ཧི་མ་ལ་ཡའི་ས་གནས་ཁག་གསུམ་གྱི་ཐང་སྟོང་བུ་ཆེན་ནམ་བླ་མ་མ་ཎི་བའི་ད་ལྟའི་གནས་བབ་གླེང་བ།
བོད་སྐད་སྨྲ་ཞིང་བོད་ཡིག་སྤྱོད་བཞིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་ཁག་མ་འདྲ་བ་གསུམ་གྱི་ནང་། ཐང་སྟོང་བུ་ཆེན་ནམ་བླ་མ་མ་ཎི་བའི་ཆོས་ཚུལ་དར་སྟངས་དང་། དེ་དག་གི་རྒྱུད་ཁོངས། འཆད་བྱའི་རྣམ་ཐར། ཐང་སྟོང་བུ་ཆེན་བླ་མ་མ་ཎི་བའི་ཕན་ནུས་དང་། ད་ལྟ་ཧི་མ་ལ་ཡའི་ས་ཁུལ་དེ་གསུམ་གྱི་
གསར་དུ་རྙེད་པའི་མཁའ་འགྲོ་མ་འོད་ལྡན་བཟང་མོའི་བཀའ་ཤོག་ལ་ཐོག་མར་དཔྱད་པ།
འདི་ནི་གསར་དུ་རྙེད་སོན་བྱུང་པའི་བཀའ་ཤོག་ཅིག་ཡིན། དེ་སྔར་བོད་རིག་པའི་མཁས་པ་སུས་ཀྱང་འདི་ལ་ཞིབ་འཇུག་བྱས་མྱོང་མེད། ཕྱི་ལོ(1903)བོད་ཆུ་ཡོས་ལོར་མཛད་པའི་མཁའ་འགྲོ་འོད་ལྡན་བཟང་མོ་(1849-1913)ཞེས་པའི་བཀའ་ཤོག་ཏུ་གྲགས་པ་ཞིག་རེད། ད་ལྟ་མདོ་སྨད་དོ་ཞི་བོན་པོ་དགོན་པར་ཉར་ཡོད།
ནང་པའི་སྙན་དངགས་པ་ཆེན་པོ་འཕགས་པ་དཔའ་བོའི་རྣམ་ཐར་དང་འབྲེལ་བའི་མོལ་མཆིད།
རྩོམ་ཡིག་འདིར་ཕྱི་ལོའི་དུས་རབས་དང་པོ་ཡས་མས་སུ་བྱོན་པར་ངེས་པའི་ནང་པའི་སྙན་དངགས་པ་ཆེན་པོ་འཕགས་པ་དཔའ་བོས་མཛད་པའི་《མཛེས་དགའ་བོའི་རྟོགས་པ་བརྗོད་པ་》ཞེས་པའི་སྙན་དངགས་ཆེན་པོའི་མཛད་བྱང་ལས་འཕྲོས་ཏེ། ཁོང་གི་འཁྲུངས་གཤེགས་ཀྱི་རྣམ་ཐར་སྤྱི་དང་ཁྱད་པར་མཁས་པའི་བྱ་བ་རྣམ་གསུམ་ལས་རྩོམ་པའི་བྱ་བ་སྟེ།
སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྷུན་སྡིངས་བདུད་རྩི་འགྱུར་མེད་ཀྱི་སྨན་ཡིག་དཔེ་བཤུ་བྱས་ཡོད་མེད་སྐོར་གྱི་དོགས་དཔྱོད།
རྩོམ་ཡིག་འདི་ནི་སྡེ་སྲིད་མཆོག་ལ་ངན་སྨྲས་དང་ཁོང་གི་བརྩམས་ཆོས་རྣམས་ནག་བསུབ་གཏོང་བའི་ཆེད་དུ་མ་ཡིན་པར་རྩོམ་ཡིག་གི་བདག་དབང་ནི་དུས་ནམ་ཡང་རྩོམ་པ་པོ་ལ་ཡོད་པའི་གལ་ཆེའི་རང་བཞིན་ཤེས་པའི་ཆེད་དུ་བྲིས་པ་ཡིན་ལ། བོད་ཀྱི་རྩོམ་པ་པོའི་སྡེར་རྩོམ་ཡིག་བདག་དབང་གི་རྒྱུན་ཤེས་ཡོད་པ་ནས་བཟུང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་
སྐྱེས་རབས་རྩོམ་རིག་གི་ངོ་བོ་དང་། དབྱེ་བ། འབྲི་ཐབས་བཅས་གླེང་བ།
རྩོམ་ཡིག་འདིས་སྐྱེས་རབས་ནི་སངས་རྒྱས་རང་ཉིད་ཀྱིས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་སེམས་ཅན་གྱི་དོན་དུ་མཛད་པ་ཅི་བསྐྱངས་ཀྱི་གནས་ཚུལ་ཁག་གཙོ་བོར་སྟོན་པའི་བཀའ་དང་། རྗེས་འཇུག་མཁས་པས་མཛད་པའི་བསྟན་བཅོས་གཉིས་ཀ་ལས་གྲུབ་པ་ཞིག་ཡིན་པ་དང་། དེ་ཡང་ཐོག་མར་སྟོན་པ་པོ་ནི་སངས་རྒྱས་རང་ཉིད་ཡིན་པ།
ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་བསམ་ཡས་ཀྱི་མཁན་རབས་ཤིག་ཡིན་མིན་ལ་དཔྱད་པ།
བོད་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་པོ་མཐའ་མ་ཞེ་གཅིག་པ་ལྷ་སྲས་དར་མ་ཞེས་གྲགས་པ་ནི་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ངན་གྲགས་ཆེ་བའི་རྒྱུ་མཚན་གཙོ་བོ་ནི། ཁོང་གིས་ནང་བསྟན་ཆོས་ལུགས་བསྣུབས་པར་གྲགས་པ་དེའི་དབང་གིས་ཡིན་ངེས་ཀྱང་། དེང་སང་ང་ཚོར་ཐོབ་པའི་ཏུན་ཧོང་གི་ཡིག་ཆ་ལྟར་ན། ཁོང་ནི་བོད་ཀྱི་ཆོས་འབྱུང་ཁག་ཏུ་
བསྟན་བཅོས་ག་ལས་འཇིགས་མེད་དབུ་མ་རྩ་བ་ཤེས་རབ་ཀྱི་རང་འགྲེལ་ཡིན་མིན་གྱི་སྐོར་ལ་རོབ་ཙམ་དཔྱད་པ།
དཔྱད་རྩོམ་འདིར་མགོན་པོ་ཀླུ་སྒྲུབ་ཀྱི་ལོ་རྒྱུས་མདོར་བསྡུས་ཙམ་དང་དེ་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དབུ་མ་རྩ་བ་ཤེས་རབ་ཀྱི་རང་འགྲེལ་ཡིན་མིན་གྱི་སྐོར་ལ་རྒྱ་དཀར་ནག་གཉིས་དང་། བོད་ཀྱི་མཁས་པ་དག་གིས་གསུངས་པའི་ལེགས་བཤད་གཞིར་བཟུང་ནས་རང་བློས་ཅི་ལྕོགས་ཀྱི་སྒོ་ནས་དཔྱད་བརྗོད་རོབ་ཙམ་བཞུགས།
པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོའི་སྐུ་ཚེའི་ལོ་རྒྱུས་ལ་ཅུང་ཟད་དཔྱད་པ།
པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོའམ། རྩེ་ཡེ་ཤེས་རྒྱ་མཚོ། མཁན་པོ་ཡེ་ཤེས་རྒྱ་མཚོ། པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ། མཁན་པོ་ཧུ་ཐོག་ཐུ་ངག་དབང་ཡེ་ཤེས་རྒྱ་མཚོ། སྐུ་ཞབས་པད་དཀར་འཛིན་པ་སོགས་མཚན་གྱི་རྣམ་གྲངས་སྣ་ཚོགས་པར་མངའ་བའི་མི་སྣ་འདི་ཉིད་ནི། དགའ་ལྡན་ཕོ་བྲང་གི་སྲི་དབང་གཡོ་འཁྱོམ་
པདྨ་ཚེ་བརྟན་ངོ་སྤྲོད་དང་སྐབས་དེའི་བོད་ཀྱི་རྩོམ་རིག་གི་གནས་བབ་སྐོར་ལ་རགས་ཙམ་དཔྱད་པ།
བོད་ཀྱི་རྩོམ་རིག་ལོ་རྒྱུས་ནི་གློ་བུར་དུ་བྱུང་བ་ཞིག་མིན་པར། གངས་ཀྱི་ཆུ་བོ་རིང་མོའི་བཞུར་རྒྱུན་ལྟར་མགོ་ཁུངས་གསལ་བའི་བྱུང་རབས་ཅན་ཞིག་ཡིན། དེའི་འབྱུང་ཁུངས་ནི་བོད་མིའི་འགྲོ་བ་ཐོག་མར་བྱུང་བ་ནས་བརྩི་དགོས་ཤིང་། སྐབས་དེའི་ངག་རྒྱུན་གྱི་གླུ་གཞས་སོགས་འཕེལ་འགྱུར་རིམ་པར་བྱུང་བའི་ངག་ཐོག་རྩོམ་རིག་ལ་ཐུག་ཡོད།
དཔལ་༧རྒྱལ་བ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང་འབྲེལ་བའི་གལ་གནད་འགའ་ཞིག་སྔོན་དུ་གླེང་པ།
དཔལ་༧རྒྱལ་བ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ནི། རྒྱལ་བ་ཀརྨ་པ་ཀར་རབས་བཅུ་པ་དེ་ཡིན་ཞིང་། སྐུ་རབས་འདི་ཉིད་བོད་ཀྱི་ལོ་རྒྱུས་ཁྲོད་ནས་ཆེས་སྙོགས་འཛིངས་ཆེ་བའི་དུས་མཚམས་ལ་འཁེལ་བའི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེ་ཞིག་ཡིན་ལ། མདོ་སྔགས་གསུང་རབ་དགོངས་འགྲེལ་ཙམ་དུ་མ་ཟད། བྲིས་འབུར་བཟོ་རིག་འདུ་བྱེད་ཕྱག་རྩལ་འབུར་དུ་ཐོན་པ་དང༌།










