སྙན་བཟང་གཡུང་དྲུང་ཚེ་རིང་།
དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཞིབ་འཇུག
ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༩ པའི་ཚེས་ ༧ ཉིན་གྱི་ཕྱི་དྲོར། ཁོ་བོས་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་གི་ཚན་པ་རེ་ཟུང་ཡང་བསྐྱར་བཀླགས་རྗེས། དམ་པ་འདིའི་ལོ་རྒྱུས་སྐོར་ཞིག་ཕྱིར་དྲན་བྱས་པ་ཡིན། དེང་སང་ཁོང་གི་སྐུ་ཚེའི་ལོ་རྒྱུས་སྐོར་བྲིས་པའི་དེབ་དང་རྩོམ་ཡིག བཅར་འདྲི་སོགས་ཀྱིས་མཚོན་པའི་དཔྱད་གཞིའི་ཡིག་ཆ་སྣ་ཚོགས་ཤིག་ཡོད་པས།
“ལོ་ཙཱ་བ་ཤམ་བྷ་ལ་བ”འཚོལ་ཞིབ།
ཕྲན་གྱིས་ལོ་ཙཱ་བ་ཤམ་བྷ་ལ་བ་ཞེས་པའི་མིང་འདི་ཐོག་མར་མཁས་དབང་དགེ་འདུན་ཆོས་འཕེལ (༡༩༠༣-༡༩༥༡)གྱི་གཏམ་རྒྱུད་གསེར་ཐང་དུ་མཐོང་བར་མ་ཟད། ཕྱི་ལོ་ ༡༩༩༥ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤར་སྐྲུན་བགྱིས་པའི་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་གསུམ་གྱི་བདག་ཉིད་ཅན་དེ་འཚོ་བ་ངན་ངོན་རོལ་བའི་
བོད་དུ་སླེབས་པའི་ཡེ་ཤུའི་ཆོས་སྤེལ་མཁན་ཐོག་མ་དང་ཁོང་གི་འཕྲིན་་ཡིག་གི་སྐོར་གླེང་བ།
ནུབ་ཕྱོགས་ཡུ་རོབ་པ་སྐོར་ཞིག་དུས་རབས་བར་མའི་སྐབས་སུ་ཨེ་ཤེ་ཡར་སླེབས་ཏེ་ཁོང་ཚོས་དངོས་ཡོད་དང་དངོས་ཡོད་མ་ཡིན་པ་ལྟ་བུའི་བོད་ཀྱི་གནས་ཚུལ་སྐོར་ཞིག་ཟིན་བྲིས་ཀྱི་ཚུལ་དུ་བྲིས་ཡོད། འོན་ཀྱང་། ཁོང་ཚོའི་ཁྲོད་ཀྱི་མི་སུ་དང་སུ་ཞིག་བོད་དུ་ཕྱིན་པའི་ཁུངས་བདེན་གྱི་ཡིག་ཆ་རྙེད་སོན་བྱུང་མེད། དཔེར་ན། མར་ཁོ པོ་ལོ (Marco Polo 1254 -1324) ནི་
དུས་རབས་བར་མའི་སྐབས་སུ་ཨེ་ཤེ་ཡར་འབྱོར་བའི་ཡུ་རོབ་པ་དང་ཁོང་ཚོའི་ཟིན་བྲིས་སུ་འཁོད་པའི་བོད།
ཕྱི་ལོའི་སྔོན་གྱི་ལོ་ངོ་བརྒྱ་ལྷག་གི་དུས་སུ། དར་གོས་ཚོང་ལམ་གྱི་སྒོ་མོ་ཕྱེས་ནས་བཟུང་སྟེ། ཚོང་ལམ་དེའི་སྟེང་དུ་ཚོང་ཟོག་སྐྱེལ་འདྲེན་བྱེད་མཁན་དང་། ལྗོངས་རྒྱུ་བ། བསམ་བློ་བ། ཡེ་ཤུའི་ཆོས་སྤེལ་མཁན་དང་། གཞན་ཡང་གསང་ཉུལ་བ་སོགས་མཚམས་མ་ཆད་པར་བགྲོད་པའི་ཉེར་ལེན་ལ་བརྟེན་ནས། ཚོང་ལམ་དེ་ནི་ཤར་ལྷོ་ནུབ་བྱང་གི་ཤེས་རིག་སྒྱུ་རྩལ་དང་། ཆོས་ལུགས་རིག་གནས།
དཔའ་བོ་གཙུག་ལག་ཕྲེང་བའི་རྣམ་ཐར་དང་། «ཆོས་འབྱུང་མཁས་པའི་དགའ་སྟོན» ད་དུང་ཁོང་གི་གསུང་རྩོམ་བཅས་ཀྱི་སྐོར་བཤད་པ།
ཉིན་ཤས་ཀྱི་སྔོན་ལ་ཧྥ་རན་སིའི་གཞུང་གིས་ཏོག་དབྱིབས་ན་ཚ་ལ་རྐྱེན་བྱས་ཏེ་ཁྱིམ་སྡོད་བཀའ་རྒྱ་བསྒྲགས་སྟབས། ཕྲན་གྱིས་དཔའ་བོ་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བས (༡༥༠༤ -༡༥༦༤ /༡༥༦༦) མཛད་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་བམ་པོ་ཁག་ལས་དོན་ཚན་ཁ་ཤས་ཞིབ་ཀློག་བྱེད་སྐབས། དཔའ་བོ་གཙུག་ལག་ཕྲེང་བའི་རྣམ་ཐར་དང་། ཆོས་འབྱུང་འདིའི་གནས་ཚུལ།
«འཛམ་གླིང་རྒྱས་བཤད»དང་དེའི་རྩོམ་པ་པོའི་སྐོར་གླེང་བ།
ཁོ་བོས་འདིར་གླེང་བར་བྱ་བ་ནི། ཕྱི་ལོ་༢༠༠༢ལོར་ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི«མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསར་རྙེད་གསུང་རྩོམ»ཞེས་པའི་དེབ་ཏུ་བཅུག་པའི«འཛམ་གླིང་རྒྱས་བཤད»ཀྱི་སྐོར་ཡིན། སྤྱིར་མཁས་དབང་དགེ་འདུན་ཆོས་འཕེལ(༡༩༠༣-༡༩༥༡)གྱི་གསུང་རྩོམ་དང་བོད་དུ་སླེབས་པའི་ཡེ་ཤུའི་ཆོས་སྤེལ་མཁན་དག་གི་ལོ་རྒྱུས་ལ་རྒྱུས་མངའ་ཟུར་ཙམ་ཡོད་མཁན་ཞིག་ཡིན་ཚེ་
དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་གསར་པ།
༧རྒྱལ་དབང་མཆོག་གིས་མཛད་པའི«རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན»གྱི་སྔོན་གླེང་དུ‘‘རྒྱ་གར་ལ་བཙན་བྱོལ་དུ་སླེབས་ནས་ལོ་མང་ཕྱིན་པའི་རྗེས་སུ། དགེ་འདུན་ཆོས་འཕེལ་གྱིས་༡༩༤༠ནང་ལ་བོད་ཀྱི་ནང་པའི་མཁས་པ་ཚོར་སྤྲིངས་པའི་འཕྲིན་ཡིག་ཁ་གསལ་ཞིག་ངའི་ལག་ཏུ་འབྱོར་བྱུང་། ཁོང་ནི་སྐབས་དེར་བོད་ཀྱི་མཁས་པའི་ཁྲོད་ལེགས་སྦྱར་གྱི་སྐད་ཙམ་མ་ཡིན་པར་ཨིན་ཡིག་ཀྱང་ཤེས་པའི་མཁས་དབང་ཁྱད་པར་བ་ཞིག་རེད’’[1]ཅེས་གསུངས་ཡོད།
«རྣམ་ཐར་བཙན་པོ་མ»དང«ངོ་མཚར་སྐལ་བཟང་འཇུག་ངོགས»གཉིས་ལས་འཕྲོས་པའི་དཔྱད་ཞིབ།
བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་གྲགས་ཅན་མི་སྣ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ(1683-1706/1746)དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ།(1653-1705) འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས།(1648-1721/1722) ལྷ་བཟང་ཧན(?-1717)བཅས་ཀྱི་འགལ་འབྲེལ་གྱི་སྐོར་ལ་བོད་ཀྱི་ཞིབ་འཇུག་པ་ཚོས་རྩོམ་ཡིག་སྣ་ཚོགས་ཤིག་བྲིས་ཡོད་པས།
བུ་སྟོན་ཐམས་ཅད་མཁྱེན་པ་ལས་འཕྲོས་པའི་དཔྱད་ཞིབ།
དུས་རབས་ཉི་ཤུ་པའི་དུས་མགོར་མཁས་དབང་དགེ་འདུན་ཆོས་འཕེལ་(1903-1951)མཆོག་ཞ་ལུར་ཕེབས་ནས་བུ་སྟོན་རིན་པོ་ཆེའི་གཟིམ་ཤག་དང་འབྲེལ་བའི་སྐོར་ལ་ཚིག་ཐོ་འགའ་བཏབ་ཡོད་པ་འདི་ལྟར། ‘‘དེ་ནས་བཀྲས་ལྷུན་བརྒྱུད་དེ་ཞ་ལུར་བསླེབས། རི་ཕུག་ཏུ་མཇལ། ཀུན་མཁྱེན་བུའི་གཟིམ་ཤག་དེ་ཀ་བ་གཅིག་གི་ས། ཞལ་བ་ལ་ཚོན་ཀྱང་མེད་པ།
ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་འཚོལ་ཞིབ།
ཕྲན་གྱིས“ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་འཚོལ་ཞིབ”ཅེས་པའི་རྩོམ་ཡིག་འདི་ནི་སྤྱི་ལོ་༢༠༠༠ལོའི་ལོ་མཇུག་ཏུ་བྲིས་པ་རེད་ལ། སྐབས་དེར་བྲིས་པའི་རྩོམ་ཡིག་འདིར་དཔྱད་གཞི་ཡིག་ཆ་ཕུན་སུམ་ཚོགས་པ་ཞིག་མ་འཛོམས་སྟབས། ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་རི་མོ་གསལ་ལ་མ་གསལ་ཞིག་ཀྱང་འབྲི་ཐུབ་བྱུང་མི་འདུག