གནའ་སྲོལ།

གནའ་སྲོལ།

ཞྭ་སེར་སྐོར་ལ་ཅུང་ཟད་དཔྱད་པ།

དཔྱད་རྩོམ་འདིའི་ནང་དུ་བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་དེ་ལས་འཕྲོས་ནས་རྗེ་ཙོང་ཁ་པའི་དབུ་ཞྭ་དེ་དེང་གི་རྩེ་ཞྭར་སྐད་པ་འདི་དང་པཎ་ཞྭ་སྣེ་རིང་གང་ཡིན་བརྗོད་པ།  རྩེ་ཞྭའམ་པཎ་ཞྭའི་མཚོན་དོན་དང་དགོས་པ།    དགེ་ལྡན་པའི་ཞྭ་ཡི་རྣམ་གྲངས། ལོ་རྒྱུས་ཡིག་ཚང་ཁག་དང་མཁས་པའི་བཞེད་ཚུལ།  

བོད་མིའི་འཚོ་བའི་ཁྲོད་ཀྱི་གཡུའི་སྤྱོད་སྒོ་དང་མཚོན་དོན་སྐོར་ལ་ཅུང་ཟད་དཔྱད་པ།

དཔྱད་རྩོམ་འདིའི་ནང་དུ་བོད་ཀྱི་གཡུའི་རིག་གནས་ཀྱི་འབྱུང་ཁུངས་དང་རིན་ཐང་། དད་མོས། བོད་མིའི་འཚོ་བའི་ཁྲོད་ཀྱི་སྤྱོད་སྒོ། མཚོན་དོན་སོགས་ཆོས་འབྱུང་ལོ་རྒྱུས་སྔ་ཕྱི་དག་ལ་གཞི་བཅོལ་ཞིང་རང་གི་འདོད་ཚུལ་གང་དེས་ཟུར་བརྒྱན་ཏེ། གཡུ་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་ནས་བཟུང་ཆབ་སྲིད་དང་།

སྲོལ་རྒྱུན་གཉེན་སྲོལ་ལས་ལྷ་འགྲོལ་དང་ལྷ་འདོགས་ཞེས་པའི་ཆོ་ག་གཉིས་ལ་དཔྱད་པ།

ད་ཀྱི་སྲོལ་རྒྱུན་གཉེན་སྲོལ་ཁྲོད་དུ་ལྷ་འགྲོལ་དང་ལྷ་འདོགས་ཞེས་པའི་ཆོ་ག་གཉིས་སྤེལ་རྒྱུ་ཡོད་དེ། ལྷ་འགྲོལ་ཞེས་པ་ནི་མག་གསར་དང་བག་གསར་ཉིད་ཕ་ཁྱིམ་གྱི་ཕུགས་ལྷ་དང་སྲུང་མ་སོགས་ལྷ་སྲུང་ཡོད་དོ་ཅོག་དང་འབྲེལ་ཐག་གཅོད་པའི་ཆོ་ག་ལ་སྨྲ་བ་དང་། ལྷ་འདོགས་ཞེས་པ་ནི་གནས་ཁྱིམ་གྱི་ཕུགས་ལྷ་དང་སྲུང་མ་སོགས་ལ་

ནུབ་ཕྱོགས་ཆོས་ལུགས་ཀྱི་ལྷ་ཡུལ་དང་དམྱལ་ཁམས།

གནའ་བོའི་རྗེའུ་ཆོས་ལུགས་ཀྱི་རྩ་བའི་ཆོས་གཞུང་ལྷ་ཆེམས་རྙིང་མའི་དགོངས་པ་དང་། གནའ་བོའི་གྷི་རི་སིའི་ལྷ་སྒྲུང་གི་ཟེར་སྒྲོས། གྷི་རིགས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་སོགས་གཞི་གཅིག་ཏུ་འབྲེལ་བ་ལས་ཡེ་ཤུའི་ཆོས་ལུགས་ཀྱི་ལྷ་ཡུལ་དང་དམྱལ་ཁམས་ཀྱི་རྣམ་བཞག་དེ་བྱུང་བས། དེ་ལས་ཞིབ་ཆ་ཆེ་བ་དང་སྐད་གྲགས་ཆེ་བ་ཞིག་ནུབ་ཕྱོགས་པའི་ཆོས་ལུགས་གཞན་པ་གང་གི་ནང་དུ་

ཞང་ཞུང་ཤེས་རིག་ལས་ཇུ་ཐིག་ཅེས་པའི་ཐ་སྙད་ལ་དཔྱད་པ།

།ཞང་ཞུང་ཤེས་རིག་ནི་ཡ་ཐོག་མི་རབས་མང་པོའི་ཡུལ་སྲོལ་གོམས་གཤིས་དང་། ཆོས་ལུགས་ཀྱི་ལེགས་བྱང་། བསམ་པའི་འཁྱེར་སོ་སོགས་དང་འབྲེལ་བ་ཆེ་ལ་སྒོས་སུ་ལོ་རྒྱུས་ཐོག་ཞང་ཞུང་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་གཞི་མ་དང་། ཤེས་རིག་གི་ཕ་ས། ཆོས་ལུགས་ཀྱི་འབྱུང་ཁུངས། སྲོལ་རྒྱུན་གྱི་རྩ་བར་གྱུར་ཡོད་པ་མ་ཟད། ཁྱིམ་མཚེས་རྒྱ་དཀར་ནག་དང་བལ་ཡུལ།

དབྱར་མཆོད་གར་འཆམ་ཆེན་མོའི་བྱུང་བ་དང་དེའི་ཚུལ་ལ་ཅུང་ཟད་དཔྱད་པ།

ག་ལུང་མར་ཐང་རི་བོ་ཆེ་དགོན་པའི་དུས་མཆོད་ཆེན་མོ་བཞི་ལས། མིང་ལ“དབྱར་མཆོད”ཅེས་ཟེར་བའི་དུས་ཆེན་འདི་ཉིད་ལོ་རྒྱུས་ཡུན་རིང་དང་ལྡན་ཞིང་། དད་ལྡན་ལྷ་འབངས་རྣམ་པའི་སེམས་ཀྱི་གཏིང་རུམ་དུ་རྩ་བ་བརྟན་པོར་ཚུགས་ཟིན་པའི་གལ་ཆེན་རང་བཞིན་ཅན་གྱི་དངོས་མིན་རིག་གནས་ཤུལ་བཞག་ཅིག་སྟེ། ཆོས་ལུགས་དང་འབྲེལ་བའི་བོད་ཡུལ་གྱི་གནའ་བོའི་དུས་མཆོད་

སུམ་པ་མ་ཤགས་ཆེན་པོའི་ངོ་གདོང་ལས་མཐོང་བའི་རྣམ་འགྱུར་འགའ།

གུས་པས་དང་ཐོག་སུམ་པ་མ་ཤགས་ཆེན་པོ་མཇལ་དུས་འཕྲུལ་གཏག་པར་མ་ཞིག་ཡིན་གཤིས། ལེགས་བཤད་རང་གི་སྙན་པ་ལས་མ་ཕྱིའི་མཛེས་སྡུག་མིག་ལམ་དུ་མ་མངོན། འོན་ཀྱང་ཉེ་ལམ་དགེ་རྒན་ཆེན་མོ་གུར་མགོན་སྐྱབས་ལགས་ཀྱི་འཆདའགྲེལ་དང་ལྷན་དུ།  མ་ཕྱིའི་དཔེ་རྙིང་གི་པར་རྣམས་དྲྭ་ལམ་གང་སར་མཐོང་བར་བྱས་བཞག་འདུག །

«སྟག་ལུང་བསང་ཆེན»གྱི་གབ་སྦས་དང་རྩོམ་རིག་སྒྱུ་རྩལ།

འདི་ན་བོད་ཀྱི་ལྷ་འདྲེ་གཞི་བདག་རྣམས་ཀྱི་དཀར་ཆག་ལྟ་བུའི «སྟག་ལུང་བསང་ཆེན»ཟེར་བའི་གསང་བའི་གླེགས་བམ་ཞིག་འདུག  འདི་ནི་ལོ་ངོ་སྟོང་ཕྲག་སྔོན་གྱི་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་དད་མོས་སོགས་ཀྱི་ནང་ནས། ཉམས་ཉེས་སུ་མ་སོང་བར་ཇི་མ་ཇི་བཞིན་ལུས་བསྡད་པ་ཉུང་ཤས་ཤིག་ཡོད་པའི་ཁྲོད་ཀྱི་དཔེ་མཚོན་ཡག་ཤོས་དེ་ཡིན་ལ།

གནའ་བོའི་བོད་ཀྱི་རྒྱལ་ཆེན་སྡེ་བཞི་གླེང་བ།

སྤྱིར་བོད་ཀྱི་གསོལ་ཆོག་ཡི་གེ་དག་ནི། ལྷ་རབས་དང་མི་རབས། རྒྱལ་རབས་དང་བླ་རབས་སོགས་ལ་འབྲེལ་ཅིང་། གསོལ་ཆོག་ནང་དུ་མངོན་པའི་སྲུང་མ་དག་གི་གཤིས་ཀ་དང་བྱུང་བ། ཆ་ལུགས་དང་སྐུ་མདོག་སོགས་ཀྱང་དུས་རབས་དེའི་མི་རྣམས་ཀྱི་གཤིས་ཀ་དང་བསམ་བློ། ཆ་ལུགས་དང་དད་མོས་སོགས་མཚོན་པའི་རུ་དར་ཁྲ་བོ་རེ་རེ་ཡིན་ཞེས་ཟེར་ཆོག།

བོད་ཀྱི་ཤེས་རིག་ལས་རི་ཆུ་སྲུང་འཛིན་དང་འབྲེལ་བའི་བསམ་སྤྱོད་སྐོར་གླེང་བ།

ན་གྱི་སྐྱེས་ཆེན་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་《ས་ལམ་འཕྲུལ་གྱི་སྒྲོན་མེ》[⑥]ལས། “བདག་འཛིན་དབང་གིས་སྡུག་བསྔལ་དང་།།  བཅས་པ་དེ་ནི་འཁོར་བ་ལ།།”ཞེས་དང་།  “སྡིག་དང་དགེ་བ་ཟག་བཅས་འཁོར།”ཞེས་དང་། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་《སྡེ་སྣོད་མཛོད》[⑦]་ལས་ཀྱང་།“སྒྲ་དོན་ནི་སྡིག་པ་དང་དགེ་བ་ཟག་བཅས་ཀྱིས་ངན་འགྲོ་དང་
error: Content is protected !!