རྒྱལ་དབང་ལྔ་བ་དང་སླར་ཁོང་གིས་གཅིག་གྱུར་བྱས་པའི་བོད།
༧རྒྱལ་དབང་ལྔ་བ་ཆེན་མོ་སྐུ་བལྟམས་དུས་བོད་དེ་ཆབ་སྲིད་དང་། ཆོས་ལུགས། སྤྱི་ཚོགས་བཅས་གང་ཐད་ནས་ཟང་ཟིང་གི་གནས་སུ་ལྷུང་ཞིང་ཆབ་སྲིད་ཀྱི་དབང་ཆ་ནི་རང་གི་གྲུབ་མཐའ་ཁོ་ན་སྤེལ་བར་འདོད་པ་མ་ཟད། ད་དུང་རང་གི་དཔལ་འབྱོར་ནུས་པ་དང་ཆབ་སྲིད་དབང་ཤུགས་འཛུགས་པར་མོས་ཤིང་གྲུབ་མཐའ་སོ་སོས་རྒྱབ་སྐྱོར་བྱེད་ཀྱིན་པའི་ཚོ་བ་ཤོག་ཁག་ཚོས་བཟུང་ཡོད།
འདན་སྲས་ཟློས་གར་གྱི་དམག་ཆས་དང་བོད་དམག་གི་དམག་ཆས་བསྡུར་ཏེ་ཁྲབ་དར་ཟུར་གསུམ་སོགས་ཀྱི་འབྱུང་ཁུངས་ལ་དཔྱད་པ།
རིག་གནས་ཆུང་བ་ལྔ་ལས་ཟློས་གར་ནི་སྤྱི་ཚོགས་ཁྲོད་སྤྱོད་སྒོ་ཆེ་ཤོས་ཡིན་ཞིང་། ཡུལ་དུས་ལ་ངེས་པ་མེད་པར་ཕྱོགས་གང་སར་ཟློས་གར་གྱི་ཕྲིན་ལས་དར་ཁྱབ་ཆེ་ལ། བོད་ཀྱི་རིག་གནས་ཁྲོད་ཟློས་གར་ཆེན་མོ་བརྒྱད་ཅེས་པ་སོགས་གཙོ་ཆེར་མི་སྐྱ་རྣམས་ཀྱིས་འཁྲབས་པའི་ཟློས་གར་དང་། དེང་དུས་སུ་ཐོག་མར་གསེར་རྟ་བླ་རུང་སྒར་ནས་གསར་དུ་དར་བའི་
བོད་ཀྱི་ལོ་རྒྱུས་དཔེ་རྙིང་ལྡེའུ་ཆོས་འབྱུང་གཉིས་ཀྱི་ངོ་སྤྲོད་དང་དཔྱད་བསྡུར་གྱི་རགས་ཟིན།
བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དུས། ལོ་རྒྱུས་ཀྱི་ཡིག་ཆ་ཚད་ལྡན་དག་གམ་བོད་ཀྱི་ལོ་རྒྱུས་སྔ་ཤོས་དག་ལ་ཞིབ་འཇུག་བྱེད་རྒྱུ་དེ་ནི་ཞིབ་འཇུག་པ་དག་གིས་གཙོ་བོར་འཛིན་བཞིན་ཡོད་སྟབས། འདིར་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྙིང་ཤོས་ཀྱི་གྲས་སུ་འཛིན་བཞིན་པའི་ལྡེའུ་ཆོས་འབྱུང་གཉིས་ངོ་སྤྲོད་དང་དཔྱད་བསྡུར་ཐུང་ངུ་ཞིག་བྱེད་རྒྱུ་ཡིན།
དཔའ་བོ་གཙུག་ལག་ཕྲེང་བའི་རྣམ་ཐར་དང་། «ཆོས་འབྱུང་མཁས་པའི་དགའ་སྟོན» ད་དུང་ཁོང་གི་གསུང་རྩོམ་བཅས་ཀྱི་སྐོར་བཤད་པ།
ཉིན་ཤས་ཀྱི་སྔོན་ལ་ཧྥ་རན་སིའི་གཞུང་གིས་ཏོག་དབྱིབས་ན་ཚ་ལ་རྐྱེན་བྱས་ཏེ་ཁྱིམ་སྡོད་བཀའ་རྒྱ་བསྒྲགས་སྟབས། ཕྲན་གྱིས་དཔའ་བོ་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བས (༡༥༠༤ -༡༥༦༤ /༡༥༦༦) མཛད་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་བམ་པོ་ཁག་ལས་དོན་ཚན་ཁ་ཤས་ཞིབ་ཀློག་བྱེད་སྐབས། དཔའ་བོ་གཙུག་ལག་ཕྲེང་བའི་རྣམ་ཐར་དང་། ཆོས་འབྱུང་འདིའི་གནས་ཚུལ།
ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང«ལོ་རྒྱུས་ཆེན་མོ»ཡི་དཔྱད་གླེང་།
2018ལོའི་ཟླ་བ་10ཚེས་13ནས་14ཉིན་ཧྲན་ཞིའི་དགེ་འོས་སློབ་ཆེན་དུ་བསྐོངས་ཚོགས་བྱས་པའི་“བོད་རིག་པ་དང་ཧི་མ་ལ་ཡ་ཞིབ་འཇུག་སྐོར་གྱི་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་སྐབས་གཉིས་པ་”ཡི་ཐོག་ཏུ་ཁོ་བོས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་ཁོང་གིས་མཛད་པའི་《ལོ་རྒྱུས་ཆེན་མོ》ཡི་སྐོར་ལ་སྒྲོག་སྦྱངས་བྱས་པ་ཡིན།
བཙན་པོའི་རྡོ་བརྐོས་ཡི་གེ་དག་མ་ཡིན།
འདིར་ཐད་ཀར་བརྗོད་གཞིར་འཇུག་པར་བྱེད་པ་ལ། སྤྱི་ལོའི་དུས་རབས་དགུ་བའི་སྟོ ད་ཀྱི་ཆ་སྟེ་བོད་བཙན་པོའི་རྒྱལ་པོ་ཁྲི་གཙུག་ལྡེ་བཙན་དང་ཐང་གུར་རམ་ལི་ཐང་གི་རྒྱལ་པོ་མོའུ་ཙུང་རྣམ་གཉིས་ཀྱིས་བོད་ཐང་གི་ས་མཚམས་ཆུ་མཚམས་བཅད་པའི་རྡོ་རིང་ངམ་རྒྱལ་ས་འཕྲུལ་གྱི་གཙུག་ལག་ ཁང་གི་མདུན་དུ་བཞེངས་པའི་དབོན་ ཞང་མོལ་བའི་རྡོ་རིང་དུ་འབོད་པའི ཤར་ངོས་ཀྱི་བོད་ཡིག་ཏུ།
ཞང་ཞུང་ནས་རྙེད་པའི་ཞལ་འབག་སེར་པོ་དང་བོན་ལུགས་འདས་མཆོད་ཀྱི་ཆོ་གའི་རྟེན་ལྔ་སྐོར་གླེང་བ།
སྤྱི་ལོ2010ལོར་གུར་གྱིམ་དགོན་པའི་གྲྭ་བཙུན་རྣམས་པས་སྟེས་དབང་གིས་བང་སོ་ཞིག་གི་གཡས་གཡོན་དུ་ཉར་ཚགས་བྱས་པ་ཤིན་ཏུ་ལེགས་པའི་དར་གོས་ཤིག་རྙེད་པ་དང་། ད་དུང་བང་སོའི་ཉེ་འཁོར་དུ་རིག་དངོས་གཞན་དག་ཀྱང་རྙེད་པ་རེད། གསར་རྙེད་འདིས་གནའ་དཔྱད་མཁས་པ་ཚོའི་ཡིད་ངོར་འཆར་སྣང་སྣ་ཚོགས་བསྐྲུན།
ཡེར་ཁེན་དེ་སྡེ་པ་གཞུང་གི་ཁྱབ་ཁོངས་ཡིན་ནམ།
ཉེ་སྔོན་སྐད་འཕྲིན་ཚོགས་པ་ཞིག་ཏུ་ལ་དྭགས་དམག་འཁྲུག་ལས་འཕྲོས་ཏེ། རྒྱལ་བ་ལྔ་པའི་སྐབས་སུ་མངའ་རིས་སྐོར་གསུམ་མ་ཟད། ཡེར་ཁེན་[[1]]ཕྱོགས་ན་ཆབ་འབངས་མི་ཁྱིམ་ས་ཡ་གཉིས་ཙམ་ཡོད་སྐོར་དང་། ཕྱི་ལོ་2017 ལོར་སྲོང་བཙན་སྒམ་པོ་(617-50)དང་། ལྔ་པ་ཆེན་པོ་(1617-82)འཁྲུངས་ནས་ལོ་1400 དང་400 ཧྲིལ་པོ་འཁོར་བར་རྗེས་དྲན་བྱེད་རིན་ཡོད་པའི་སྐོར་ལས་འཕྲོས་ཏེ་ཡེར་ཁེན་སྐོར་བཤད་སྐབས་མགོ་བོ་གཡུག་མཁན་མང་པོ་བྱུང་བས།
«འཛམ་གླིང་རྒྱས་བཤད»དང་དེའི་རྩོམ་པ་པོའི་སྐོར་གླེང་བ།
ཁོ་བོས་འདིར་གླེང་བར་བྱ་བ་ནི། ཕྱི་ལོ་༢༠༠༢ལོར་ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི«མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསར་རྙེད་གསུང་རྩོམ»ཞེས་པའི་དེབ་ཏུ་བཅུག་པའི«འཛམ་གླིང་རྒྱས་བཤད»ཀྱི་སྐོར་ཡིན། སྤྱིར་མཁས་དབང་དགེ་འདུན་ཆོས་འཕེལ(༡༩༠༣-༡༩༥༡)གྱི་གསུང་རྩོམ་དང་བོད་དུ་སླེབས་པའི་ཡེ་ཤུའི་ཆོས་སྤེལ་མཁན་དག་གི་ལོ་རྒྱུས་ལ་རྒྱུས་མངའ་ཟུར་ཙམ་ཡོད་མཁན་ཞིག་ཡིན་ཚེ་
གནའ་བོའི་དར་ལམ་ཁྲོད་ཀྱི་བོད་ཀྱི་གླ་རྩི་དང་དེའི་ཚོང་ལམ་ལ་དཔྱད་པ།
སྤྱི་ལོའི་དུས་རབས་གསུམ་པ་ནས་བཟུང་གནའ་བོའི་བོད་ཀྱི་གླ་རྩི་ནི་དར་ལམ་བརྒྱུད་དེ་ཏ་ཟིག་གཙོ་བོར་གྱུར་པའི་ཁ་ཆེའི་ལུང་པ་དང་། ནུབ་ཕྱོགས་ཀྱི་ཚོང་རའི་ནང་དུ་དྲངས་པ་དེ་མི་རིགས་གཞན་གྱི་ལོ་རྒྱུས་དེབ་ཐེར་ནང་ཡོངས་གྲགས་སུ་གསལ་པོར་བཀོད་འདུག བོད་ཀྱི་གླ་རྩི་དེ་དག་ནི་ཏ་ཟིག་སོགས་ཨ་རབ་ཀྱི་ཡུལ་གྲུ་ཁག་ཏུ་ཆེས་ཕུལ་དུ་བྱུང་བའི་རྒྱས་སྤྲོས་དངོས་རྫས་ཤིག་དང་།