བོན་དཔེ་རྙིང་པ《མུ་ཆོའི་ཐེག་པ་རིམ་དགུ》དང་དེའི་མཛད་མཁན་སྐོར་གྱི་ཕྲན་དཔྱད།
སྤྱིར་གཡུང་དྲུང་བོན་གྱི་ཐེག་པ་རིམ་དགུའི་གཞུང་ལུགས་ལ། གཤེན་གྱི་བསྟན་པ་དར་ཡུལ་དང་། གདུལ་བྱའི་ཁམས་དབང་སོགས་ཀྱི་ཆ་ནས་ལུགས་འགའ་བྱུང་ཞིང་། གཙོ་བོ་གསུམ་དུ་བཞེད་དེ། 《རྫོགས་ཆེན་བསྒྲགས་པ་སྐོར་གསུམ་》ལས་མཚན་འདོགས་པ་ལྟར། 1 “༼༡༽ཞང་ཞུང་གི་ཐེག་པ། ཐོ་ཐོ། ཡང་ཐོ། སྤྱི་ཐོ། སྣང་ལྡན། རང་ལྡན། བཞེད་ལྡན། ལྷ་རྩེ། སྣང་རྩེ།
ཤེར་ཕྱིན་ཡི་གེ་གཅིག་མའི་སྐོར་གྱི་དཔྱད་གླེང་།
སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་མང་དུ་གསུངས་པ་མཐའ་དག་གི་སྙིང་པོ་མཐར་ཐུག་ཏུ་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྐོར་རྣམས་ཡིན་པ་དང་། དེ་ཡང་གྲུབ་མཆོག་ཀརྨ་པཀྵིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རབ་དབྱེ་ལས་གསལ་བ་ལྟར་བྱས་ན་ཤེར་ཕྱིན་གྱི་བཀའ་དེ་ལའང་རྩ་བའི་ཆ་ནས་བསྡུས་པ་སྐོར་གསུམ་དང་།
མདོ་སྔགས་ཀུན་གྱི་ལྟ་གྲུབ་ཀྱི་ཡང་སྙིང་རིགས་ལ་དཔྱད་པ།
སྡོང་པོ་བཀོད་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་སྟེ། ཞེས་དང་། རྒྱུད་བླ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། ། ཞེས་དང་། གྲུབ་མཐའ་རིན་པོ་ཆེའི་མཛོད་ལས།
བར་དོ་ཐོས་གྲོལ་ལ་བསྐྱར་དུ་བརྟག་པ།
མིའི་རིགས་ཀྱི་ལོ་རྒྱུས་ཟིན་ཐོར་འཁོད་པ་ནས་ད་ལ་ཐུག་གི་བར་དུ་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་སྐྱེ་ཙམ་ཉིད་ནས་ཚེ་རབས་སྔ་མ་དང་དེའི་ཡང་སྔ་མ་དྲན་ཐུབ་པའི་གང་ཟག་ཁྱད་པར་བ་མང་དུ་ཐོན་ཡོད་པ་ལྟར། རྣམ་པར་ཤེས་པ་ཤ་ཁྲག་གི་ལུས་དང་གྱེས་ནས་བར་དོའི་འཇིག་རྟེན་ལ་ལྟད་མོ་ཡིད་ཚིམ་པ་ཞིག་བལྟས་རྗེས་
མཚན་ཉིད་སྨྲ་བ་རྣམས་ཀྱི་དཔྱད་འབྲས་འགའ་དཀྱུས་གཅིག་ཏུ་ལེགས་བཏུས་ཀྱིས་ཐེག་ཆེན་སྦྱོར་ལམ་ལ་དཔྱད་པ།
དེ་ཡང་ཁོ་བོར་མཚོན་ན་རྩོམ་པའི་རྒྱུ་གསུམ་གང་ཡང་མི་ལྡན་པའི་ཁར། མང་དུ་ཐོས་པ་དང་བྲལ་བ། ཤེས་རབ་དམན་པ། ལེ་ལོ་སྒྱིད་ལུག་སོགས་རྩོམ་པའི་སྐྱོན་ཆེན་པོས་ཀུན་ནས་དཀྲིས་པས།བློ་གྲོས་ཀྱི་མིག་ཕུར་ཁུང་ལ་ཐུག་པ་ལྟ་བུར་གནས་ཏེ། འདི་དང་དེ་མིན་ལ་དཔྱད་པ་ཡེ་མི་ཚུགས་ཤིང་། ལྷག་ཏུ་ལམ་གྱི་མངོན་རྟོགས་ཀྱི་རིགས་ལ་རང་སྟོབས་ཀྱིས་གཞལ་དཀའ་བ་ཡིན་གཤིས།
འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མའི་རིགས་ཚོགས་ལ་དཔྱད་པའི་གཏམ།
སའི་གོ་ལའི་སྤྱི་གཙུག་ཏུ་ཆགས་པའི་མཐོ་སྒང་བོད་ཅེས་གྲགས་པའི་ས་ཡི་ཐིག་ལེ་ཁྲོད་དུ་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མའི་རིགས་ཚོགས་ལ་བཞེད་ཚུལ་མི་འདྲ་བ་ཅུང་ཙམ་མཆིས་པ་རྣམས་བདག་གིས་མཐོང་ཐོས་མྱོང་གསུམ་དུ་
ཕར་ཕྱིན་སྐབས་བཞི་པའི་མཚམས་སྦྱར་ནས་བརྩམས་ཏེ་སྦྱོར་བཞིའི་སྒོམ་རིམ་ལ་དཔྱད་པ།
དེ་ཡང་སློབ་དཔོན་གྱི་བརྒྱད་སྟོང་འགྲེལ་ཆེན་དུ། ཡོངས་སུ་ཤེས་པར་གྱུར་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་དང་ལམ་དང་གཞི་ཤེས་པ་ཐམས་ཅད་བསྡུ་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པ་ཡིན་པས། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བརྗོད་པར་བྱའོ།། ཞེས་དང་།
ངར་འཛིན་ལྷན་སྐྱེས་ང་ཡིན་པའི་ལྟ་གྲུབ།
འདི་ན་མང་ཙམ་ཞིག་གིས་ང་གང་ཡིན་ནམ་ཞེས་པའི་དྲི་བ་དེའི་ལན་དུ། ཕལ་ཆེར་མགྲིན་གཅིག་ཏུ་ཕུང་པོ་བཞི་དང་ཡང་ན་ལྔ་ཡི་ཚོགས་པ་འདི་ཉིད་འཇོག་པར་མངོན་ལ། ཕུང་པོ་བཞིའམ་ལྔའི་ཚོགས་པ་ཟེར་ན་ཡང་དོན་དུ་གདོས་བཅས་ཀྱི་ལུས་དང་སེམས་གཉིས་པོ་ཚོགས་འདུག་པ་འདི་ག་རང་ལ་ངོས་འཛིན་མཛད་ཀྱིན་འདུག དེ་ལྟར་བྱས་ན།
མདོ་སྔགས་ལྟ་བའི་རྣམ་གཞག་ལ་དཔྱད་པ།
དེ་ལ་འདིར་མདོ་སྔགས་ཀྱི་ཟབ་མོ་ལྟ་བའི་རྣམ་གཞག་ལ་རགས་དཔྱད་ཀྱི་སྒོ་ནས་འཇུག་པ་ལ་ས་བཅད་བཞིར་ཕྱེས་པ་ལས། དང་པོ་མདོ་སྔགས་ཀྱི་ལྟ་བ་སོ་སོའི་ངོས་འཛིན་ནི། དེ་ཡང་འོད་གསལ་སྙིང་པོ་ལས། མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་ཡོད་དམ་མེད་ཅེ་ན། གཞལ་བྱ་ཆོས་དབྱིངས་སྤྲོས་བྲལ་དུ་གཏན་ལ་འབེབས་པ་ཙམ་ལ་ཁྱད་མེད་ཀྱང་།
ཐེག་པ་ཆེ་ཆུང་གི་འཇོག་མཚམས་ལ་དཔྱད་པ།
དེ་ལ་སྤྱིར་ཐེག་པ་ཆེན་པོའི་གཞུང་ལུགས་སྤྱི་དང་། སྒོས་སུ་བོད་ཀྱི་མཁས་པ་ཚོའི་དབུ་ཕར་གྱི་གཞུང་ལུགས་རྣམས་སུ་ཐེག་པ་ཆེ་ཆུང་གི་ངོ་བོ། རྣམ་དབྱེ། ཁྱད་པར་སོགས་ཤིན་ཏུ་རྒྱས་པར་བྱུང་ངོ་། ། ཡིན་ཡང་ཐེག་དམན་ཉན་རང་གཉིས་དང་། ཐེག་ཆེན་བྱང་ཆུབ་སེམས་དཔའ་ཞེས་གསུང་སྐབས་བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་མི་ལྡན་ཁོ་ནས་