ནང་འཛུལ། / དེབ་སྐྱེལ།

ཡིག་མཛོད།

ཉེ་ཆར་གྱི་ཞིབ་འཇུག་རྩོམ་ཡིག

དཔེ་ཀློག་ནི་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཚུལ་རགས་ཙམ་གླེང་བ།

《སློབ་གསོ་རིག་པའི་རྣམ་བཞག》ལྟར་ན། སློབ་གསོ་ཟེར་བ་འདི་ལ་གདོད་མའི་སྤྱི་ཚོགས་དུས་ཀྱི་སློབ་གསོ་དང་། བྲན་གཡོག་སྤྱི་ཚོགས་སྐབས་ཀྱི་སློབ་གསོ། བཀས་བཀོད་རྒྱུད་འཛིན་སྐབས་ཀྱི་སློབ་གསོ་དང་། མ་རྩ་རིང་ལུགས་དང། སྤྱི་ཚོགས་རིང་ལུགས་སྐབས་ཀྱི་སློབ་གསོ་བཅས་ལྔ་རུ་དབྱེ་ཆོག །ཅེས་བརྗོད་ཡོད།

ནང་པའི་ཚད་གཞུང་ལེའུའི་གོ་རིམ་འཇོག་ཚུལ་ལ་དཔྱད་པ།

གནའ་བོའི་རྒྱ་གར་ནང་རྩོད་པའི་རིག་པའམ། གཏན་ཚིགས་རིག་པའམ། རྟོག་གེའི་རིག་པའམ། རིགས་པའམ། ཚད་མ་རིག་པའམ་ཚད་མ་ཞེས་པ་དུས་ནམ་ཞིག་ནས་འགོ་འཛུགས་མིན་ཐད་བརྗོད་རྒྱུ་ཤིན་ཏུ་དཀའ་བའི་གནས་སུ་མཆིས། འོན་ཀྱང་ཕྱི་ནང་གི་སློབ་དཔོན་དང་དེ་དག་གིས་བརྩམས་པའི་གཞུང་རྣམས་སྔ་ཕྱི་གུང་བསྒྲིགས་ན་འདི་ལྟ་སྟེ།

ཤར་ཕྱོགས་པའི་ཟློས་གར་རྩོམ་རིག་གི་ཐུན་མིན་ཁྱད་ཆོས་སྐོར་གསར་དུ་དཔྱད་པ།

བདག་གི་དཔྱད་རྩོམ་འདི་ལ་དམིགས་པ་གཉིས་ཏེ། རང་ཅག་མི་རབས་རྗེས་མས་བློ་སེམས་གཅིག་ལ་སྤུང་ནས་མི་རིགས་སོ་སོའི་རིག་གནས་ངོ་མ་དེ་རྒྱུན་འཛིན་དང་གཅེས་སྐྱོང་ངེས་པར་དུ་སྣང་དགོས་པ་ལས་སྣང་མེད་དུ་གཏོང་མི་རུང་བའི་སྐུལ་མ་དང་།  གཉིས་ནས་བདག་གི་དཔྱད་རྩོམ་འདིའི་ནང་བརྗོད་པར་འདོད་པའི་

སྐྱེས་རབས་སོ་བཞིའི་མཛད་པ་པོ་དང་བསྟན་བཅོས་འདི་མཛད་པའི་དགོས་དམིགས་ཐད་བོད་ཀྱི་མཁས་པ་རྣམས་ཀྱི་བཞེད་ཚུལ་ཅི་ཡིན་མདོར་ཙམ་དཔྱད་པ།

དཔྱད་རྩོམ་འདིར་བོད་ཀྱི་མཁས་པ་རྣམས་ལ་སྐྱེས་རབས་སོ་བཞིའམ་སྐྱེས་པ་རབས་ཀྱི་བརྒྱུད་ཅེས་པའི་བསྟན་བཅོས་འདི་ཉིད་ཀྱི་རྩོམ་པ་པོའི་སྐོར་ནས་སློབ་དཔོན་དཔའ་བོ་དང་སློབ་དཔོན་རྟ་དབྱངས་གཉིས་གང་ཟག་ཅིག་ཏུ་བཞེད་དེ། མཛད་པ་པོ་ཁོང་ཉིད་ཡིན་པ་དང་

བོད་བཙན་པོའི་རྒྱལ་རབས་དང་རྒྱ་ནག་ཐང་གུར་རྒྱལ་རབས་གཉིས་བར་གྱི་ཆིང་ཧྲུའེ་མཇལ་དུམ་ལ་རོབ་ཙམ་དཔྱད་པ།

དེ་ཡང་བོད་བཙན་པོའི་རྒྱལ་རབས་ནི་རྒྱ་ནག་གི་ཐང་གུར་རྒྱལ་རབས་(唐朝)དང་དུས་མཉམ་པ་ཞིག་སྟེ། རྒྱའི་《ཐང་ཡིག་གསར་མ་》ལས། “དུས་མཇུག་ཏུ་བོད་དང་ལི་ཡུལ་གཉིས་ཀ་རང་ས་ནས་འཇིག་པ་ན། ཐང་ཡང་ཉམས་ཤིང་རྒུད་པར་གྱུར།( 晚節二姓自亡,而唐亦衰焉。)”[1]ཞེས་འབྱུང་ལ།

ཚེ་སྲོག་གི་གཤེད་མའི་ནད་ཡམས།

འཇིག་རྟེན་འདིར་འགྲོ་བ་མི་ཆགས་ནས་ནད་ཀྱི་འཇིགས་པ་གྲངས་ལས་འདས་པ་བྱུང་ཡོད་ཅིང་། ལྷག་ཏུ་འགྲོ་བ་མིས་འཚོ་གནས་ཀྱི་དགོས་མཁོ་ལས་བརྒལ་ནས་རང་བྱུང་ཁམས་ལ་གཏོར་བརླག་དང་། དུད་འགྲོ་ཚད་ལས་བརྒལ་བའི་སྲོག་བཅད་པའི་འབྲས་བུར་བསམ་ཡིད་ལས་འདས་པའི་ནད་ཡམས་བྱུང་དང་འབྱུང་བཞིན་ཡོད། 

ཐབ་ཚང་ནང་ནས་པཎྜི་ཏ་པདྨ་སཾ་བྷ་ཝའི་མཛད་རྗེས་འཚོལ་བ།

དེ་ཡང་བོད་ཡུལ་དུ་པཎྜི་ཏ་པདྨ་སཾ་བྷ་ཝས་བོད་ཀྱི་ལོ་ཙཱ་བ་སྔ་ཕྱི་ཀུན་དང་མཉམ་དུ་བསྒྱུར་བ་ཆོས་ཚན་བརྒྱ་དང་བཞི། ལོ་པཎ་གཉིས་ཀ་གཅིག་ལྕོགས་གནང་ནས་སྒྲ་རང་བསྒྱུར་གནང་བ་ཆོས་ཚན་ཉེར་བདུན། ཁོང་གི་ལྗགས་རྩོམ་ཆོས་ཚན་སོ་བཞི་བཅས་ཁྱོན་ཆོས་ཚན་བརྒྱ་དང་རེ་ལྔ་ཡོད་པ་རྣམས། ལོ་སྔ་མ་ཤིང་འབྲུག་ལོ་སར་སྐབས་

གྲུབ་པའི་དབང་ཕྱུག་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་རྩ་ཊཱིཀྐ་དཔག་བསམ་ལྗོན་ཤིང་ལས་འཕྲོས་པའི་ཆོས་རྗེ་གུང་རུ་རྒྱན་བཟང་པའི་ལྟ་གྲུབ་གླེང་བ།

དཔྱད་རྩོམ་འདིའི་ནང་། པཎ་ཆེན་བསོད་ནམས་གྲགས་པ་དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་ཀྱིས་ཆོས་རྗེ་གུང་རུ་རྒྱལ་མཚན་བཟང་པོས། རྗེ་རིན་པོ་ཆེའི་དབུ་མའི་ཊཱིཀ་ཆེན་གཉིས་ཀྱི་གསུང་ལས་བརྒལ་བའི་གྲུབ་མཐའ་གཅིག་གཉིས་མཛད་ཡོད་པར་གསུངས་པ་དང་། ཡང་། ལྟ་བའི་སྐོར་སོགས་ལ་རྗེའི་གསུང་དང་མི་མཐུན་པ་འགའ་ཞིག་

ཚད་རྡུལ་གློག་ཀླད་ཀྱི་འཕེལ་རྒྱས་དང་མ་འོངས་པ།

ད་ལྟའི་དུས་རབས་འདི་ལ་གློག་རྡུལ་དུས་རབས་ཞེས་འབོད་པ་ལྟར་གློག་རྡུལ་གྱི་འཇིག་རྟེན་ཞིག་ཏུ་ང་ཚོའི་འཚོ་བ་དང་ལས་དོན་ཡོངས་རྫོགས་འཕོ་འགྱུར་འགྲོ་བཞིན་ཡོད། དེ་ནི་ཁྱེད་ཀྱིས་རང་ཉིད་འདོད་པ་ཡོད་མེད་ལ་མ་ལྟོས་པར་འཇིག་རྟེན་གྱི་འགྱུར་བ་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱ་རྒྱུ་གལ་ཆེ་ཞིང་། དེའི་སྐོར་ལ་དོ་སྣང་ཙམ་ཞིག་ཡིན་ཡང་

ཨི་ལྡན་གྱི་ཕྲད་བྱ་བའི་ཚིག་གྲོགས་སུ་འཇུག་ཚུལ་ལ་དཔྱད་པ།

དེང་འདིར་བོད་ཡིག་གི་ཀ་ངོ་ར་ངོ་ཤེས་ཙམ་ནས་བོད་ཀྱི་ཕ་སྐད་མ་ཡིག་གི་རྩོམ་པ་པོའི་བར་གྱི་གྲངས་འབོར་ནི། སྔོན་ཆད་ལས་ལྡབ་འགྱུར་མང་དུ་སོང་ཡོད་པ་སྨོས་མེད་ཐོག ཡུལ་སྲོལ་དང་གོམས་གཤིས་མི་འདྲ་བ། རྒྱལ་ཁབ་དང་མི་རིགས་མི་གཅིག་པའི་ཡུལ་གྲུ་ཁག་ཏུའང་བོད་ཡིག་བོད་སྐད་ཤེས་མཁན་དང་སྦྱོང་མཁན་ཇེ་མང་ནས་ཇེ་མང་རེད།

དགེ་རྒན་ཆེན་མོ་ཊུ་རེལ་ཝའེ་ལེ་མཆོག་གིས་གཏན་འབེབས་གནང་བའི་བོད་ཡིག་གཅིག་གྱུར་གྱི་སྒྲ་འབེབ་བྱེད་ཚུལ།

བོད་ཀྱི་སྐད་ཡིག་རོ་མན་གྱི་ཡི་གེར་སྒྲ་ཕབ་བྱས་པ་ལས་ལྷག་པའི་མཁས་པའི་རང་དབང་གི་རྣམ་དཔྱོད་རྩལ་ལས་ཐོན་པའི་བདེན་དཔང་གཞན་ཞིག་ཕལ་ཆེར་ཡོད་མི་སྲིད། སྤར་སྐྲུན་བྱས་ཟིན་པའི་བོད་རིག་པའི་མཁས་དབང་བཅུ་གཉིས་ཀྱི་སྒྲ་ཕབ་བྱེད་ཚུལ་མི་འདྲ་བ་བཅུ་གཉིས་ཀྱི་བརྩམས་ཆོས་ལ་གཞིགས་ན། བསྐུང་རྟགས་(apostrophes) དང་

ལམ་ལྔའི་ཐ་སྙད་ཀྱི་འཕེལ་རིམ་སྐོར་གསར་དུ་དཔྱད་པ།

ནང་པའི་རིག་གཞུང་མང་པོའི་ནང་དུ་ད་ལྟ་ཡོངས་གྲགས་སུ་ཐར་བ་ཐོབ་བྱེད་ཀྱི་ལམ་ལྔ་ཞེས་བགྲང་བཞིན་པ་ནི། “ཚོགས་ལམ། སྦྱོར་ལམ།  མཐོང་ལམ། བསྒོམ་ལམ། མི་སློབ་པའི་ལམ་”སྟེ་ལམ་རྣམ་པ་ལྔ་པོ་འདི་དག་ཡིན་པ་ནི་ཚང་མས་ཤེས་གསལ་ལྟར་རེད་ལ།  དེ་དག་གི་ཐ་སྙད་ཀྱི་འཕེལ་རིམ་ཅུང་ཟད་ཅིག་གླེང་བ་ལ།  ཐོག་མར་ནང་པའི་སྡེ་སྣོད་སྔ་ཤོས་

ཨོ་སི་ཊོ་ལི་ཡའི་ནང་འགན་འཁུར་བའི་སྒོ་ནས་ཞིབ་འཇུག་བྱེད་ཚུལ་གྱི་སྒྲིག་གཞི། ༢༠༡༨

ན་ཆད་བོད་ནང་གི་མཁས་པ་རྒན་པ་ཞིག་གིས་སྒྲིག་འཛུགས་ཟེར་བ་འདི་ཧ་ཅང་གལ་ཆེ་ཚུལ་གསུང་མྱོང་བ་དང་། རང་ཉིད་ཀྱིས་ནུབ་ཕྱོགས་སུ་མི་ལོ་ཉི་ཤུ་ཙམ་བསྐྱལ་བའི་རིང་སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་ལ་མཚོན་ན། ཆབ་དཔལ་རིག་གནས་གང་ཅིའི་ཐད་སྒྲིག་འཛུགས་བརྟན་པོ་ཞིག་དགོས་པའི་ངེས་ཤེས་ཟབ་མོ་ཐོབ། རིག་གནས་པའི་སྒྲིག་འཛུགས་ལ་མཚོན་ན་

མཆན་བུ་གསར་ཤོས།

Alert! You can not copy the content of this page.