བོད་མིའི་བྱུང་རབས་ལོ་ངོ་སུམ་སྟོང་ལས་མི་སྔ་བར་ཅལ་སྒྲོག་བྱུང་བའི་ར་སྤྲོད།
བོད་ཡུལ་འདིར་མིའི་འགྲོ་བ་དང་པོ་བྱུང་ནས་ད་ལྟའི་བར་ལོ་དུས་ཇི་ཙམ་སོང་མིན་སྐོར་སྤྱི་ཡོངས་ནས་བཞེད་ཚུལ་མི་འདྲ་བ་གཉིས་སུ་གྱེས་པར་སྣང༌། དེ་ཡང་མི་ལོ་ཁྲི་ཕྲག་དུ་མའི་ལོ་རྒྱུས་ཡོད་པར་སྨྲ་བའི་ལུགས་གཅིག་དང༌། ལོ་ངོ་སུམ་སྟོང་ཙམ་གྱི་ཡས་མས་སུ་གཞི་ནས་སྤྲེལ་མཇུག་བུད་དེ་མིར་གྱུར་པ་སོགས་སུ་འདོད་པའི་སྲོལ་གཉིས་སུ་མཆིས། བཞེད་ཚུལ་སྔ་མ་ནི་
གནས་མཆོག་རི་བོ་བྱ་རྐང་ལ་རགས་ཙམ་དཔྱད་པ།
དེ་ཡང་བླ་མ་རྡོ་རྗེ་གདན་པས(ཕལ་ཆེར་དུས་རབས་བཅུ་གཅིག)མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[1]། ནགས་ཚལ་ནང་དུ་དཀའ་ཐུབ་མཛད། །བྱམས་པའི་ཞལ་གཟིགས་བསྟན་བཅོས་བརྩམས། །ཐོགས་པ་མེད་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ།
སོག་པོ་ཇུན་གར་བས་བོད་ལ་བཙན་འཛུལ་གྱིས་སྔ་འགྱུར་རྙིང་མའི་བསྟན་པ་བསྣུབས་པའི་རྒྱུ་མཚན་དང་དེའི་རྒྱབ་ལྗོངས་ལ་དཔྱད་པ།
དེ་ཡང་ཇི་སྐད་དུ། མིས་རང་གི་སྐྱེ་ཁུངས་མ་ཤེས་ན། །ནགས་ནང་གི་སྤྲེའུ་དང་འདྲ། །མི་རང་གི་ཆོ་འབྲང་མ་ཤེས་ན།།སྒོ་ཁའི་ཕྱུགས་ཟོག་དང་འདྲ།།ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། །མཛོ་རྒྱན་འཁྱམ་པོ་དང་འདྲ། །ཞེས་གསུངས་པ་ལྟར་འདས་ཟིན་པའི་རང་ཅག་གི་མེས་པོ་ཚོས་བཞག་པའི་འོད་སྟོད་ལྡན་པའི་མཛད་རྗེས་དང་། སྐྱོ་བ། ཡིད་ཕངས་པའི་ལོ་རྒྱུས་མངར་སྐྱུར་གང་བྱུང་ཡོད་ཀྱང་
དཔལ་ལྡན་རྒྱུད་བཞིའི་འབྱུང་ཁུངས་ལ་དཔྱད་པ་མ་གསང་དྲང་གཏམ།
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དམ་རྒྱུད་བཞི་ཞེས་པ་ནི་བོད་ཀྱི་གསོ་དཔྱད་གཞུང་ལུགས་ཀུན་གྱི་ཕྱི་མོ་ལྟ་བུ་ཡིན་མོད།དཔལ་ལྡན་རྒྱུད་ཀྱི་རྒྱལ་བོ་འདི་ཉིད་ཀྱི་མཛད་པ་པོ་གང་ཟག་སུ་ཡིན་མིན་སྐོར་ལ་གནའ་བོའི་དུས་ནས་ད་ལྟའི་བར་དུ་དགོངས་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད། འདིར་ཁོ་བོས་གནའ་དེང་མཁས་པའི་བཞེད་སྲོལ་དང་།
མཁན་ཆེན་ཞི་བ་འཚོའི་འཁྲུངས་ཡུལ་ཟ་ཧོར་བཤད་པ།
དེ་ཡང་༧རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་གངས་རིའི་ཁྲོད་པ་རྣམས་ལ་བཀའ་དྲིན་མཚུངས་པ་མེད་པའི་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོ་ལ་བསྟོད་པ་དབྱངས་ཅན་ཕང་འགྲོའི་སྒྲ་དབྱངས་ལས[1]།
ས་ལཱ་པ་ལྟར་མངོན་མཐོའི་རྒྱལ་རིགས་སུ། །
མཚན་དཔེའི་སྣང་བ་རྒྱས་པའི་ངོ་མཚར་སྐུ། །
བསམ་ཡས་ཀྱི་རྒྱ་དཔེ་གླེང་བ།
མཁས་དབང་དགེ་འདུན་ཆོས་འཕེལ་(1903-1951)གྱིས“ད་ལྟ་སིང་ག་ལའི་སྡེ་སྣོད་གསུམ་མ་གདྷའི་སྐད་དུ་བཞུགས་པ་འདིའི་འོག་ན་ནང་བ་སངས་རྒྱས་པའི་རྒྱ་དཔེ་བཞུགས་པ་ལ་རེ་ཞིག་ད་ལྟ་རྙེད་ཟིན་པ་འདི་ཙམ་གྱི་དབང་དུ་བྱས་ཀྱང་བོད་ཀྱི་ཡུལ་འདི་མང་ཤོས་སུ་འདུག་ཅིང་།”[1]ཞེས་གསུངས་ཡོད་ཅིང་།
༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཀྱི་ལོ་རྒྱུས་ཞབས་བཏགས་མ།
རྩོམ་ཡིག་འདིར་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཀྱི་ལོ་རྒྱུས་འཚོལ་ཞིབ་བགྱིས་ཏེ། གསོལ་འདེབས་འདི་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ཐོག་མར་༸གོང་ས་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོར་ཕུལ་བ་དང་། ཡང་། མི་དབང་ཕོ་ལྷ་བས་ཐོག་མར༸གོང་ས་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོར་ཕུལ་བ་རེད་ཅེས་བཞེད་པ་མི་མཐུན་པ་གཉིས་ཡོད་པ་ལས་འཕྲོས་ཏེ།
སྨིན་གྲོལ་གླིང་དང་སྨིན་གླིང་ལོ་ཆེན་མདོར་ཙམ་བརྗོད་པ།
སྨིན་གྲོལ་གླིང་དགོན་པ་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁ་ཁུལ་དུ་གནས་པའི་གསང་སྔགས་རྙིང་མའི་ལུགས་ཀྱི་དགོན་སྡེ་གྲགས་ཅན་རྡོ་གླིང་དཔལ་གསུམ་སྟེ་རྡོ་རྗེ་བྲག་དང་། སྨིན་གྲོལ་གླིང་། འཕྱོངས་རྒྱས་དཔལ་རི་ཞེས་གྲགས་པའི་ནང་གསེས་ཤིག་ཡིན་ཞིང་ལྷོ་གཏེར་གྱི་གདན་སར་ཡང་འབོད།
གུ་གེ་རྒྱལ་རབས་འཇིག་རྐྱེན་གྱི་ལོ་རྒྱུས་གླེང་བ།
གུ་གེ་ཞེས་པ་ནི་ཞང་ཚིག་ཅིག་སྟེ་དེའི་དོན་ནི་ཡི་གེ་ཡིན་པར་གྲགས་ཤིང་། ཐ་སྙད་དེ་ཐོག་མར་ཏུན་ཧོང་གཏེར་ཡིག་ལས‘‘བཙན་པོ་རིམ་བྱུང་གི་ལོ་རྒྱུས’’སུ་བྱུང་ནའང་། དོན་དངོས་སུ་གུ་གེ་ནི་ཞང་ཞུང་གི་ཆ་ཤས་ཤིག་ཡིན་པའམ་ཡང་ན་ཞང་ཞུང་ནི་གུ་གེའི་མངའ་ཁོངས་ཀྱི་ཡུལ་ལུང་ཞིག་ཡིན་མིན་ཐད་ལ་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་བཞེད་དགོངས་མི་མཐུན་[1]མོད།
བོད་ཀྱི་རྒྱལ་སྲས་ཤིག་དང་བློན་ཆེན་ཞིག་སྲུང་མར་གྱུར་ཚུལ་གླེང་བ།
དེ་ཡང་འདིར་བོད་ཀྱི་རྒྱལ་སྲས་ཤིག་དང་བློན་ཆེན་ཞིག་སྲུང་མར་གྱུར་ཚུལ་གྱི་ལོ་རྒྱུས་ཤིག་གླེང་བར་བྱ། སྐབས་འདིའི་རྒྱལ་སྲས་ནི་ཙོང་ཁ་རྒྱལ་པོའི་མི་རབས་བཞི་པར་བཤད་པ་ཡིན་ལ། བློན་ཆེན་ནི་བློན་ཆེན་པོ་བྲལ་ཀ་དཔལ་གྱི་ཡོན་ཏན་ཟེར་བ་མངའ་བདག་ཁྲི་རལ་གྱི་བློན་ཆེན་ལ་གོ་དགོས་པ་ཡིན།རྒྱལ་སྲས་ཀྱི་ལོ་རྒྱུས་ནི་དེ་འདྲའི་གསལ་བོར་འཁོད་པ་མི་སྣང་ཡང་།