སྨན་རམས་པ། སྦྲ་གཉིས་ཟླ་བ་ཚེ་རིང་།
གུར་གུམ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་ལ་དཔྱད་པ།
གསོ་བ་རིག་པ་ནི་བོད་ཀྱི་ས་ཐོག་ནས་འཁྲུངས་ཤིང་རིམ་པས་དེ་དང་འབྲེལ་བའི་ཡུལ་གྲུ་ཁག་ལ་དར་ཁྱབ་སོང་བའི་སྲོལ་རྒྱུན་སྨན་དཔྱད་རིག་པ་ཞིག་ཡིན། རིག་པ་འདིའི་རྩ་གཞུང་དཔལ་ལྡན་རྒྱུད་བཞི་འདི་ཡང་བོད་ཀྱི་མཁས་པ་རྗེ་གཡུ་ཐོག་པས་བོད་ཀྱི་རང་འབྱུང་ཁམས་དང་། མི་རིགས། འཁོར་ཡུག་བཅས་ལ་གཞིགས་ཏེ་གདོད་མའི་བོད་ཀྱི་སྨན་དཔྱད་དང་།