ཞིབ་འཇུག་རྩོམ་ཡིག་འབྲི་ཐབས་ཀྱི་གཞི་རྩའི་ལམ་སྟོན་བློ་གསལ་དགའ་བའི་རོལ་མོ།
སྤྱིར་ཞིབ་འཇུག་རྩོམ་ཡིག་ཅེས་པ་ནི། སྤྱི་དང་བྱེ་བྲག་གི་ཤེས་བྱ་གང་ཞིག་ལ། ཚན་རིག་དང་མཐུན་པའི་དཔྱད་ཞིབ་ཡང་དག་པ་བྱས་ཏེ། མཐའ་མའི་གྲུབ་དོན་ཁག་ཡིག་ངག་གང་རུང་བརྒྱུད་ནས་སྤེལ་བ་དེ་ཡིན། དེ་ལ་བརྟེན་ནས་མིའི་རིགས་ཀྱི་ཚན་རིག་ཤེས་བྱའི་ཁྱབ་ཁོངས་སུ། སྔར་མེད་ཤེས་བྱ་ཡོན་ཏན་གྱི་ལེགས་སྐྱེས་གསར་བ་ཕུལ་ཏེ། ཤེས་བྱ་གང་མང་ཞིག་མ་རྟོགས་པ་དང་།

