ཊུ་རེལ་ ཝའེ་ལེ།(TURRELL WYLIE) གཞོན་ནུ་དོན་གྲུབ་གྱིས་བསྒྱུར།
དགེ་རྒན་ཆེན་མོ་ཊུ་རེལ་ཝའེ་ལེ་མཆོག་གིས་གཏན་འབེབས་གནང་བའི་བོད་ཡིག་གཅིག་གྱུར་གྱི་སྒྲ་འབེབ་བྱེད་ཚུལ།
བོད་ཀྱི་སྐད་ཡིག་རོ་མན་གྱི་ཡི་གེར་སྒྲ་ཕབ་བྱས་པ་ལས་ལྷག་པའི་མཁས་པའི་རང་དབང་གི་རྣམ་དཔྱོད་རྩལ་ལས་ཐོན་པའི་བདེན་དཔང་གཞན་ཞིག་ཕལ་ཆེར་ཡོད་མི་སྲིད། སྤར་སྐྲུན་བྱས་ཟིན་པའི་བོད་རིག་པའི་མཁས་དབང་བཅུ་གཉིས་ཀྱི་སྒྲ་ཕབ་བྱེད་ཚུལ་མི་འདྲ་བ་བཅུ་གཉིས་ཀྱི་བརྩམས་ཆོས་ལ་གཞིགས་ན། བསྐུང་རྟགས་(apostrophes) དང་