ལོ་རྒྱུས།

ལོ་རྒྱུས།

ཧྥ་རན་སིར་འབྱོར་བའི་བོད་མི་སྔ་ཤོས་སྐོར་གྱི་བསྐྱར་ཞིབ།

ཕྱི་ལོ་ ༡༨༤༥ ལོར། ཧྥ་རན་སིའི་ཡེ་ཤུའི་ཆོས་སྤེལ་མཁན་ཨེ་བ་ཝེ་སི་ཊི་ཝེ་རྗི་སི་ཨོལ་ཁུ་(Évariste Régis Huc 1813-1860)དང་ཁོང་གི་ཆོས་གྲོགས་ཤིག །ད་དུང་སྐད་སྒྱུར་བ་བོད་མི་ཞིག་བཅས་མི་གསུམ་རྒྱ་ནག་དང་ནང་སོག་བརྒྱུད་དེ་མདོ་སྨད་སྐུ་འབུམ་དུ་འབྱོར། དེ་ནས་མི་རིང་བར་བོད་ཀྱི་རྒྱལ་ས་ལྷ་སར་སླེབས་ཐུབ་པ་བྱུང་སྟེ།

རོང་ཟོམ་ཆོས་ཀྱི་བཟང་པོའི་འཁྲུངས་འདས་ལོ་ཚིགས་ལ་བསྐྱར་དུ་དཔྱད་པ།

དཔྱད་རྩོམ་འདིའི་ནང་ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོའི་སྐུ་ཚེའི་ལོ་ཚིགས་གཏན་འབེབས་བྱེད་ཕྱོགས་ཐད་ཀྱི་དོགས་གནད་རྣམས་ལོ་རྒྱུས་ཡིག་ཆ་ཕན་ཚུན་གཏུགས་ཏེ་དཔྱད་ཞིབ་བྱས་ཡོད། ལྷག་པར་དུ་རོང་ཟོམ་པ་བྱིས་པའི་དུས་སུ་ཇོ་བོ་རྗེ་ཨ་ཏི་ཤ་དང་མཇལ་ཚུལ་གྱི་བྱུང་བ་དེ། ཁོང་གི་དངོས་སློབ་ཡོལ་

སྟོན་པ་གཤེན་རབ་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་ནམ།

གཡུང་དྲུང་བོན་གྱི་ལོ་རྒྱུས་ལྟར་ན། སྟོན་པ་གཤེན་རབ་ནི། བོན་གྱི་བསྟན་པའི་སྲོལ་འབྱེད་མཁན་གྱི་སྟོན་པ་ཞིག་ཡིན་པར་མ་ཟད། སངས་རྒྱས་ཆོས་ལུགས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ཇི་བཞིན། འོག་མིན་དུ་སངས་རྒྱས་ཏེ། མི་མཇེད་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་སྤྲུལ་པའི་སྐུའི་རྣམ་པར་བྱོན་པ་ཞིག་ཡིན་པར་བཤད། འོན་ཀྱང་།

ཆབ་མདོ་ཁ་རོ་གནའ་ཤུལ་གྱི་སྔོན་གྱི་མིང་དང་དེའི་དག་ཆ་གང་ཡིན་ལ་རགས་ཙམ་དཔྱད་པ།

འདིར་ཉེ་རབས་བོད་ཀྱི་རིག་གནས་དར་ནུབ་དང་འབྲེལ་བའི་ས་མིང་ཡུལ་མིང་གི་འཕེལ་འགྲིབ་ཀྱི་ཟུར་ངོས་འགའ་ཞིག་ནས་གླེང་བསླངས་ཏེ།  བོད་ཀྱི་རྡོ་ཆས་གསར་མའི་དུས་ཀྱི་གནའ་ཤུལ་གྲགས་ཅན་ཆབ་མདོ་ཁ་རོ་འདི་ལ། སྔོན་དུས་བོད་བཙན་པོའི་སྐབས་ཀྱི་ས་མིང་ངོ་མ་གང་ཡིན་སྐོར་ནས་དཔྱད་གླེང་ཅུང་ཟད་ཞུས་རྗེས།

གནའ་བོའི་སྤྱི་ཏི་ཡུལ་གྱི་ཞིང་ཁང་གི་ཐོབ་དབང་ལམ་ལུགས་ལ་དཔྱད་པ།

གནའ་བོའི་སྤྱི་ཏི་ཡུལ་གྱི་ཞིང་ཁང་ལམ་ལུགས་ནི། ཡུལ་གྱི་སྲོལ་ལུགས་སྤྱིར་བཏང་བ་ཞིག་གཏན་ནས་མིན་པར། རྒྱལ་དུས་སྐབས་སུ་དབང་བསྒྱུར་མངའ་ཁུལ་སོ་སོར་ཡུལ་གྱི་དགོས་མཁོ་དང་བསྟུན་ནས་ཁྲིམས་སུ་བཅོས་པ་ཞིག་ཡིན་པ་དང་། ཁྲིམས་དེའང་དབང་སྒྱུར་རྒྱལ་རྒྱུད་ཀྱི་ཁྲི་འཛིན་ལམ་སྲོལ་ལ་དཔེ་བལྟས་པར་མ་ཟད།

གོར་བོད་དམག་འཁྲུག་ཐེངས་དང་པོ་ (༡༧༨༨-༡༧༨༩) ལས་འཕྲོས་ཏེ་སྐབས་དེར་བཞག་པའི་གོར་བོད་ཆིངས་ཡིག་གི་སྐོར་ཐོག་མར་གླེང་བ།

རྩོམ་ཡིག་འདིའི་ནང་བོད་ཀྱི་ལོ་རྒྱུས་ཐོག་ཡོངས་སུ་གྲགས་ཤིང་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་བྱུང་བའི་གོར་བོད་དམག་འཁྲུག་ཐེངས་དང་པོའི་ (༡༧༨༨-༡༧༨༩) འབྱུང་རྐྱེན་ཁག་ཕྱོགས་ཡོངས་ནས་ཞིབ་འཇུག་དང་འབྲེལ་ཁ་གསལ་བཀོད་ཡོད་པ་དང་། སྐབས་དེའི་དམག་འཁྲུག་གི་སྔ་ཕྱི་བར་གསུམ་གྱི་གནས་ཚུལ་དག་

གནའ་རྫས་རྟོག་ཞིབ་ཀྱི་ལམ་ནས་མདོ་སྨད་ས་ཁུལ་གྱི་ལི་ཆས་དུས་སྐབས་སུ་གཏོགས་པའི་གདོད་མའི་རིག་གནས་ལ་ལྟ་བ།

དཔྱད་རྩོམ་འདིའི་ནང་དུ་རྨ་ཆུའི་ཉིན་སྲིབ་ཏུ་ཆགས་པའི་མདོ་སྨད་ས་ཁུལ་དུ་གདོད་མའི་ལི་ཆས་རིག་གནས་སུ་གཏོགས་པའི་གནའ་ཤུལ་སྔོག་འདོན་བྱས་པ་ཅི་རིགས་གཙོ་བོར་བཟུང་སྟེ། གནའ་ཤུལ་དེ་དག་ལས་ལག་སོན་བྱུང་བའི་གདོད་མའི་རིག་དངོས་རྣམས་དང་འབྲེལ་བའི་རྒྱལ་སྤྱིའི་དུས་དེབ་ཁག་ཏུ་ཆེད་མཁས་པ་རྣམས་ཀྱིས་

འདུལ་འགྲེལ་འཐད་ལྡན་རྩོམ་མཁན་ལ་ཐོག་མར་དཔྱད་པ་ཕྱོགས་ལྷུང་ཆུ་བོ་གྱེན་ལྡོག

བོད་དུ་ཆོས་བརྒྱུད་དག་ལས་རྙིང་མའི་རྗེས་ལ་བཀའ་གདམས་སྔ་སྙམ་པ་ནི། ཡོངས་ཀྱི་བསམ་པའི་འཁྱེར་སོ་ཡིན་མོད། འདུལ་བ་འཛིན་པའི་ཆོས་བརྒྱུད་ནི། ཇོ་བོ་བོད་དུ་བྱོན་པའི་སྔོན་གྱི་དྲུག་ཅུ་སྐོར་དེའི་ནང་དུ་རྒྱ་ཆེར་དར་བ་འགོས་ཀྱི་བཞེད་པ་ལྟར་ཤེས་དགོས། འདུལ་བ་འཛིན་པ་ནི་ཆོས་བརྒྱུད་གཞན་ཞིག་ཏུ་མི་འོས་སོ་སྙམ་པ་སྲིད་མོད། ལེགས་པར་བརྟགས་ན།

རྗེ་མར་པ་དང་གཉོས་འབྱུང་པོའི་བར་གྱི་འགལ་འབྲེལ་ཆེ་བ།

 གཉོས་ལོ་ཙཱ་བ་རྗེ་མར་པའི་ལམ་གྲོགས་དང་འབྲེལ་བ་ཡོད་པའི་སྐོར་ནི་《མར་པའི་མགུར་ཆེན་》ནང་དུ་གསལ་བར་མ་ཟད། རྗེ་མར་པའི་རྣམ་ཐར་ཁག་ཏུ་འགལ་འབྲེལ་གྱི་བྱུང་རིམ་རྣམས་མཐར་ཆགས་སུ་བཀོད་ཡོད། དཔའ་བོ་གཙུག་ལག་ཕྲེང་བ་ ༡༥༠༤ ༡༥༦༦ ཡང་། རྩ་བའི་ཆ་ནས་གཉོས་ལོ་དང་མར་པའི་བར་དུ་བྱུང་བའི་ལོ་རྒྱུས་ཀྱི་སྒྲོམ་གཞི།

ཕྱི་དར་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་བསླངས་པའི་སྐོར་ལ་དཔྱད་པ་ཅུང་ཟད་ཙམ་བྱས་པ།

དེ་ལ་ཡང་། 1ཚིག་འགྲེལ། འདིར་གཙོ་བོ་མེ་རོ་བསླངས་ཞེས་པ་འདིར་གོ་དོན་དམིགས་བསལ་ཞིག་ཡོད་པ། དེ་སྔོན་དཔེ་སྐྲུན་ཁང་གི་ལས་བྱེད་པ་སོགས་མཁས་པའི་གོ་སར་བཞུགས་པ་རེ་གཉིས་ཀྱིས་གོ་བ་མ་ལོངས་པར་བསྟན་པའི་མེ་རོ་ཞེས་པ་མི་རོ[1]་ཞེས་བྲིས་པ་བཅས་དཀའ་རྙོག་ངེས་ཅན་བྱུང་ཡོད་ཚོད་འདུག །དོན་དངོས་ཐོག་མེ་རོ་ཞེས་པ་ནི།
error: Content is protected !!