བོད་མིའི་བྱུང་རབས་ལོ་ངོ་སུམ་སྟོང་ལས་མི་སྔ་བར་ཅལ་སྒྲོག་བྱུང་བའི་ར་སྤྲོད།

བོད་ཡུལ་འདིར་མིའི་འགྲོ་བ་དང་པོ་བྱུང་ནས་ད་ལྟའི་བར་ལོ་དུས་ཇི་ཙམ་སོང་མིན་སྐོར་སྤྱི་ཡོངས་ནས་བཞེད་ཚུལ་མི་འདྲ་བ་གཉིས་སུ་གྱེས་པར་སྣང༌། དེ་ཡང་མི་ལོ་ཁྲི་ཕྲག་དུ་མའི་ལོ་རྒྱུས་ཡོད་པར་སྨྲ་བའི་ལུགས་གཅིག་དང༌། ལོ་ངོ་སུམ་སྟོང་ཙམ་གྱི་ཡས་མས་སུ་གཞི་ནས་སྤྲེལ་མཇུག་བུད་དེ་མིར་གྱུར་པ་སོགས་སུ་འདོད་པའི་སྲོལ་གཉིས་སུ་མཆིས། བཞེད་ཚུལ་སྔ་མ་ནི་

ཁྱུང་མོ་དགོན་པའི་སྔར་བྱུང་གི་ལོ་རྒྱུས་དང་ད་ལྟའི་གནས་བབ་སྐོར་གླེང་བ།

ཐོག་མར་‘‘ཁྱུང་མོ་’’ཞེས་པའི་མཚན་ཟུར་གྱི་ཁྱུང་གི་གོ་དོན་ནི། སྤྱིར་ཁྱུང་ཞེས་པ་འདབ་ཆགས་ཁྱུང་དང་རུས་ཁྱུང་གཉིས་སུ་གོ་རྒྱུ་ཡོད་སྟེ། ‘‘འདིར་ཞུང་གི་སྐད་དོད་དུ་གྱུར་པའི་ཁྱུང་གི་འཇུག་གཞིར་འདབ་ཆགས་ཁྱུང་དང་རུས་རྒྱུད་ཁྱུང་གཉིས་ཀར་བདོག་པར་སྣང་སྟེ། ཞང་སྐད་དུ་ཞུང་ཁྱུང་དང༌། ཏིང་ཞུང་ཁྱུང་སྔོན་དང༌། ཞུང་ཞག ཁྱུང་ནག་ལ་གོ་བར་འདུག 

ཡེར་ཁེན་དེ་སྡེ་པ་གཞུང་གི་ཁྱབ་ཁོངས་ཡིན་ནམ།

ཉེ་སྔོན་སྐད་འཕྲིན་ཚོགས་པ་ཞིག་ཏུ་ལ་དྭགས་དམག་འཁྲུག་ལས་འཕྲོས་ཏེ། རྒྱལ་བ་ལྔ་པའི་སྐབས་སུ་མངའ་རིས་སྐོར་གསུམ་མ་ཟད། ཡེར་ཁེན་[[1]]ཕྱོགས་ན་ཆབ་འབངས་མི་ཁྱིམ་ས་ཡ་གཉིས་ཙམ་ཡོད་སྐོར་དང་། ཕྱི་ལོ་2017 ལོར་སྲོང་བཙན་སྒམ་པོ་(617-50)དང་། ལྔ་པ་ཆེན་པོ་(1617-82)འཁྲུངས་ནས་ལོ་1400 དང་400 ཧྲིལ་པོ་འཁོར་བར་རྗེས་དྲན་བྱེད་རིན་ཡོད་པའི་སྐོར་ལས་འཕྲོས་ཏེ་ཡེར་ཁེན་སྐོར་བཤད་སྐབས་མགོ་བོ་གཡུག་མཁན་མང་པོ་བྱུང་བས།

བསྟན་པ་ཕྱི་དར་སྐབས་ཀྱི་ཇོ་སྲས་ཁག་ཅིག་གི་སློབ་གཉེར་གྱི་བརྒྱུད་རིམ་གླེང་བ།

བོད་ཀྱི་འདས་པའི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་རིང་མོའི་ཀློང་དུ་ཕྱི་མིག་ལྟ་ཐེངས་རེ་རེར། ངའི་གངས་དཀར་སེམས་ཀྱི་ངོས་སུ་བོད་ཀྱི་ཆོས་དང་རིག་གནས་གཉིས་ཀའི་ཕྱོགས་སུ་མཛད་རྗེས་བླ་ན་མེད་པ་བཞག་མྱོང་བའི་རང་རེའི་ཇོ་སྲས་རྣམ་པ་གཅིག་རྗེས་གཉིས་མཐུད་དུ་ཤར་ཡོང་། ཁོང་རྣམ་པའི་ཁྲོད་ཀྱི་མང་ཆེ་བ་སྔགས་འཆང་ངམ་ཁྱིམ་ན་

«སྟག་ལུང་བསང་ཆེན»གྱི་གབ་སྦས་དང་རྩོམ་རིག་སྒྱུ་རྩལ།

འདི་ན་བོད་ཀྱི་ལྷ་འདྲེ་གཞི་བདག་རྣམས་ཀྱི་དཀར་ཆག་ལྟ་བུའི «སྟག་ལུང་བསང་ཆེན»ཟེར་བའི་གསང་བའི་གླེགས་བམ་ཞིག་འདུག  འདི་ནི་ལོ་ངོ་སྟོང་ཕྲག་སྔོན་གྱི་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་དད་མོས་སོགས་ཀྱི་ནང་ནས། ཉམས་ཉེས་སུ་མ་སོང་བར་ཇི་མ་ཇི་བཞིན་ལུས་བསྡད་པ་ཉུང་ཤས་ཤིག་ཡོད་པའི་ཁྲོད་ཀྱི་དཔེ་མཚོན་ཡག་ཤོས་དེ་ཡིན་ལ།

པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་རགས་ཙམ་གླེང་བ།

དེ་ཡང་རོང་ཐ་ཆོས་འབྱོར་ལྷུན་གྲུབ་ (1857-1900/1901) ཀྱིས་མཛད་པའི་དཀར་ཆག་ལས[1]། འཕགས་ཡུལ་པཎ་ཆེན་གསེར་གྱི་རི་བོའི་དབུས། ། ལུང་རྟོགས་མངོན་པར་འཕགས་པ་གླིང་བཞིའི་རྒྱན། ། གྲུབ་བརྙེས་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡི། ། ཐུགས་རྗེའི་སྣང་བས་བྱང་ཆུང་དེ་སྲིད་སྐྱོངས། །ཞེས་བསྟོད་ཕྱག་མཛད་པ་ལྟར། པཎྜི་ཏ་འདི་ཉིད་ཀྱི་ལེགས་སྦྱར་གྱི་མཚན་ལ་སྨྲི་ཏི་ཛྙཱ་ན་ཀཱིརྟི་སྟེ་བོད་སྐད་དུ་དྲན་པའི་ཡེ་ཤེས་གྲགས་པ་ཞེས་ཞུ་ཞིང་།

མངའ་བདག་རྩེ་ལྡེས་ཞབས་ཏོག་མཛད་པའི་མེ་ཕོ་འབྲུག་གི་ཆོས་འཁོར།

སྟོན་པ་དེ་བཞིན་གཤེགས་པས་གདུལ་བྱ་གང་ཟག་རིམ་ཅན་གསུམ་ལ་མྱ་ངན་ལས་འདས་པའི་ལམ་རྒྱུ་འབྲས་ངོ་བོ་ཉིད་གསུམ་བརྗོད་བྱའི་གཙོ་བོར་གྱུར་ནས་འཇིག་རྟེན་གྱི་ས་སྟེང་འདིར་ཆོས་འཁོར་རིམ་པ་གསུམ་བསྐོར་བ་ནི་ཡོངས་སུ་གྲགས་ཤིང༌། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མངོན་རྟོགས་རྒྱན་གྱི་གཞུང་ནས་གསུངས་པའི་ཆོས་འཁོར་གྱི་རྣམ་གཞག་གམ་མཚན་ཉིད་ནི།

ཚ་ཁོ་པ་ངག་དབང་གྲགས་པ་མདོ་སྨད་དུ་ནམ་བྱོན་ལ་དཔྱད་པ།

བོད་རབ་བྱུང་དྲུག་པའི་ནང་བྱོན་པའི་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ་མཆོག་ནི། སྤྱི་ལོའི་དུས་རབས་ནམ་འཁྲུངས{རྗེ་བླ་མ་དང་དགུང་མཉམ་ཡིན་ཟེར་མཁན་ཡང་འདུག}ཀྱི་ཐད་ནས་གསལ་ཐག་ཆོད་པ་ཞིག་རྟོགས་དཀའ་མོད། འོན་ཀྱང་། རྗེ་བླ་མ་ཙོང་ཁ་ཆེན་པོ་མདོ་སྨད་ནས་དབུས་གཙང་དུ་བྱོན་ཏེ་མདོ་ཕྱོགས་ཀྱི་གཞུང་ལུགས་བརྒྱ་ཕྲག་མང་པོར་

ལོ་ཆེན་བཻ་རོ་ཙ་ན་སྤྱུགས་ཡུལ་ལྷོ་ཚ་བ་རོང་ཡིན་པའི་སྐོར་གླེང་བ།

སྤྱི་ལོ་༢༠༢༠ལོར་རང་དགོན་གྱིས་བགྲོ་གླེང་ཆེན་མོ་ཞིག་འཚོག་དགོས་པའི་བརྡ་ཁྱབ་སྤེལ་བ་དང་།  ཕྲན་རང་བགྲོ་གླེང་དེར་ཞུགས་དགོས་པའི་རྐྱེན་གྱིས་ཡུན་རིང་དཔེ་ཀློག་བྱས་ཏེ་ཞིབ་འཇུག་ཁ་བྱང་ཞིག་བཙལ་བ་ཡིན།  དེ་སྐབས་སུ་སྟེས་དབང་ཞིག་གམ་ཡང་ན་ལས་སྨོན་ཞིག་གིས་གུས་པ་ལོ་ཆེན་སྐོར་ལ་དོ་སྣང་བྱུང་སོང་། 

རིག་བྱེད་རྩོམ་རིག་གི་འབྱུང་ཁུངས་སུ་གྱུར་བའི«ཨབེསྟ»གླེང་བ།

དེ་རིང་ང་ཚོས་གླེང་བར་བྱ་བའི་བརྗོད་གཞི་ནི་རྒྱ་གར་གྱི་རིག་བྱེད་རྩོམ་རིག་གི་འབྱུང་ཁུངས་སུ་གྱུར་བའི་<<ཨབེསྟ>>ཞེས་པ་དེ་ཡིན་ལ། འདི་གླེང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ང་ཚོས་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་ཁྱབ་ཁོངས་ནས་རྒྱ་གར་རིག་བྱེད་རྩོམ་རིག་ལ་སློབ་གཉེར་དང་འཆད་ཁྲིད་བྱེད་དུས། གནའ་བོའི་ཨརྱཎཱ་མི་རིགས་ཀྱི་ཤེས་རིག་བྱུང་རིམ་ལ་གཡོལ་ཐབས་

Alert! You can not copy the content of this page.