ཆོས་ལུགས།

ཆོས་ལུགས།

རྡོ་རྗེ་འཇིགས་བྱེད་ཀྱི་བླ་བརྒྱུད་ཁྲོད་ཇོ་བོ་རྗེ་བཞུགས་ཡོད་མེད་ལ་དཔྱད་པ།

བོད་གངས་ཅན་པའི་ལྗོངས་ཀྱི་ཆོས་བརྒྱུད་མི་འདྲ་བའི་ཁྲོད་དུ་ཡི་དམ་ནམ་མཁའི་སྐར་ཚོགས་ལྟར་བཀྲ་བའི་ཁྲོད་ཀྱི་ཉི་མ་ལྟ་བུ། དཔལ་རྡོ་རྗེ་འཇིགས་བྱེད་ཅེས་སུ་གྲགས་པའི་ཡི་དམ་ལྷག་པའི་ལྷ་མཆོག་ཁྱད་པར་ཅན་འདི་ལ་བརྒྱུད་ལུགས་མི་འདྲ་བ་ཡོད་པ་ལས། འདས་པའི་ལོ་ངོ་གཅིག་སྟོང་ཙམ་གྱི་རིང་སྙན་པའི་གྲགས་པ་ཧ་ཅང་མཐོ་བའི་གྲུབ་རིགས་ཁྱུ་མཆོག་

འདུལ་བ་མཚོ་ཊཱིཀ་གི་ལུང་ཁུངས་དང་ཕྱོགས་སྔའི་སྐོར་གྱི་དཔྱད་གཞི་ཐོར་བཏུས།

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ། དེ་ལ་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད་པའི་འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བའི་བསྟན་བཅོས་འདི་ཉིད་ཁུངས་གང་ལ་བཅོལ་ནས་མཛད་པ་དང་། རྒྱ་གར་དང་བོད་སྔ་མའི་འདུལ་འཛིན་མཁས་པ་ཕལ་མོ་ཆེ་དེའི་ཕྱོགས་སྔར་བྱུང་བས

ནུབ་ཕྱོགས་ཆོས་ལུགས་ཀྱི་ལྷ་ཡུལ་དང་དམྱལ་ཁམས།

གནའ་བོའི་རྗེའུ་ཆོས་ལུགས་ཀྱི་རྩ་བའི་ཆོས་གཞུང་ལྷ་ཆེམས་རྙིང་མའི་དགོངས་པ་དང་། གནའ་བོའི་གྷི་རི་སིའི་ལྷ་སྒྲུང་གི་ཟེར་སྒྲོས། གྷི་རིགས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་སོགས་གཞི་གཅིག་ཏུ་འབྲེལ་བ་ལས་ཡེ་ཤུའི་ཆོས་ལུགས་ཀྱི་ལྷ་ཡུལ་དང་དམྱལ་ཁམས་ཀྱི་རྣམ་བཞག་དེ་བྱུང་བས། དེ་ལས་ཞིབ་ཆ་ཆེ་བ་དང་སྐད་གྲགས་ཆེ་བ་ཞིག་ནུབ་ཕྱོགས་པའི་ཆོས་ལུགས་གཞན་པ་གང་གི་ནང་དུ་

སྐུ་ཕྲེང་གཅིག་ལ་ཡང་སྲིད་གཉིས་བྱུང་བའི་རྒྱབ་ལྗོངས་དང་མཇུག་འབྲས་ལ་ཅུང་ཙམ་དཔྱད་པ།

བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་སྤྲུལ་སྐུའི་ལམ་ལུགས་འདི་ནི་བོད་རྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་སྟེ། ཐོག་མར་རྒྱ་གར་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ཉིད་ཕྱི་ལོགས་སུ་དར་བའི་ཡུལ་ལ་ས་བབས་ཀྱི་དབང་གིས་ལྷོ་རྒྱུད་དང་བྱང་རྒྱུད་ནང་བསྟན་ཞེས་གཉིས་སུ་ཕྱེ་ཡོད་པའི་ནང་ནས། གནས་བརྟན་སྡེ་པ་གཙོ་བྱས་པའི་ལྷོ་རྒྱུད་ནང་བསྟན་དང་། 

ཆོས་ཚན་ལས་དངོས་ལུགས་དཔྱོད་སྟངས།

འཇིག་རྟེན་ཞི་བདེའི་དེད་དཔོན།  འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་ཆེན་པོ། ༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཆེད། གང་ཉིད་ཀྱི་རླབས་ཆེན་གྱི་དགོངས་གཞི་ཆེས་མཆོག་དང་རབ་ཏུ་གྱུར་བ་དག་ལས་ཆོས་ཚན་ཟུང་འབྲེལ་གྱིས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་སྒྲུབ་ཐབས་སུ་ནང་བའི་གཞུང་ལུགས་དང་

བོད་ཀྱི་གཏན་ཚིགས་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་ལ་དཔྱད་པ།

ལར་བོད་བརྒྱུད་ཅེས་པའི་ཐ་སྙད་ཅིག་རང་རེའི་ཆོས་དང་རིག་གནས་གང་འཆད་པ་ན་དེའི་མགོར་སྦྱོར་བ་དེང་སྐབས་རྒྱུགས་ཆེ་ཡང་དེ་འཐད་པར་མ་མཐོང་སྟེ། སྔོན་མ་འདི་འདྲའི་ཐ་སྙད་མཁས་པའི་གསུང་ན་གཏན་མེད་པ་གང་ཞིག་ལ། སྤྱིར་བཏང་རང་རེའི་ནང་རིག་པ་གཙོ་བོ་ཡིན་པའི་རིག་པའི་གཞུང་མང་པོའི་ཁུངས་རྒྱ་གར་ལ་ཐུགས་ཡོད་པ་བདེན་དུ་ཆུག་ཀྱང་།

ཀླད་པ་དང་སེམས་ཀྱི་སྐོར་གླེང་བ།

འགྲོ་བ་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་དུ་སེམས་དང་ཀླད་པ་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་། དཔྱད་ཞིབ་བྱེད་མིན་ལ་མ་བལྟོས་པར། གནས་ཚུལ་གང་ཞིག་ཐག་གཅོད་བྱེད་པ་དང་། སློབ་སྦྱོང་བྱེད་པ། དམིགས་ཡུལ་འཛིན་པ། ཡར་རྒྱས་གཏོང་བ་སོགས་ཀྱི་བྱ་སྤྱོད་རེ་རེའི་རྒྱབ་ལྗོངས་ན་སེམས་སམ་ཀླད་པའི་སྟངས་འཛིན་རེ་རེ་ཡོད་པ་མ་ཟད།

མཛད་པ་བཅུ་གཉིས་ལ་ཟུར་གཞན་ནས་དཔྱད་པ།

མདོ་རྒྱ་ཆེ་རོལ་བ་དང་མདོ་མྱང་འདས་ཆེན་མོ་སོགས་ཆེད་དུ་སྟོན་པའི་རྣམ་ཐར་བརྗོད་པའི་བཀའ་དང་བསྟན་བཅོས་མང་དུ་བཞུགས་པའི་ཁྲོད་དུ། གཅིག་ནས་ལོ་རྒྱུས་རིང་བ་དང་། གཉིས་ནས་ཐེག་པ་ཐུན་མོང་གིས་ཁས་ལེན་པ། གསུམ་དུ་དངོས་ཡོད་ཀྱི་བྱུང་བ་དང་བར་ཐག་ཉེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པའི་རྣམ་ཐར་ནི་མངོན་པར་འབྱུང་བའི་མདོ་དང་།

ཤེར་ཕྱིན་འབུམ་པ་ལ་མདོ་སྡུད་པ་ཡོད་མེད་གསར་དུ་དཔྱད་པ།

དེ་ཡང་བདག་ཅག་གི་སྟོན་པས་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བ་དག་གི་གནད་འདུས་པ་ནི། ཡོན་ཏན་རིན་པོ་ཆེ་སྡུད་པ་འདི་ཉིད་ཡིན་ཞིང་། འདིས་དངོས་བརྒྱད་དོན་བདུན་ཅུའི་རྣམ་གཞག་ཚང་བར་

ཆོས་མངོན་པའི་མཛོད་ཀྱི་བཤད་པ་རང་འགྲེལ་མིན་པའི་བསམ་ཚུལ།

སྤྱིར་འགྲོ་བ་མིའི་རྣམ་དཔྱོད་དང་བསམ་བློ་ལ་ཚད་བཀག་མི་ཐུབ་པར་རིག་གཞུང་གི་གླེང་གཞི་མི་འདྲ་བ་གཅིག་གི་ངོས་ལ་ཐོན་དུས། སོ་སོའི་ཞེ་འདོད་དང་རྒྱབ་ལྗོངས་མི་གཅིག་པའི་སྒོ་ནས་བསམ་བློ་གསར་བའི་ལྷན་ཐབས་སྣ་མང་ཞིག་བསྐྲུན་འོང་བ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ལྟ་བུ་ཞིག་ཡིན་པས། ཆོས་མངོན་པའི་མཛོད་དང་ལྷག་ཏུ་དེའི་རྩོམ་པ་པོའི་སྐོར་ནས་ཀྱང་

Alert! You can not copy the content of this page.