཔིཡས ཨིཆཱ ཀིཾཏི སབཔཱསཾཌཱ བཧུསྲུཏཱ ཅ ཨསུ ཀལཱཎཱགམཱ ཅ ཨསུ
༨ (ད) ཡེ ཅ ཏཏྲ ཏཏ པྲསཾནཱ ཏེཧི བཏབྱཾ (ན) དེབཱནཾཔིཡོ ནོ ཏཐཱ དཱནཾ བ པཱུཇཱཾ བ མཾཉཏེ ཡཐཱ ཀིཾཏི སཱརབཌྷཱི ཨས སརྦཔཱསཌཱནཾ (པ) བཧཀཱ ཅ ཨེཏཱཡ
༩ ཨཐཱ བྱཱཔཏཱ དྷཾམམཧཱམཱཏཱ ཅ ཨིཐཱིཇཁམཧཱམཱཏཱ ཅ བཅབྷཱུམཱིཀཱ ཅ ཨཉེ ཅ ནིཀཱཡཱ (ཕ) ཨཡཾ ཅ ཨེཏས ཕལ ཡ ཨཱཏྤཔཱསཾཌབདྷཱི ཅ ཧོཏི དྷཾམས ཅ དཱིཔནཱ
བྲག་ངོས་བཅུ་གཅིག་པ[བཅུ་གཉིས་པ]། རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་ནི། རབ་ཏུ་བྱུང་བའམ་ཁྱིམ་ན་གནས་པའི་ཆོས་སྤྱོད་པ་ཐམས་ཅད་ལ། རྣམ་པ་གཉིས་པོ་བསྙེན་བཀུར་དང་སྤང་བ་དག་ཕུལ་ཏེ་གུས་པ་བྱེད་དོ། །དེ་ལྟ་མོད་ཀྱི་རྒྱལ་བོ་ལྷ་རྣམས་ཀྱི་མཐོང་ན་དགའ་བ་ནི་ཆོས་ཀྱི་སྤྱོད་པ་ལ་ཇི་ལྟ་བར་བྱས་པ་དེ་ལྟ་བུར་རྒྱལ་བ་དང་བསྙེན་བཀུར་བྱ་བར་མི་འོས་སོ། །ཆོས་ཀྱི་སྤྱོད་པ་སྤེལ་བའི་རྩ་བ་ནི་ཚིག་བསྲུང་པའི་སྒོ་ནས་རང་གི་ལུགས་ལ་གནས་མ་ཡིན་པར་བསྔགས་པ་དང༌། གཞན་གྱི་ལུགས་ལ་སྨོད་པ་མེད་པར་ཀུན་ཏུ་བཏང་སྙོམས་སུ་གནས་པ་འདི་ཡིན་ནོ། །འོན་ཀྱང་གཞན་གྱི་ལུགས་ལ་ནི་རྣམ་པ་ཀུན་ཏུ་གུས་པར་ཡང་བྱའོ། །གལ་ཏེ་འགའ་ཞིག་འདི་བཞིན་དུ་སྤྱོད་ན། དེས་ནི་རྣམ་པ་གཉིས་པོ་འདི་ལྟ་སྟེ། རང་གི་ལུགས་སྲུང་བ་དང་། གཞན་གྱི་ལུགས་ཀྱང་སྲུང་བར་བྱེད་པའོ། །གང་གི་ཕྱིར། སུ་ཡང་རང་གི་ཆོས་ལུགས་ལ་ཞེན་པ་དང་། ལུགས་ཀྱི་གྲགས་པ་གསལ་བར་བྱ་བའི་བསམ་པས་རང་གི་ལུགས་ལ་བསྔགས་པ་དང་། གཞན་གྱི་ལུགས་ལ་སྨོད་པར་བྱེད་པ་ནི། ཅུང་ཟད་ཅིག་རང་གི་ལུགས་ལ་རྨ་ཚབས་ཆེ་བར་འབྱིན་པ་ཡང་ཡིན་ནོ། །མཐུན་པའི་ལས་ནི་ཆོས་ཀྱི་སྤྱོད་པ་ཡིན་པས། དེ་དག་གིས་ཕན་ཚུན་གྱི་ཆོས་འདུལ་བ་ལ་ཐོས་པ་དང་གུས་པར་བྱའོ། །གང་གི་ཕྱིར། རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བའི་བསམ་པ་ནི། ཆོས་ལུགས་གང་ཅི་ཡང་རུང་སྟེ་ཐམས་ཅད་ཀྱང་བསླབ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། བསླབ་པ་ཡང་དག་པར་བྱེད་པ་ཉིད་ཡིན་ནོ་སྙམ་དུ་སེམས་སོ། །སུ་ཡང་བསྙེན་བཀུར་འདོད་པ་རྣམས་ཀྱིས་ཆོས་ཀྱི་སྤྱོད་པ་ལ་གུས་པར་བྱ་ཡི། རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་ལ་ནི་དེ་ལྟ་མ་ཡིན་ནོ། །དོན་འདི་ཉིད་ཀྱི་སླད་དུ། ཆོས་ཀྱི་མཧཱམཱཏྲ་རྣམས་དང་། བུད་མེད་རྣམས་སྐྱོབ་པའི་མཧཱམཱཏྲ་རྣམས་དང༌། དུད་འགྲོ་རྣམས་བསྲུང་བའི་མཧཱམཱཏྲ་རྣམས་དང་། གཞན་ཡང་མང་དུ་བཙུགས་སོ། །འདི་ནི་འདི་ན་སྐྱེས་བུ་འགའ་ཞིག་གིས་ཆོས་ཀྱི་སྤྱོད་པ་གོང་དུ་སྤེལ་བའི་འབྲས་བུ་ཡིན་ནོ་ཞེས་བསམ་པར་བྱའོ། །
བྲག་ངོས་བཅུ་གསུམ་པ།
༡ (ཀ) ……….𑀜𑁄 𑀓𑀮𑀺𑀁𑀕𑀸 𑀯𑀚 ………. 𑀯𑀠𑁂 𑀲𑀢𑀲𑀳𑀲𑁆𑀭𑀫𑀸𑀢𑁆𑀭𑀁 𑀢𑀢𑁆𑀭𑀸 𑀳𑀢𑀁 𑀩𑀳𑀼𑀢𑀸𑀯𑀢𑀓𑀁 𑀫𑀢 (ག) 𑀢𑀢𑀸 𑀧𑀙𑀸 𑀅𑀥𑀼𑀦𑀸 𑀮𑀥𑁂𑀲𑀼 𑀓𑀮𑀺𑀁𑀕𑁂𑀲𑀼 𑀢𑀻𑀯𑁄 𑀥𑀁𑀫𑀯𑀸𑀬𑁄
༢ ………. 𑀲𑀬𑁄 𑀤𑁂𑀯𑀸𑀦𑀁𑀧𑁆𑀭𑀺𑀬𑀲 𑀯𑀚 ………. 𑀯𑀥𑁄 𑀯 𑀫𑀭𑀡𑀁 𑀯 𑀅𑀧𑀯𑀸𑀳𑁄 𑀯 𑀚𑀦𑀲 𑀢 𑀩𑀸𑀠𑀁 𑀯𑁂𑀤𑀦𑀫𑀢 𑀘 𑀕𑀼𑀭𑀼𑀫𑀢 𑀘 𑀤𑁂𑀯𑀸𑀦𑀁𑀧𑀺 … 𑀲
༣ ……….𑀩𑀸𑀫𑁆𑀳𑀡𑀸 𑀯 𑀲𑀫𑀡𑀸 𑀯 𑀅𑀜𑁂 ………. 𑀲𑀸 𑀫𑀸𑀢𑁆𑀭𑀺 𑀧𑀺𑀢𑀭𑀺 𑀲𑀼𑀲𑀼𑀁𑀲𑀸 𑀕𑀼𑀭𑀼𑀲𑀼𑀲𑀼𑀁𑀲𑀸 𑀫𑀺𑀢𑀲𑀁𑀲𑁆𑀢𑀢𑀲𑀳𑀸𑀬𑀜𑀸𑀢𑀺𑀓𑁂𑀲𑀼 𑀤𑀸𑀲𑀪 ……
༤ ……… 𑀅𑀪𑀺𑀭𑀢𑀸𑀦𑀁 𑀯 𑀯𑀺𑀦𑀺𑀔𑀫𑀡 (ཉ) 𑀬𑁂𑀲𑀁 𑀯𑀸 𑀧 ………. 𑀳𑀸𑀬𑀜𑀸𑀢𑀺𑀓𑀸 𑀯𑁆𑀬𑀲𑀦𑀁 𑀧𑁆𑀭𑀸𑀧𑀼𑀡𑀢𑀺 𑀢𑀢 𑀲𑁄 𑀧𑀺 𑀢𑁂𑀲 𑀉𑀧𑀖𑀸𑀢𑁄 𑀳𑀺𑀢𑀸 (ཏ) 𑀧𑀝𑀻𑀪𑀸𑀕𑁄 𑀘𑁂𑀲𑀸 𑀲𑀯 ……….
༥ ………. 𑀲𑁆𑀢𑀺 𑀇𑀫𑁂 𑀦𑀺𑀓𑀸𑀬𑀸 𑀅𑀜𑀢𑁆𑀭 𑀬𑁄𑀦𑁂𑀲𑀼 ………. 𑀫𑁆𑀳𑀺 𑀬𑀢𑁆𑀭 𑀦𑀸𑀲𑁆𑀢𑀺 𑀫𑀸𑀦𑀼𑀲𑀸𑀦𑀁 𑀏𑀓𑀢𑀭𑀫𑁆𑀳𑀺 𑀧𑀸𑀲𑀁𑀟𑀫𑁆𑀳𑀺 𑀦 𑀦𑀸𑀫 𑀧𑁆𑀭𑀲𑀸𑀤𑁄 (ད) 𑀬𑀸𑀯𑀢𑀓𑁄 𑀚𑀦𑁄 𑀢𑀤𑀸
༦ ………. 𑀬𑀸𑀯𑀢𑀓𑁄 𑀚𑀦𑁄 𑀢𑀤𑀸………. 𑀦 𑀬 𑀲𑀓 𑀙𑀫𑀺𑀢𑀯𑁂 (པ) 𑀬𑀸 𑀘 𑀧𑀺 𑀅𑀝𑀯𑀺𑀬𑁄 𑀤𑁂𑀯𑀸𑀦𑀁𑀧𑀺𑀬𑀲 𑀧𑀺𑀚𑀺𑀢𑁂 𑀧𑀸𑀢𑀺
༧ ………. 𑀘𑀢𑁂 𑀢𑁂𑀲𑀁 𑀤𑁂𑀯𑀸𑀦𑀁𑀧𑀺𑀬𑀲 ………. 𑀲𑀯𑀪𑀽𑀢𑀸𑀦𑀁 𑀅𑀙𑀢𑀺𑀁 𑀘 𑀲𑀬𑀫𑀁 𑀘 𑀲𑀫𑀘𑁃𑀭𑀁 𑀘 𑀫𑀸𑀤𑀯 𑀘
༨ ………. 𑀮𑀥𑁄 …… 𑀦𑀧𑁆𑀭𑀺𑀬𑀲 𑀇𑀥 𑀲𑀯𑁂𑀲𑀼 𑀘 ……….𑀬𑁄𑀦𑀭𑀸𑀚 𑀧𑀭𑀁 𑀘 𑀢𑁂𑀦 𑀘𑀢𑁆𑀧𑀸𑀭𑁄 𑀭𑀸𑀚𑀸𑀦𑁄 𑀢𑀼𑀭𑀫𑀸𑀬𑁄 𑀘 𑀅𑀁𑀢𑁂𑀓𑀺𑀦 𑀘 𑀫𑀕𑀸 𑀘
༩ ………. 𑀇𑀥 𑀭𑀸𑀚𑀯𑀺𑀲𑀬𑀫𑁆𑀳𑀺 𑀬𑁄𑀦𑀓𑀁𑀩𑁄 ………. 𑀥𑁆𑀭𑀧𑀸𑀭𑀺𑀁𑀤𑁂𑀲𑀼 𑀲𑀯𑀢 𑀤𑁂𑀯𑀸𑀦𑀁𑀧𑀺𑀬𑀲 𑀥𑀁𑀫𑀸𑀦𑀼𑀲𑀲𑁆𑀝𑀺𑀁 𑀅𑀦𑀼𑀯𑀢𑀭𑁂 (ཛ) 𑀬𑀢 𑀧𑀺 𑀤𑀽𑀢𑀺
༡༠ ………. 𑀦𑀁 𑀥𑀫𑀸𑀦𑀼𑀲𑀲𑁆𑀝𑀺𑀁 𑀘 𑀥𑀫𑀁 𑀅𑀦𑀼𑀯𑀺𑀥𑀺𑀬𑀭𑁂 ……….𑀯𑀺𑀚𑀬𑁄 𑀲𑀯𑀣𑀸 𑀧𑀼𑀦 𑀯𑀺𑀚𑀬𑁄 𑀧𑀻𑀢𑀺𑀭𑀲𑁄 𑀲𑀸 (ཞ) 𑀮𑀥𑀸 𑀲𑀸 𑀧𑀻𑀢𑀻 𑀳𑁄𑀢𑀺 𑀥𑀁𑀫𑀯𑀻𑀚𑀬𑀫𑁆𑀳𑀺
༡༡ ………. 𑀧𑁆𑀭𑀺𑀬𑁄 (ཡ) 𑀏𑀢𑀸𑀬 𑀅𑀣𑀸𑀬 𑀅𑀬𑀁 𑀥𑀁𑀫𑀮 ………. 𑀯𑀁 𑀯𑀺𑀚𑀬𑀁 𑀫𑀸 𑀯𑀺𑀚𑁂𑀢𑀯𑁆𑀬𑀁 𑀫𑀁𑀜𑀸 𑀲𑀭𑀲𑀓𑁂 𑀏𑀯 𑀯𑀺𑀚𑀬𑁂 𑀙𑀸𑀢𑀺 𑀘
༡༢ ………. 𑀓𑀺𑀓𑁄 𑀘 𑀧𑀸𑀭𑀮𑁄𑀓𑀺𑀓𑁄 ………. 𑀇𑀮𑁄𑀓𑀺𑀓𑀸 𑀘 𑀧𑀸𑀭𑀮𑁄𑀓𑀺𑀓𑀸 𑀘
༡ (ཀ) ་་་་་་་་་ཉོ ཀལིཾགཱ བཇ ་་་་་་་་་བཌྷེ སཏསཧསྲམཱཧཾ ཏཏྲཱ ཧཏཾ བཧུཏཱབཏཀཾ མཏ (ག) ཏཏཱ པཆཱ ཨདྷུནཱ ལདྷེསུ ཀལིཾགེསུ ཏཱིབོ དྷཾམབཱཡོ
༢ ་་་་་་་་་་སཡོ དེབཱནཾཔྲིཡས བཇ ་་་་་་་་་བདྷོ བ མརཎཾ བ ཨཔབཱཧོ བ ཇནས ཏ བཱཌྷཾ བེདནམཏ ཅ གུརུམཏ ཅ དེབཱནཾཔི ་་་ས
༣ ་་་་་་་་་བཱམྷཎཱ བ སམཎཱ བ ཨཉེ ་་་་་་་་་སཱ མཱཏྲི པིཏརི སུསུཾསཱ གུརུསུསུཾསཱ མིཏསཾསྟཏསཧཱཡཉཱཏིཀེསུ དཱསབྷ ་་་་་་་་་
༤ ་་་་་་་་་ཨབྷིརཏཱནཾ བ བིནིཁམཎ (ཉ) ཡེསཾ བཱ པ ་་་་་་་་་ཧཱཡཉཱཏིཀཱ བྱསནཾ པྲཱཔུཎཏི ཏཏ སོ པི ཏེས ཨུཔགྷཱཏོ ཧིཏཱ (ཏ) པཊཱིབྷཱགོ ཅེསཱ སབ ་་་་་་་་་
༥ ་་་་་་་་་སྟི ཨིམེ ནིཀཱཡཱ ཨཉཏྲ ཡོནེསུ ་་་་་་་་་མྷི ཡཏྲ ནཱསྟི མཱནུསཱནཾ ཨེཀཏརམྷི པཱསཾཌམྷི ན ནཱམ པྲསཱདོ (ད) ཡཱབཏཀོ ཇནོ ཏདཱ
༦ ་་་་་་་་་སྲབྷཱགོ བ གརུམཏོ དེབཱནཾ ་་་་་་་་་ན ཡ སཀ ཆམིཏབེ (པ) ཡཱ ཅ པི ཨཊབིཡོ དེབཱནཾཔིཡས པིཇིཏེ པཱཏི
༧ ་་་་་་་་་ཅཏེ ཏེསཾ དེབཱནཾཔིཡས ་་་་་་་་་སབབྷཱུཏཱནཾ ཨཆཏིཾ ཅ སཡམཾ ཅ སམཅཻརཾ ཅ མཱདབ ཅ
༨ ་་་་་་་་་ལདྷོ ་་་་་་ནཔྲིཡས ཨིདྷ སབེསུ ཅ ་་་་་་་་་་ཡོནརཱཇ པརཾ ཅ ཏེན ཅཏྤཱརོ རཱཇཱནོ ཏུརམཱཡོ ཅ ཨཾཏེཀིན ཅ མགཱ ཅ
༩ ་་་་་་་་་ ཨིདྷ རཱཇབིསཡམྷི ཡོནཀཾབོ ་་་་་་་་་་ དྷྲཔཱརིཾདེསུ སབཏ དེབཱནཾཔིཡས དྷཾམཱནུསསྚིཾ ཨནུབཏརེ (ཛ) ཡཏ པི དཱུཏི
༡༠ ་་་་་་་་་ ནཾ དྷམཱནུསསྚིཾ ཅ དྷམཾ ཨནུབིདྷིཡརེ ་་་་་་་་་ བིཇཡོ སབཐཱ པུན བིཇཡོ པཱིཏིརསོ སཱ (ཞ) ལདྷཱ སཱ པཱིཏཱི ཧོཏི དྷཾམབཱིཇཡམྷི
༡༡ ་་་་་་་་་པྲིཡོ (ཡ) ཨེཏཱཡ ཨཐཱཡ ཨཡཾ དྷཾམལ ་་་་་་་་་ བཾ བིཇཡཾ མཱ བིཇེཏབྱཾ མཾཉཱ སརསཀེ ཨེབ བིཇཡེ ཆཱཏི ཅ
༡༢ ་་་་་་་་་ཀིཀོ ཅ པཱརལོཀིཀོ ་་་་་་་་་ ཨིལོཀིཀཱ ཅ པཱརལོཀིཀཱ ཅ
བྲག་ངོས་བཅུ་གཉིས་པ[བཅུ་གསུམ་པ]། ཀལིངྒ་བ་རྣམས་ལས་གང་ཞིག་བསད་པར་གྱུར་བ་ནི་བརྒྱ་སྟོང་ཕྲག་དུ་མ་དང༌། སྐབས་མང་བོར་འབྲོག་སྟོང་ཆེན་པོར་བྲོས་ཤིང་ཟས་དང་ཆུ་མ་རྙེད་པར་རྐྱེན་དེ་ཉིད་ཀྱིས་ཤི་བར་གྱུར་བ་ཡང་གྲངས་མེད་དོ། །དེ་དག་དེ་ལྟར་བསད་ཅིང་ཤི་བ་དང་ཀལིངྒ་བ་རྣམས་ཀྱི་ཉམ་ཐག་པའི་གནས་སྐབས་དེ་རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བོས་རྟག་ཏུ་ནད་དང་བཅས་པ་དང་། ཡི་མུག་དང་བཅས་པའི་སེམས་ཀྱིས་བསམ་པར་བྱེད་དོ། །དེ་དག་དེ་ལྟར་བསད་ཅིང་ཤི་བའི་གནོང་འགྱོད་ཀྱིས་རྒྱལ་པོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་འདི་དང་མ་འོངས་པའི་དུས་ཀུན་ཏུ་ཆོས་ཀྱི་སྤྱོད་པ་བརྩོན་ཏོ། །ཀལིངྐ་བ་རྣམས་ལས་གང་ཞིག་དགེ་སྦྱོང་དུ་གྱུར་བ་དང་། བྲམ་ཟེར་གྱུར་བ་དང་། གཞན་ཡང་ཕ་མ་ལ་གུས་པ་དང་རྒན་རབས་ལ་གུས་པ་དག་དང་། དེ་དག་གི་སྣག་གི་གཉེན་མཚམས་དང་བརྩེ་བའི་མཛའ་གྲོགས་རྣམས་ལ་དེ་ལྟར་སྡུག་བསྔལ་བར་བྱས་ཤིང་། བསོད་ནམས་མ་ཡིན་པ་ཉམས་དམས་པ་འདི་ལྟ་བུ་ཕབས་སོ། །གནས་སྐབས་འདི་རྣམས་ནི་རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བས་རྟག་ཏུ་ནད་དང་བཅས་པ་དང་ཡི་མུག་དང་བཅས་པའི་སེམས་ཀྱིས་བསམ་པར་བྱེད་དོ། །རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་ཡུལ་རྣམ་པ་བཞི་བོ་འདི་ལྟ་སྟེ། ཡོ་ན་རྣམས་དང་། ཀམོཛ་[ཀམྦོཛ་]རྣམས་དང་། ཨརྩྭར་རྣམས་དང༌། པ་རིནྡ་རྣམས་ལས་རྒྱལ་ཏེ། ཡུལ་འདི་དག་ཀུན་ཏུ་རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བའི་ཆོས་ཀྱི་བསླབ་པ་ལ་མཉན་པར་བྱེད་དོ། །ཆོས་ཀྱི་བསླབ་པ་ཚེ་འདི་དང་ཕྱི་མ་དག་ཏུ་བདེ་བར་འགྱུར་བ་ལ་མཉན་པར་བྱེད་དོ། །རྒྱལ་ཁམས་ཀྱི་རི་བྲག་པ་རྣམས་ལ་ཡང་རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བ་དེང་ནས་སྲོག་ཆགས་སུ་གྱུར་བ་ཐམས་ཅད་ལ་འཚེ་བ་ལས་ལྡོག་གོ་ཞེས་གོ་བར་བྱས་སོ། །
བྲག་ངོས་བཅུ་བཞི་བ།
༡ (ཀ) 𑀅𑀬𑀁 𑀥𑀁𑀫𑀮𑀺𑀧𑀻 𑀤𑁂𑀯𑀸𑀦𑀁𑀧𑀺𑀬𑁂𑀦 𑀧𑁆𑀭𑀺𑀬𑀤𑀲𑀺𑀦 𑀭𑀸𑀜𑀸 𑀮𑁂𑀔𑀸𑀧𑀺𑀢𑀸 𑀅𑀲𑁆𑀢𑀺 𑀏𑀯
༢ 𑀲𑀁𑀔𑀺𑀢𑁂𑀦 𑀅𑀲𑁆𑀢𑀺 𑀫𑀭𑀼𑀫𑁂𑀦 𑀅𑀲𑁆𑀢𑀺 𑀯𑀺𑀲𑁆𑀢𑀢𑀦 (ཁ) 𑀦 𑀘 𑀲𑀭𑁆𑀯𑀁 𑀲𑀭𑁆𑀯𑀢 𑀖𑀝𑀺𑀢𑀁
༣ (ག) 𑀫𑀳𑀸𑀮𑀓𑁂 𑀳𑀺 𑀯𑀺𑀚𑀺𑀢𑀁 𑀩𑀳𑀼 𑀘 𑀮𑀺𑀔𑀺𑀢𑀁 𑀮𑀺𑀔𑀸𑀧𑀬𑀺𑀲𑀁 𑀘𑁂𑀯 (ང) 𑀅𑀲𑁆𑀢𑀺 𑀘 𑀏𑀢 𑀓𑀁
༤ 𑀧𑀼𑀦 𑀧𑀼𑀦 𑀯𑀼𑀢𑀁 𑀢𑀲 𑀢𑀲 𑀅𑀣𑀲 𑀫𑀸𑀥𑀽𑀭𑀢𑀸𑀬 𑀓𑀺𑀁𑀢𑀺 𑀚𑀦𑁄 𑀢𑀣𑀸 𑀧𑀝𑀺𑀧𑀚𑁂𑀣
༥ (ཅ) 𑀢𑀢𑁆𑀭 𑀏𑀓𑀤𑀸 𑀅𑀲𑀫𑀸𑀢𑀁 𑀮𑀺𑀔𑀺𑀢𑀁 𑀅𑀲 𑀤𑁂𑀲𑀁 𑀯 𑀲𑀙𑀸𑀬 𑀓𑀸𑀭𑀡𑀁 𑀯
༦ 𑀅𑀮𑁄𑀘𑁂𑀢𑁆𑀧𑀸 𑀮𑀺𑀧𑀺𑀓𑀭𑀸𑀧𑀭𑀥𑁂𑀦 𑀯
༡ (ཀ) ཨཡཾ དྷཾམལིཔཱི དེབཱནཾཔིཡེན པྲིཡདསིན རཱཉཱ ལེཁཱཔིཏཱ ཨསྟི ཨེབ
༢ སཾཁིཏེན ཨསྟི མརུམེན ཨསྟི བིསྟཏན (ཁ) ན ཅ སརྦཾ སརྦཏ གྷཊིཏཾ
༣ (ག) མཧཱལཀེ ཧི བིཇིཏཾ བཧུ ཅ ལིཁིཏཾ ལིཁཱཔཡིསཾ ཅེབ (ང) ཨསྟི ཅ ཨེཏ ཀཾ
༤ པུན པུན བུཏཾ ཏས ཏས ཨཐས མཱདྷཱུརཏཱཡ ཀིཾཏི ཇནོ ཏཐཱ པཊིཔཇེཐ
༥ (ཅ) ཏཏྲ ཨེཀདཱ ཨསམཱཏཾ ལིཁིཏཾ ཨས དེསཾ བ སཆཱཡ ཀཱརཎཾ བ
༦ ཨལོཅེཏྤཱ ལིཔིཀརཱཔརདྷེན བ
བྲག་ངོས་བཅུ་གསུམ་པ[བཅུ་བཞི་བ]། ཆོས་ཀྱི་ཡི་གེ་འདི་བསྡུས་པའམ་འབྲིང་ངམ་རྒྱས་པ་ཡང་རུང་སྟེ། རྒྱལ་བོ་ལྷ་རྣམས་ཀྱི་དགའ་བོ་མཐོང་ན་དགའ་བས་བྲིས་པ་ཉིད་ཡིན་ནོ། །བདག་གི་སེམས་མ་མཉམ་པ་དང་། ཡིག་མཁན་དང་། རྐྱེན་གཞན་གྱིས་ཀྱང་རུང་སྟེ་ཅུང་ཟད་ཅིག་ནི་འཁྲུལ་བར་ཡང་སྲིད་དོ། །དོན་འགའ་ཞིག་ནི་སྐྱེ་བོ་རྣམས་འཇུག་པར་བྱ་བའི་སླད་དུ་ཡང་དང་ཡང་དུ་བཟླས་ཏེ་ཡང་བྲིས་སོ། །བདག་གི་རྒྱལ་སྲིད་ཀྱི་ཡུལ་ནི་རྒྱ་ཆེ་བས་མང་བོ་ཞིག་ནི་བྲིས་ཟིན་ཅིང་། ད་དུང་ཡང་མང་དུ་འབྲི་བར་འདོད་དོ། །
རྒྱལ་པོ་འདིའི་ཆོས་ཀྱི་ཡི་གེ་རྒྱ་གར་གྱི་ཡུལ་གྲུ་དུ་མར་མཆིས་པ་ལས། ཕྱོགས་གཅིག་ཏུ་བྲིས་པ་ལ་འདི་མང་ཤོས་ཡིན་ཞིང་། དོན་འགངས་ཆེན་དུ་མ་ཡང་འདུས། ཆོས་ཀྱི་རྒྱལ་པོ་ཆེན་པོ་འདིའི་བཀའ་དྲིན་དྲན་པར་བྱ་བའི་སླད་དུ། མཁས་པ་དུ་མ་ལ་འདྲི་རྟོགས་ཀྱིས་དཀའ་ཚེགས་རྒྱ་ཆེན་པོ་དང་བཅས་དགེ་འདུན་ཆོས་འཕེལ་གྱིས་བྲིས་པ་ལགས།
རྒྱལ་པོ་འདིའི་མཚན་ལ་དེ་བ་ན་མ་སྲི་ཡ་དརྴའམ་[དེབནཾཔྲིཡདསི]ལྷ་སྲས་ཀྱི་དགའ་བོ་མཐོང་ན་དགའ་བོ་[བ་]ཞེས་རང་རེའི་ལོ་རྒྱུས་གང་དུ་ཡང་མ་མཐོང་མོད། ལྷོ་ཕྱོགས་མ་ལ་ཡའི་ཡུལ་མཥྐིབྱན་རྒྱལ་བོ་འདིའི་ཡི་གེ་བྲག་ངོས་སུ་ཡོད་པ་གཅིག་ལ་དེབནཾཔིཡསཨསོཀསཨདྷིཀཱནིབསནི། [(པར) གསེར་ཐང་། ཤ༢༤༢]ལྷ་རྣམས་ཀྱི་དགའ་བོ་མྱ་ངན་མེད་པ་ལོ་ཕྱེད་ལྷག་པའི་གསུམ་ནས་སངས་རྒྱས་ཀྱི་རྗེས་སུ་འབྲངས་པར་གྱུར། དགེ་འདུན་གྱི་རྗེས་སུ་འབྲངས་པར་གྱུར། ཅེས་ཡོངས་གྲགས་ཀྱི་མཚན་དངོས་སུ་འཐོན་ཏེ་བྲིས་ཤིང་བཙུན་པ་སངས་རྒྱས་དབྱངས་ཀྱི་ལུང་རིང་བོའི་རྡོ་འབྱེད་དུ་ཡང་རྒྱལ་པོའི་མཚན་ལ་སྲི་ཡ་དརྴར་[པྲིཡདས]་བྲིས་ཤིང་། སིང་གྷ་ལའི་རྒྱལ་རབས་དྭེཔཝཾཤརབ[དྭཱིཔབཾཤ]། པིཡདསན་དང་། སུདསན། ཨཤྭཀ། དྷརྨཱཤྭཀ་བྱ་བའི་མིང་བཞི་བྱུང་བས་ཤིན་ཏུ་གསལ་བར་ངེས་ནུས་ལ་དརྴ་ལ་དས་དང་པྲིཡ་སོགས་བྱུང་བ་རྣམས་པྲ་ཀྲི་[ཀྲྀ་]ཏར་ཤེས་པར་བྱའོ། །
རྒྱལ་[བོ་]རང་གིས་རྡོ་ཡིག་ལ་གསུངས་[པ་]བཞིན། ཆོས་ལུགས་ཀུན་ལ་ཡང་གུས་པར་མཛད་པའི་རྟགས་ལྟ་བུ་ད་ལྟའི་བར་ག་ཡ་དང་ཉེ་བ་བརབྷར་[21]ཞེས་བྱ་བའི་རི་ལ་མུ་སྟེགས་གཅེར་བུའི་སྡེ་ཚན། ཨཱཛིབིཀ་འཚོ་ས་[འཚོ་བ་བ་]བྱ་བ་དག་གི་སྡོད་གནས་སུ་རྒྱལ་བོ་འདིས་ཆེད་གཉེར་གྱིས་བསྐྲུན་པའི་བྲག་གི་ཁང་བ་ཡི་གེ་དང་བཅས་པ་ཞིག་ཀྱང་བསྟར་ཡོད་དོ།། །།
༢། བྷ་རཱ་བྷ་ར་དང་ན་གརྗ་ནཱི་ཕུག་པའི་ཡི་གེ
དང་བོ།
1 𑀮𑀸𑀚𑀺𑀦𑀸 𑀧𑀺𑀬𑀤𑀲𑀺𑀦𑀸 𑀤𑀼𑀯𑀸𑀟𑀲𑀯𑀲𑀸𑀪𑀺𑀲𑀺𑀢𑁂𑀦𑀸
2 𑀇𑀬𑀁 𑀦𑀺𑀕𑁄𑀳𑀓𑀼𑀪𑀸 𑀤𑀺𑀦𑀸 𑀆𑀚𑀻𑀯𑀺𑀓𑁂𑀳𑀺
༡། ལཱཇིནཱ པིཡདསིནཱ དུབཱཌསབསཱབྷིསིཏེནཱ
༢། [ཨིཡཾ ནིགོཧ]ཀུབྷཱ[22] དིནཱ ཨཱཇཱིབིཀེཧི
རྐང་མང་ཕུག་པ་འདི་ལྷ་མཐོང་ན་དགའ་བས་སྤྱི་བོ་ནས་དབང་བསྐུར་བའི་ལོ་བཅུ་གཉིས་པ་ལ་འཚོ་བ་བ་རྣམས་ཀྱི་སླད་དུ་སྦྱིན་ནོ། །
གཉིས་པ།
- 𑀮𑀸𑀚𑀺𑀦𑀸 𑀧𑀺𑀬𑀤𑀲𑀺𑀦𑀸 𑀤𑀼𑀯𑀸-
2. 𑀟𑀲𑀯𑀲𑀸𑀪𑀺𑀲𑀺𑀢𑁂𑀦𑀸 𑀇𑀬𑀁
3. 𑀓𑀼𑀪𑀸 𑀔𑀮𑀢𑀺𑀓𑀧𑀯𑀢𑀲𑀺
4. 𑀤𑀺𑀦𑀸 𑀆𑀚𑀻𑀯𑀺𑀓𑁂𑀳𑀺
༡། ལཱཇིནཱ པིཡདསིནཱ དུབཱ-
༢། ཌསབསཱབྷིསིཏེནཱ ཨིཡཾ
༣། ཀུབྷཱ ཁལཏིཀཔབཏསི
༤། དིནཱ [ཨཱཇཱིབི]ཀེཧི
ཁ་ལ་ཏི་ཀའི་རིའི་ཕུག་པ་འདི་ལྷ་མཐོང་ན་དགའ་བས་སྤྱི་བོ་ནས་དབང་བསྐུར་བའི་ལོ་བཅུ་གཉིས་པ་ལ་འཚོ་བ་བ་རྣམས་ཀྱི་སླད་དུ་སྦྱིན་ནོ། །
གསུམ་པ།
- 𑀮𑀸𑀚 𑀧𑀺𑀬𑀤𑀲𑀻 𑀏𑀓𑀼𑀦𑀯𑀻-
- 𑀲𑀢𑀺𑀯𑀲𑀸𑀪𑀺𑀲𑀺𑀢𑁂 𑀚𑀮𑀖𑁄-
- 𑀲𑀸𑀕𑀫𑀣𑀸𑀢 𑀫𑁂 𑀇𑀬𑀁 𑀓𑀼𑀪𑀸
- 𑀲𑀼𑀧𑀺𑀬𑁂 𑀔 ……𑀤𑀺-
- 𑀦𑀸
༡། ལཱཇ པིཡདསཱི ཨེཀུནབཱི-
༢། སཏིབསཱ[བྷི]སི[ཏེ] ཇ[ལགྷོ]-
༣། [སཱགམ]ཐཱཏ [མེ] ཨི[ཡཾ ཀུབྷཱ]
༤། སུ[པིཡེ]ཁ ་་་་་་་་་་་[དི]-
༥། ནཱ[23]
དགའ་བ་ཁ་ལ་ཏི་ཀའི་རིའི་ཕུག་པ་འདི་བདག་ལྷ་མཐོང་ན་དགའ་བས་སྤྱི་བོ་ནས་དབང་བསྐུར་བའི་ལོ་བཅུ་དགུ་བ་ལ་འཚོ་བ་བ་རྣམས་ཀྱི་དབྱར་གནས་ཀྱི་སླད་དུ་ཕུལ་བའོ། །
དེ་ཡང་ག་ཡཱ་ནས་སྤྱི་ལེ་༣༢ཙམ་གྱི་མཚམས་སུ་ཡོད་པའི་བྷ་རཱ་བྷ་ར་དང་ན་གརྗུ་ནཱིའི་རི་ལ་ཡོད་པའི་ཕུག་པ་ནི་རྒྱ་གར་ནང་དུ་རྙེད་སོན་བྱུང་བའི་བྲག་ཕུག་རྙིང་ཤོས་ཡིན་པར་བཤད། བྲག་ཕུག་དེ་དག་དེང་གི་འཇའ་ཧཱ་ནཱ་བྷཱ་ད་རྫོང་ལ་ཡོད་ཅིང་། སྤྱི་ལོ་༢༠༢༡ཟླ་༡༠བའི་ཚེས་༣ཉིན་གྱི་ཕྱི་དྲོ་ཙམ་ལ་དངོས་སུ་གནས་དེར་འབྱོར། དེ་དག་ལས་བྲག་ཕུག་དང་བོའི་ནང་ལོགས་ཀྱི་བྲག་ངོས་འཇམ་བརྡར་བྱས་པ་ཆེས་ལེགས་པས་གཟུགས་བརྙན་ཡང་མི་ཤར་རམ་སྙམ་པ་བྱེད་ཅིང་། དེ་ལ་རྨ་བྱའི་རྒྱལ་བརྒྱུད་སྐབས་ཀྱི་འཇམ་བརྡར་ཞེས་ལག་རྩལ་ཁྱད་དུ་འཕགས་པར་བརྩི་བར་འདུག བྲག་ཕུག་དེའི་ནང་ལོགས་ཀྱི་ཞབས་གྲུ་བཞི་ནར་མོའི་དབྱིབས་ལ་ཀླད་གཞུའི་དབྱིབས། རྒྱར་གོམ་ཞེང་ཉི་ཤུ་མ་ཟིན་ཙམ་དང་དཔངས་ལ་མི་འགྲེངས་གཅིག་དང་ཕྱེད་ཙམ་ཡོད་སྣང་། ཕྱོགས་གཅིག་ན་མཆོད་སྟེགས་ཡིན་ནམ་བཞུགས་ཁྲི་གང་ཡིན་མི་ངེས་པ་བྲག་རང་ལས་བཏོད་པ་པུས་མོའི་མཚམས་སུ་སླེབས་པ་ཟུར་གཉིས་ལ་རྫོགས་པར་ཐུག་པ་ཞིག་འདུག བྲག་ཕུག་ནང་ལོགས་ནས་བཟླས་པ་དང་ཅ་ཅོ་སྒྲོགས་ན་བྲག་ཅ་ལེགས་པར་འཁྱིལ་ཞིང་། དབུ་མཛད་སྐད་ཅན་ཞིག་གིས་སྐྱོར་ན་འབྲུག་སྒྲ་བཞིན་ལྡིར་མི་འོང་ངམ་སྙམ་པ་ཞིག་འདུག་ལ་ནང་ལོགས་དམིགས་ཀྱིས་དྲོད་ལམ་མེར་འདུག བྷ་རཱ་བྷ་རའི་རི་དེར་ཀ་རན་ཅཽ་པར་དང་། ལོ་མ་ས་རྀ་ཥི། སུ་ད་མ། བིཤྭ་ཀརྨ་བྲག་ཕུག་བཅས་བྲག་ཕུག་བཞི་ཡོད་ཅིང་དེ་དག་བཞིན་རེ་རེ་བཞིན་ཞིབ་ཏུ་བལྟས་ཤིང་རྗེས་སུ་བརྟག་པའི་སླད་པར་དང་བརྙན་ཡང་བླངས། དེ་བཞིན་དམིགས་བསལ་དུ་ལོ་མ་ས་རྀ་ཥིའི་བྲག་ཕུག་སྒོའི་ཁའི་ཡ་ཐེམ་ན་དུས་རབས་༥བ་ཙམ་དུ་བརྐོས་པའི་གུཔྟའི་ཡིག་གཟུགས་བོད་ཡིག་དང་འདྲ་ཆེ་བ་དེ་མཇལ་ཞིང་། བརྙན་དང་པར་ལེགས་པར་བླངས། དེའི་འཁྲིས་སུ་ནགརྗུནི་བྲག་ཕུག་དག་ཏུ་གྲགས་པ་ཁག་ཡོད་ཀྱང་ས་རུབ་པས་དེ་རྣམས་ཞིབ་ཀྱིས་མཇལ་ལོང་མ་བྱུང་། སྤྱི་ལོ་སྔོན་གྱི་ལོ་༣༢༢ནས་༡༨༥བར་དུ་ཨ་ཤོ་ཀ་དང་སྦྱིན་པའི་བདག་པོ་དུ་མས་གཅེར་བུ་བའི་འཚོ་བ་བ་ཞེས་པའི་སྡེ་ལ་ཕུལ་བར་གྲགས། དེ་ལ་(𑀆𑀚𑀻𑀯𑀺𑀓𑀸)ཨཱཇཱིབིཀཱ་ཞེས་པ་དགེ་ཆོས་མཆོག་གིས་མུ་སྟེགས་གཅེར་བུའི་སྡེ་ཚན་ཞེས་གསུངས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་དང་གཅེར་བུ་བའི་མུ་སྟེགས་བྱེད་པ་མཐའ་མ་༢༤བ་མ་ཧཱ་བཱིར་དང་ཡང་དུས་མཉམ་པའི་མཀ་ཁ་ལི་གོ་སཱ་ལས་སྲོལ་བཏོད་པའི་ཆོས་ལུགས་ཤིག་ཡིན་པར་བཤད་དོ། །
རེ་ཞིག་རྫོགས་སོ། ། དགེའོ། །
དཔྱད་གཞིའི་རྒྱུ་ཆ།
- མཁས་དབང་དགེ་འདུན་ཆོས་འཕེལ། (༢༠༠༩) མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་བཞུགས་སོ། ། སྟོད་ཆ། སི་ཁྲོན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
- डॉ. राजबली पाण्डेय. (१९६५). अशोकका अभिलेख, वाराणसीः ज्ञानमण्डल लिमिटेड.
- डॉ. श्रीराम गोयल. (१९८४). गुप्तकालीन अभिलेख, जोधपुरः कुसुमाञ्जलि प्रकाशन.
- Naresh Prasad Rastogi.(1980). Origin of Brāhmī Script: The Beginning of Alphabet in India. Varanasi: Chawkhamba Saraswatibhawan.
- Upasak C.S. (2002). History of Palaeography of Mauryan Brāhmī Script. Bihar: Nava Nālanda Mahāvihāra.
- Suttisa Lappermsap. (2017). Aśokan Edicts: An Assemblage of Sociological Assertions and Moral Guidelines. Delhi: Eastern Book Linkers.
- B. Diskalkar. (1977). Selections from Sanskrit Inscriptions: Text, Complete Translation into English, Historical, Poetical Importances, Introductory and literary Notes. New Delhi: Classical Publisers.
- J. Mangalam. (1990). Kharosthi Script. Delhi: Eastern Book Linkers.
- Senart, Émile. (1881). Les Inscriptions De Piyadasi. Paris: Imprimerie Nationale.
- Journal of the Asiatic Society of Bengal, Vol. 7, 18 pp. 219ff.
- Hultzsche, Ph. D. (1925). Inscriptions of Asoka. (New Edition) Oxford: Clarendon Press.
- John Faithful. ( 1888). Copus Inscritionum Indicarum. (Vol. 3) Inscriptions of the early Gupta Kings and their successors. Culcatta: Superintendent of government printing.
- Lahiri, Nayanjot. (2015). Ashoka in Ancient India. Harvard University Press.
བརྡ། (Singla)
ཇཨསབ Journal of the Asiatic Society of Bengal. ང = སྤྱི་ལོ་སྔོན།
ཞབས་མཆན།
[1] Lahiri, Nayanjot. Ashoka in Ancient India. Harvard University Press. 2015, p. 24.
[2] ༡། ཡོ་ན་རཱ་ཛ་ཨནྟི་ཡོ་ཀ (ང༢༦༡-༢༤༦)(Antiochu II – Theos of Syria); ༢། ཏོ་ར་མ་ན། (ང༢༨༥-༢༡༧) (Ptolemy II – Philadelphos of Egypt); ༣། ཨནྟེ་ཀི་ན། (ང༢༧༧-༢༣༩) (Antigonus Gonnats of Macedonia); ༤། མ་ག (ང༢༨༢-༢༥༨)(Magas of Kyrene in North Africa); ༥། སི་ཀནྡར། (ང༢༧༢-༢༤༢) (Alexander II of Epirus). (ཨ་ཤོ་ཀ་དང་དུས་མཉམ་པའི་གྷི་རིག་དང་བྱང་ཨ་ཕི༹་རི་ཀ་དེ་བཞིན་ཨེ་ཤི་ཡ་ནུབ་ཁུལ་སོགས་ཀྱི་རྒྱལ་སྲས་ལྔ། ཁ་ནིན་ཧམ ཤ༤) སྤྱི་ལོ་སྔོན་གྱི་ལོ་༢༦༠ཡས་མས་སུ་བྱོན་པའི་རྒྱལ་བོ་འདི་དག་དང་འབྲེལ་བ་ཡོད་པར་བརྟེན་ནས་ཆོས་རྒྱལ་མྱ་ངན་མེད་ཀྱི་བྱོན་དུས་ཀྱང་གསལ་བར་གྱུར་བའོ། །
[3] ཇཨསབ། ༧ (༡༨༣༨) ཤ༢༡༨
[4] E. Hultzsche, Ph.D. Inscriptions of Asoka. (New Edition) Oxford: Clarendon Press, 1925, Intro. xi.
[5] E. Hultzsche, Ph.D. Inscriptions of Asoka. (New Edition) Oxford: Clarendon Press, 1925, Intro. xii.
[6] ཁྱིམ་མཚེས་རྒྱལ་ཁབ།
[7] ཅོ་ཌཱ་སྟེ་ཙོ་ལ་རྒྱལ་ཁམས།
[8] པཱ་ཌཱའམ་པཱཎྜྱ་སྟེ་སྐྱ་སངས་ཀྱི་རྒྱལ་ཁམས།
[9] འདི་ཡང་ཙོ་ལ་དང་པཱཎྜྱ་ལྟར་རིགས་བརྒྱུད་ཀྱི་མིང་ཡིན་པ་དང་མ་རཱ་ཋའི་སྐད་དུ་སཱ་ཏ་པུ་ཏེ་ཞེས་པ་ཞིག་ཡོད་པ་མཚུངས་པར་རཱ་མ་ཀྲྀཥྞ་སྨྲའོ། །
[10] ཀེ་ར་ལའམ་མ་ལཱ་བཱ་ར་རྒྱལ་བོའི་རྒྱལ་སྲིད་དེ། མིང་གཞན་ལ་ཙེ་ར་ཡང་ཟེར་ཞིང་། འདིའི་རྒྱལ་ས་རྙིང་བ་བཉྫི་བྱ་བའི་གྲོང་ཡིན།
[11] ཏཱམྲཔརྞཱི་ཞེས་པ་སྟེ་ཤྲཱི་ལངྐའི་མིང་རྙིང་བ་ཡིན་པར་བཤད།
[12] ཡོ་ནའམ་ཡ་བ་ན་ཞེས་པ་ནི་གནའ་བོའི་གྷི་རིག་ལ་རང་བཞིན་པ་དང་ལེགས་སྦྱར་སྐད་དུ་དེ་ལྟར་འབོད་པར་བཞེད། ལན་རེར་ཨ་ཡོ་ནི་ཡཱ་ཞེས་ཀྱང་གྲགས་ལ། ལེགས་སྦྱར་སྐད་དུ་ཡ་བ་ན་ཞེས་འབྱུང་། ཨེ་ལེགས་ཟན་ཌར་གྱིས་རྒྱ་གར་ནུབ་བྱང་ཁུལ་བཙན་བཟུང་བྱས་པ་ནས་མིང་འདི་རྒྱ་གར་ལ་གྲགས་པར་བཤད། དེང་སང་གི་རྒྱུན་སྐད་དུའང་གྷི་རིག་ལ་ཡཱུ་ནཱ་ནཱི་ཟེར་བ་ཡིན།
[13] སཱི་རི་ཡཱའི་རྒྱལ་བོ་ཨེཾཊིཨོ་ཀས་ཐི་ཡཱ་ས་གཉིས་པ་(Antiochus Theos II) ༢༦༡-༢༤༦སྤྱི་ལོ་སྔོན་དུ་བྱོན་པར་བཤད།
[14] མི་དང་ཕྱུགས་ལ་ཕན་སྨན་རྩྭ།
[15] བསྐྱེད་བྱ་ན་འཚམས་པར་སྣང་སྟེ། སྨན་རྩྭའི་ས་འདི་ན་མེད་ན་གཞན་ནས་དྲངས་ཏེ་འདེབས་འཛུགས་བྱེད་པའི་དོན།
[16] གོང་ལྟར་བསྐྱེད་མཚམས་པར་བསམས།
[17] ཁ་ནིན་ཧམ་ལྟར་སྤྱི་ལོ་སྔོན་གྱི་༢༥༢ལོ་ཡིན་བཤད། ཤ༡
[18] བྲག་ངོས་དྲུག་པ་འདི་དགེ་ཆོས་མཆོག་གི་འགྱུར་ལ་ཆད་འདུག་པས། ཕྲན་གྱིས་བསྒྱུར་ཏེ་ཧོར་ཀོང་བསབས་པའོ། །
[19] བྲག་ངོས་དྲུག་པར་སྐད་པ་འདི་བདུན་པ་ཡིན་པས། རྟགས་[]འདིའི་ནང་དུ་ཨང་རིམ་བཅུག་ཅིང་འོག་མ་རྣམས་ཀྱང་དེ་བཞིན་གཟུང་བར་བྱའོ། །
[20] ཁ་ནིན་ཧམ་ལྟར་ན་སྤྱི་ལོ་སྔོན་གྱི་༢༥༣ལོ་ཡིན་པར་བཤད། ཤ༡
[21] ཁ་ནིན་ཧམ་ལྟར་ན་སྤྱི་ལོ་སྔོན་གྱི་ལོ་༢༤༢ལོར་ཡིན་པར་བཤད།
[22] གུག་རྟགས་ནང་ཡི་གེ་འདི་དག་བསུབ་ཡོད། (འོག་མ་རྣམས་ཀྱང་མཚུངས) སུ་རུང་ཞིག་གིས་བསམ་གཟས་ནས་བསུབ་སྣང་ཞེས་ཧྭེ་ཆས་གསུངས་སོ། །
[23] འདིའི་རྗེས་ཏག་ཏག་ལ་གཡུང་དྲུང་གི་རིས་ཤིག་དང་མདའ་མགོ་ཡར་འཁོར་བ་ཞིག་སྣང་།
– – – – –
དཔྱད་རྩོམ་འདི་ཧ་ཅང་ཡག་པོ་འདུག
ཟླ་བ་གཞོན་ནུ་ལགས། དཔྱད་རྩོམ་འདི་འདྲ་མང་ཙམ་འབྲི་རོགས། བློ་སྐྱེད་མང་པོ་ཐོབ་སོང་། ཐུགས་རྗེ་ཆེ།
དཔྱད་རྩོམ་འདི་ང་ལ་མ་དཔེ་གསར་པ་ཞིག་བྱུང་བཀྲིན་ཆེ།