ཆོས་ལུགས།

ཆོས་ལུགས།

ལེགས་སྦྱར་སོགས་ནས་བོད་སྐད་དུ་བཀའ་བསྟན་ཕབ་བསྒྱུར་གྱི་བྱུང་བ་དང་བསྒྱུར་ཚུལ་བརྗོད་པ།

ནང་ཆོས་རྒྱ་གར་ནས་ཐོག་མར་སིངྒལའི་ཡུལ་དང་དེ་ནས་རྒྱ་ནག་དེ་རྗེས་བོད་གངས་ཅན་གྱི་ལྗོངས་སུ་ཇི་ལྟར་དབུ་བརྙེས་ནས་དར་ཚུལ། ཐོག་མར་བོད་སྐད་དུ་ལེགས་སྦྱར་ནས་ཕབ་བསྒྱུར་ཞུས་པའི་གཞུང་ཁག་གི་ངོ་སྤྲོད།བསམ་ཡས་སུ་སྒྲ་བསྒྱུར་སྡེ་ཚན་ཁག་ཕྱག་བཏབ་སྟེ་བཀའ་བསྟན་གྱི་གཞུང་ཕབ་འགྱུར་གྱི་ལས་གཞི་རྒྱལ་པོའི་བཀའ་ཁྲོལ་འོག་ཇི་ལྟར་བྱུང་ཚུལ།

སྟོན་པ་ཚད་མར་སྒྲུབ་པའི་དངོས་སྟོབས་ཀྱི་རིགས་ལམ།

དེ་ཡང་འདི་སྐད་དུ་ཐོས་ཏེ། འདི་ནས་ལུགས་ལྡོག་ཏུ་བརྩིས་པའི་མི་ལོ་སྟོང་ཕྲག་འདས་པའི་སྔོན་གྱི་ཉིན་མོ་ཞིག་ལ། དཔལ་ཆོས་ཀྱི་གྲགས་པས་རང་གི་དངོས་སློབ་ཏུ་གྱུར་པ་སློབ་དཔོན་ལྷ་དབང་བློ་གྲོས་ལ་ཚད་མ་རྣམ་འགྲེལ་གྱི་འགྲེལ་བ་རྩོམ་པར་བསྐུལ་བ་ན། ལྷ་དབང་བློས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བ་རྩོམ་ཐེངས་གསུམ་དུ་མཛད་དེ།

སྒོམ་གྱི་སྐོར་ལ་དཔྱད་པ།

ཐེངས་འདིར་བདག་གིས་སྒོམ་གྱི་ངོ་བོ་གཙོར་བཟུང་སྟེ་སྒོམ་གྱི་སྐོར་ནས་གང་ཤེས་པ་རྣམས་སྤྱན་ཡངས་མཁས་པའི་གཟིགས་མོར་འབུལ་རྒྱུ་ཡིན། སྤྱིར་སྒོམ་ལ་རིགས་ཀྱི་དབྱེ་བ་མང་བོ་ཡོད་ལ་དེ་དག་ནི་ཆོས་ལུགས་དང་ཆོས་བརྒྱུད་སོ་སོའི་ལྟ་གྲུབ་དང་སྒོམ་གྱི་ངོ་བོ་ངོས་འཛིན་སྟངས་མ་འདྲ་བས་རིགས་དུ་མ་བྱུང་ཡོད་ལ། ཁ་ཅིག་གིས་ཕྱི་ལུས་ཀྱི་རྩོལ་བ་དང་སྦྱོར་བའམ་

ཆོས་མངོན་པ་མཛོད་ལས་མུན་པ་དང་མ་རིག་པའི་སྐོར་གླེང་བ།

གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། ། འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། ། དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །[1] ཞེས་གསུངས་པ་ལྟར།  དེ་ལས་འཕྲོས་ཏེ་མུན་པ་དང་མ་རིག་པའི་སྐོར་ལ་དཔྱད་པ་ཞུས་ན།  དང་པོ། མུན་པ་དང་པ་མ་རིག་པའི་ཐ་སྙད་ཀྱི་འགྲེལ་བཤད་པ་དང་།  གཉིས་པ།

སེམས་ཙམ་ལྟ་གྲུབ་སྤྱིའི་གཞི་རྩའི་ལངས་ཕྱོགས་དང་དབུ་སེམས་ཀྱི་ལྟ་བའི་འགལ་འབྲེལ།

དེ་ཡང་སྤྱིར་སེམས་ཙམ་གྱི་ལྟ་གྲུབ་འདི་ནི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་འཁོར་ལོ་ཐོག་མཐའ་བར་གསུམ་གསུངས་པ་ལས་ཐ་མ་དོན་དམ་རྣམ་པར་ལེགས་པར་ཕྱེ་བའི་ཆོས་འཁོར་ལས་བསྟན་པ་དང་། ཕྱིས་སུ་ཐོགས་མེད་སྐུ་མཆེད་གཉིས་བྱོན་ཏེ། རྒྱལ་ཚབ་བྱམས་པ་མགོན་པོའི་བྱམས་ཆོས་སྡེ་ལྔའི་མཛད་འཕྲིན་གྱི་འོད་སྣང་མི་ཡུལ་དུ་བལྟམས་ཤིང་།

ཡེ་ཤུ་ཆོས་སྤེལ་པ་ཞིག་གིས་བོད་ཡིག་ཐོག་བརྩམས་པའི་སྟོང་ཉིད་ཀྱི་ལྟ་བའི་དགག་ཡིག་ཐོག་མ།

༡༧༡༦ ལོར། མགོ་སྐར་བླ་མ་ཨི་པོ་ལི་དོ་ཞེས་པ་འདི་ཡེ་ཤུ་ཇེ་སོ་ཊི(Jesuit)འི་བོད་ཡུལ་གྱི་ཆོས་སྤེལ་ལས་དོན་བསྐྱར་གསོའི་ཆེད་བོད་ལ་བསླེབས་ཤིང་། བོད་དུ་ཡེ་ཤུ་ཆོས་ལུགས་སྤེལ་བ་ལ་ཐོག་མར་ནང་པའི་ལྟ་གྲུབ་མ་བཀག་ཐུ་མེད་དུ་མཐོང་སྟེ། སྐྱེ་བ་སྔ་ཕྱི་དང་སྟོང་ཉིད་ཀྱི་ལྟ་བ་དམིགས་འབེན་གཙོ་བོར་བཟུང་ནས་བོད་ཡིག་གི་བརྩམས་ཆོས་མང་དུ་བྲིས་ཡོད།

ཤིང་རྟ་ཆེན་པོ་གསུམ་གྱི་ལུགས་ལས་བྱུང་བའི་ལྟ་བའི་དཀའ་གནད་མཐར་ཐུག་པ་དང་ཐ་སྙད་དུ་ཡོད་པའི་དོན་ལ་དཔྱད་པ།

དེ་ལ་གཞུང་ཕྱི་མོའི་དབུ་མ་པ་དང་ཕྱོགས་འཛིན་པའི་དབུ་མ་པ་རྣམས་ཀྱི་འགྲེལ་ལུགས་ཐུན་མོང་མ་ཡིན་པ་མང་དུ་མཆིས་ནའང་འདིར་མཚན་གཞི་ཙམ་ངོས་བཟུང་ནས་ཕྱོགས་གཅིག་ཏུ་བསྡུས་ཏེ། དབུ་མའི་གཞུང་ལ་མཇལ་སྐབས་དཔྱད་གཞི་འཚོལ་བདེ་བ་དང་ཀློག་སླ་བའི་ཕྱིར་དུ་དཀྱུས་གཅིག་ཏུ་བཀོད་ནས། རྟོག་པས་བཞག་པ་ལ

རང་སྟོང་གི་ལྟ་བ་གཏན་ལ་འབེབས་ཚུལ།

དེ་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་མི་བརྗེད་འཇིག་རྟེན་ཁམས་སུ་བྱོན་ནས་རིས་སུ་མ་ཆད་པའི་གདུལ་བྱ་རྣམས་ཐར་ལམ་ལ་བཀྲི་བའི་དོན་དུ་ཆོས་ཀྱི་འཁོར་ལོ་རིམ་པ་སྣ་ཚོགས་པ་བསྐོར་བར་མཛད་ཅིང་། དེ་རྣམས་ཀྱང་། དཔེར་ན་སྨན་པ་མཁས་པས་ནད་སྣ་ཚོགས་ཀྱིས་

མངོན་པའི་ལུགས་ཀྱི་བར་སྲིད་སྐོར་གླེང་བ།

སྐྱེ་འགྲོ་སྲོག་ཆགས་ཚང་མ་ཤི་བའི་རྗེས་སུ་མར་མེ་ནུབ་པ་བཞིན་དུ་རྣམ་ཤེས་རྒྱུན་ཆད་པ་ཡིན་ནམ། ཡང་ན་སྐྱེ་བ་གཞན་ཞིག་ལེན་པར་བྱེད། སྐྱེ་བ་གཞན་ཞིག་ལེན་ན་འཆི་བ་དང་སྐྱེ་བ་གཉིས་ཀྱི་བར་ལ་སྲིད་པ་གཞན་ཞིག་བརྒྱུད་དགོས་སམ། ཡང་ན་ཤི་བའི་དེ་མ་ཐག་ཏུ་སྐྱེ་བ་གཞན་ལེན་ནམ་སྙམ་པའི་དོགས་པ་ཞིག་ང་ཚོ་ནང་པའི་གྲུབ་མཐའ་སྨྲ་བའམ།   

ནང་པའི་ཚད་གཞུང་ལེའུའི་གོ་རིམ་འཇོག་ཚུལ་ལ་དཔྱད་པ།

གནའ་བོའི་རྒྱ་གར་ནང་རྩོད་པའི་རིག་པའམ། གཏན་ཚིགས་རིག་པའམ། རྟོག་གེའི་རིག་པའམ། རིགས་པའམ། ཚད་མ་རིག་པའམ་ཚད་མ་ཞེས་པ་དུས་ནམ་ཞིག་ནས་འགོ་འཛུགས་མིན་ཐད་བརྗོད་རྒྱུ་ཤིན་ཏུ་དཀའ་བའི་གནས་སུ་མཆིས། འོན་ཀྱང་ཕྱི་ནང་གི་སློབ་དཔོན་དང་དེ་དག་གིས་བརྩམས་པའི་གཞུང་རྣམས་སྔ་ཕྱི་གུང་བསྒྲིགས་ན་འདི་ལྟ་སྟེ།
error: Content is protected !!