སྣ་ཚོགས།

སྣ་ཚོགས།

རྒྱ་གར་གྱི་ལོ་རྒྱུས་དང་འབྲེལ་བའི་ས་བབ་དང་ཆུ་བོ་འགའ་བཤད་པ།

རྒྱ་གར་གྱི་ཡུལ་ངོས་འཛིན་པ་ལ་ཐོག་མར་གླེང་བར་འདོད་པ་ནི་བོད་སྔ་རབས་མཁས་པ་ཁག་ཅིག་གིས་ལྷོ་འཛམ་བུ་གླིང་གི་དབུས་ན་རྒྱ་གར་རྡོ་རྗེ་གདན་ཡོད་པར་གསུངས་ཡོད་ལ།  དེ་ཡང་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཆོས་མངོན་པ་མཛོད་དང་དུས་འཁོར། མདོ་དྲན་པ་ཉེར་བཞག་སོགས་ལ་ཁུངས་གཏུགས་ནས་བརྗོད་ཀྱིན་ཡོད་མོད།  སྙན་ངག་ཁྲོད་དུ།

སྙན་ངག་སྤྲིན་གྱི་ཕོ་ཉའི་འགྱུར་ལ་དཔྱད་པ།

དེ་ཡང་སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི་སྙན་ངག་གི་བརྩམས་ཆོས་གྲགས་ཅན་སྤྲིན་གྱི་ཕོ་ཉ་ཞེས་བྱ་བ་འདི་ནི།  བོད་སྐད་དུ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་དབོན་པོར་གྱུར་བ་ལོ་ཙཱ་བ་ཆེན་པོ་བྱང་ཆུབ་རྩེ་མོ་དང་ནམ་མཁའ་བཟང་བོ་གཉིས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ།  རྒྱ་གར་གྱི་པཎ་ཆེན་སུ་མ་ན་ཤྲཱི་དང་ལྷན་དུ་བྱང་གི་བདག་པོ་ནམ་མཁའ་བརྟན་པའི་བཀའ་ལུང་བཞིན་བོད་ཀྱི་སྐད་དུ་བསྒྱུརད་ཅིང་། 

གནའ་བོའི་རིག་བྱེད་བཞིའི་ངོས་འཛིན་ལ་ཅུང་ཟད་དཔྱད་པ།

དེ་ཡང་ཀུན་མཁྱེན་གྲུབ་མཐའ་རྩ་བ་ལས་འདི་སྐད་དུ།    ཚངས་པ་པད་སྒོང་ལས་སྐྱེས་དུས་མིང་བདུན།  །ཞལ་བཞི་ལུས་ཆ་བཞི་ལས་རིག་བྱེད་བཞི།  །མི་རིགས་བཞི་སྐྱེས་འཇིག་རྟེན་བྱེད་པ་པོ།  །རིག་བྱེད་རང་བྱུང་ཨ་ཤྭ་མེ་དྷཱ་མཆོག  ། ཅེས་གསུངས་སོ།  །                ཡང་དེ་ཉིད་ལས།   རིག་བྱེད་པ་རྣམས་ཚངས་པ་རིག་བྱེད་འཆད་པ་པོར་འདོད་པ་ཙམ་མཐུན་པས།

རྔ་ཆེན་རོལ་དབྱངས་ཀྱི་ཡང་སྙིང་འཚོལ་བའི་དཔྱད་གཏམ།

སྙན་ངག་ནི་ཚོར་བ་ཞིག་ཡིན་ན་གོ་བ་ལེན་སྟངས་ཀྱི་བར་སྟོང་དེའང་ཚོར་སྣང་དུ་མ་ལས་གྲུབ་པའི་སྤྱི་ཚོགས་ཤིག་ཀྱང་ཡིན་ངེས་པས། མཐའ་གཅིག་ཏུ་སྙན་ངག་པའི་བློས་བསླངས་ཀྱི་རི་མོ་ནི་ཀློག་པ་པོའི་མིག་མདུན་དང་བློ་ཡུལ་དུ་ཇི་ལྟ་བ་བཞིན་ཆུད་པའི་གདེང་ཚོད་དཀའ་ཕྱིར།  སྐབས་རེར་ང་ཚོས་གཏན་ཚིགས་དང་རྒྱུ་མཚན་གྱི་ཐབས་ལམ་མང་བོ་ཞིག་

སྐུ་ཞབས་ཇིས་ཤྲན་ལིན་དང་ལྷན་དུ་འཛམ་གླིང་ཞེས་པའི་གླེགས་བམ་ཆེན་མོ་ཟུར་ཙམ་མཇལ་བ།

སྤྱིར་འཛམ་གླིང་ལ་རིག་གནས་ཀྱི་ཁྱིམ་ར་ཆེན་མོ་ལྔར་བཤད་ལ། སྒོས་སུ་རྒྱའི་ཉེ་རབས་ཀྱི་མཁས་པ་ཆེན་མོ་ཇི་ཤྲན་ལིན་ཁོང་གིས་དཔེ་དེབ་འདིར་ཁྱིམ་ར་ཆེན་མོ་བཞིར་འདུས་པར་གསུངས་པ་དག་ཚུར་བསྡུས་ཏེ་བཤད་ན་ཤར་ནུབ་གཉིས་ཀྱི་རིག་གནས་ཀྱི་ཁྱབ་ཁོངས་གཉིས་སུ་འདུས་པ་ཡིན། དཔེ་དེབ་འདི་ལས་རིག་གནས་ཞེས་པའི་མིང་ཚིག་ལས་འཕྲོས་ཏེ་

འདོད་ཆགས་ཀྱི་ཕྲ་རྒྱས་མི་དགེ་བ་ཡིན་ནམ།

དེ་ཡང་སྔོན་ཆད་འཛམ་གླིང་ཤར་ནུབ་ནས་བྱུང་བའི་གནའ་བོའི་མཚན་ཉིད་རིག་པ་བ་མང་པོ་ཞིག་གིས་ཀྱང་འདོད་ཆགས་ཟེར་བའི་སེམས་བྱུང་འདི་ཉིད། གཞན་གྱིས་མ་སློབ་མ་སྦྱངས་པར་རང་ཤུགས་ཀྱིས་མིའི་འཚོ་བ་དང་འདྲེས་ཡོང་བའི་གནས་བབས་སོགས་ལ་བསམ་ནས།  སེམས་བྱུང་འདིའི་ངོ་བོ་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ལྟ་བུར་བལྟས་ཏེ།

རྟོགས་བརྗོད་དཔག་བསམ་འཁྲི་ཤིང་དང་དེའི་མཛད་པ་པོའི་སྐོར་རགས་ཙམ་གླེང་བ།

དེ་ལ་རྟོགས་བརྗོད་འདི་དང་འབྲེལ་བའི་གནས་ཚུལ་རང་རེ་ལ་གྲགས་པ་གནད་ཆེ་བ་མང་དག་ཅིག་ནི་གོང་ས་ལྔ་བ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་﹙༡༦༡༧  ༡༦༨༢﹚འདི་ཡི་དཔར་བྱང་དུ་གསུངས་ཟིན་ལ། དཔར་སྐྲུན་ཇི་ལྟར་གནང་ཚུལ་སྐོར་ཡང་དེར་གསལ་ལ། དེ་ནི་ཕྱིས་ཀྱི་རང་རེའི་དཔེ་ཕལ་མོ་ཆེས་ཕྱི་མོར་གྱུར་ཡོད་པས།

རྫོགས་བྲིས་སྐོར་གྱི་དཔྱད་བརྗོད།

སྤྱིར་བོད་ཡུལ་ལུང་པའི་ས་ཁོངས་དང་ས་ཁོངས་འདིའི་ཆབ་དཔལ་རིག་གསུམ་ནི་དུས་སྐབས་གང་ཞིག་ནས་ངོ་གནོང་མི་དགོས་པའམ་ཁྱིམ་མཚེས་རྒྱལ་ཁབ་དག་གི་ཤེས་རིག་ལས་ཐོད་རྒལ་དུ་མ་གྱུར་ཡང་དེའི་ཁ་གཏད་དུ་ལངས་ཆོག་པའི་ཚད་དུ་ཏན་ཏན་སླེབས་པ་རེད། ཚད་ཐིགས་དེ་འདྲ་ཞིག་ཏུ་ལོངས་བ་ནི་འབད་མེད་ལྷུན་འགྲུབ་དང་

སྙན་ངག་མེ་ལོང་མའི‘‘ཆོས་དཔེའི་མཚུངས་ཆོས’’གསར་དཔྱད།

སྤྱིར་སྙན་ངག་མེ་ལོང་མ་ཡོད་མེད་གང་བྱས་ཀྱང་བོད་མི་རིགས་འདི་ངག་རིག་སྒྱུ་རྩལ་ལ་དགའ་ཞེན་ཆེ་བ་ཞིག་ཡིན་ཕྱིན། རྒྱལ་རབས་གསལ་མེ་ལས། ཚིག་འཇམ་པ་དང་། སྨྲ་མཁས་པ་ཞེས་གསལ་བ་དང་།  དེ་བཞིན་བོད་ཀྱི་བརྡ་རྙིང་ཡིག་ཆ་ལས། ཤྀང་རབས་ཀྱྀ་ནང་ན་ནྀ་ཐང་ཤྀང་རྀང་པོ་རྀང་། ཆུ་རབས་ཀྱྀ་ནང་ནྀ་ཡར་ཆུ་སྔོན་མོ་ཆེ། ཡར་ལྷ་ཤམ་པོ་ནྀ་གཙུག་གྀ་ལྷ་འོ། །

གནའ་བོའི་བོད་ཀྱི་རྒྱལ་ཆེན་སྡེ་བཞི་གླེང་བ།

སྤྱིར་བོད་ཀྱི་གསོལ་ཆོག་ཡི་གེ་དག་ནི། ལྷ་རབས་དང་མི་རབས། རྒྱལ་རབས་དང་བླ་རབས་སོགས་ལ་འབྲེལ་ཅིང་། གསོལ་ཆོག་ནང་དུ་མངོན་པའི་སྲུང་མ་དག་གི་གཤིས་ཀ་དང་བྱུང་བ། ཆ་ལུགས་དང་སྐུ་མདོག་སོགས་ཀྱང་དུས་རབས་དེའི་མི་རྣམས་ཀྱི་གཤིས་ཀ་དང་བསམ་བློ། ཆ་ལུགས་དང་དད་མོས་སོགས་མཚོན་པའི་རུ་དར་ཁྲ་བོ་རེ་རེ་ཡིན་ཞེས་ཟེར་ཆོག།

Alert! You can not copy the content of this page.